Wikipedia bowiki https://bo.wikipedia.org/wiki/%E0%BD%82%E0%BD%99%E0%BD%BC%E0%BC%8B%E0%BD%84%E0%BD%BC%E0%BD%A6%E0%BC%8D MediaWiki 1.46.0-wmf.22 first-letter མི་ཌི་ཡ་། དམིགས་བསལ། བགྲོ་གླེང་། སྤྱོད་མཁན། སྤྱོད་མཁན་གྱི་ བགྲོ་གླེང་། Wikipedia Wikipedia བགྲོ་གླེང་། ཡིག་ཆ། ཡིག་ཆའི་ བགྲོ་གླེང་། མི་ཌི་ཡ་ཝི་ཀི། མི་ཌི་ཡ་ཝི་ཀིའི་ བགྲོ་གླེང་། དཔེ་པང་། དཔེ་པང་གི་ བགྲོ་གླེང་། རམ་འདེགས། རམ་འདེགས་ཀྱི་ བགྲོ་གླེང་། རིགས་དབྱེ། རིགས་དབྱེའི་ བགྲོ་གླེང་། TimedText TimedText talk Module Module talk Event Event talk བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་ཝི་ཀི་ལས་གཞི། 0 25460 160598 158179 2026-04-04T20:43:20Z Pecha-Tsewang 32535 /* སྤྱི་ཚོགས་འབྲེལ་ལམ་དང་ལས་དོན་དྲིལ་བསྒྲགས། */ 160598 wikitext text/x-wiki [[metawiki:Buddhist_Knowledge_from_Tibetan_Sources_Project|See English page here.]] == བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་ཝི་ཀི་ལས་གཞི། == བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་ཝི་ཀི་ལས་གཞི་ནི་འཕྲུལ་ལས་རིག་པའི་ཐབས་ལམ་བརྒྱུད་བོད་བརྒྱུད་ནང་བསྟན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་གྱི་ཆེད་ཚང་མས་མཉམ་འབྲེལ་གྱིསའབད་བརྩོན་བྱེད་སའི་མཉམ་ལས་དྲ་རྒྱ་འབྲེལ་ལམ་ཞིག་ཡིན། ལྷག་པར་དུ་ཝི་ཀི་མི་ཌི་ཡའི་ལས་གཞི་གཙོ་བོར་གཞིར་བཟུང་ནས་ཝི་ཀི་རིག་མཛོད་དང་། ཝི་ཀི་མ་ཡིག ཝི་ཀི་ཚིག་མཛོད། ཝི་ཀི་གྲངས་ཐོ་སོགས་ལ་དམིགས་ནས་ལས་གཞི་སྒྲུབས་པ་ཡིན། == སྙིང་བསྡུས། == མཉམ་ལས་དྲ་རྒྱ་འབྲེལ་ལམ་འདིའི་སྟེང་དུ་ས་ཕྱོགས་གང་སར་གནས་པའི་ནང་ཆོས་ཉམས་ཞིབ་པ་དང་། ལོ་ཙཱ་བ། དྲ་ཐོག་རིག་གནས་སྲུང་སྐྱོབ་པ། ནང་ཆོས་ཉམས་ལེན་པ་བཅས་ཀྱིས་མཉམའབྲེལ་གྱིས་དྲ་ལམ་ནང་ཡོད་པའི་ནང་པའི་ལྟ་གྲུབ་དང་། མཁས་པ་དམ་པ་རྣམས་ཀྱི་མཛད་པ། ནང་ཆོས་ཀྱི་གཞུང་ལུགས་བཅས་བོད་བརྒྱུད་ནང་བསྟན་གྱི་རིག་གནས་དང་བོད་ཀྱི་སྐད་ཡིག་ཐོག་གི་བརྗོད་བྱ་རྣམས་རྒྱ་ཆེར་སྤེལ་བ་དང་། ཁ་གསལ་ཁུང་ལྡན་ཡོང་ཕྱིར་ལས་གཞི་སྒྲུབ་བཞིན་ཡོད། == ལས་འཆར་དང་ཐབས་ལམ། == དྲ་རྒྱ་འབྲེལ་ལམ་འདིས་དྲ་བའི་ནང་ཡོད་པའི་བོད་ཀྱི་ནང་ཆོས་ཀྱི་གཞུང་སྐོར་གྱི་བརྗོད་པ་རྣམས་ཞིབ་ཞིང་རྒྱས་པ་དང་ཁུངས་ལྡན་ཞིག་སྐྲུན་ཐབས་བྱེད་པ་དང་། རིག་མཛོད་འབྲེལ་བའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བར་འབད་བརྩོན་བྱེད་ཀྱི་ཡོད། ཞུ་དག་ཡོངས་རྫོགས་ཝི་ཀི་མ་ཡིག་ནང་གསལ་བའི་དཔེ་སྐྲུན་ཡིག་ཆ་རྣམས་གཙོ་བོར་གཞི་བཅོལ་ནས་དཔྱད་ཞིབ་ཀྱི་ནོར་འཁྲུལ་མེད་པ་དང་ཁུངས་ལྡན་ཞིག་བཟོ་བཞིན་ཡོད། མཉམ་ལས་ཀྱི་ཐབས་ལམ་འདིས་སྔ་རབས་ཀྱི་ནང་ཆོས་མཁས་པའི་རིག་གཞུང་དང་དེང་རབས་ཀྱི་དྲ་ཐོག་རིག་གནས་སྲུང་སྐྱོབ་ཀྱི་ཐབས་ལམ་གཉིས་མཐུན་སྦྱོར་བྱས་ཏེ། ཁུངས་ལྡན་གྱི་ཤེས་བྱ་འགྲེམས་སྤེལ་བྱེད་བཞིན་པ་དང་། རིག་མཛོད་ཀྱི་ལས་གཞི་ནང་གསལ་བའི་བརྗོད་བྱ་རྣམས་མཁས་པའི་ཁུངས་ལྡན་ཚད་ལྡན་གྱི་གཏན་ཚིགས་མཐོ་ཤོས་འདི་སྐྲུན་བཞིན་ཡོད།། == ལས་གཞིའི་ཁྱབ་ཁོངས། == === ལས་འཆར་འདིའི་ལས་དོན། === * ཝི་ཀི་མ་ཡིག་གོང་འཕེལ། བོད་ཡིག་ཐོག་ཡོད་པའི་ནང་ཆོས་ཀྱི་གཞུང་འགྲེལ་རྣམས་ཀྱི་ཞུ་དག་ཞིབ་ནན་གྱིས་ཁ་གསལ་བཟོ་སྐྲུན་དང་། རིག་ནུས་ཡིག་སྒྱུར་དང་མཉམ་སྒྲིག * '''ཝི་ཀི་རིག་མཛོད་གསར་སྐྲུན།''' ནང་ཆོས་ཀྱི་ལྟ་གྲུབ། ཐ་སྙད། མཁས་པ་དམ་པ་རྣམས་ཀྱི་མཛད་པ། བོད་བརྒྱུད་ནང་བསྟན་གྱི་རིག་གནས་དང་བོད་ཡིག་ཐོག་གི་བརྗོད་བྱ་རྣམས་རྒྱ་ཆེར་སྤེལ་བ། * ཝི་ཀི་གྲངས་ཐོ་མཐུན་སྒྲིག ནང་ཆོས་ཀྱི་ཁྱད་ཆོས། ལྟ་ཚུལ། དེ་དང་འབྲེལ་བ་སོགས་གྲངས་ཐོ་ཁྲོད་ཀྱི་གཞི་གྲངས་གསར་སྐྲུན་བྱེད་པ། * ཡིག་ཆའི་ཁུངས་བཙན་པ། ཞུ་དག་ཚང་མ་བོད་ཀྱི་དཔེ་སྐྲུན་ཡིག་ཆ་ཁུངས་ལྡན་ལས་ངོས་འཛིན་ཐུབ་པ་བྱེད་དགོས། === ཞུ་དག་མི་གཏོང་བའི་ཁྱབ་ཁོངས། === * ཆབ་སྲིད་ཀྱི་གནད་དོན།། == ཐབས་ལམ། == ལས་གཞི་ཡོངས་རྫོགས་ཀྱི་ཞིབ་འཇུག་རྒྱུ་མཚན་ཁུངས་ལྟན་དང་གོ་རིམ་བཞིན་སྒྲུབ་རྒྱུ་དང་། ཞུ་དག་རེ་རེ་ཝི་ཀི་མ་ཡིག་གི་དཔེ་སྐྲུན་ཡིག་ཆའི་ཞིབ་འཇུག་དང་མཐུན་པ། ཡིག་ཆའི་ཁུངས་ནི་བོད་ཡིག་ཐོག་ཡིན་པ་དང་། བོད་ཡིག་ཝི་ཀི་རིག་མཛོད་ཀྱི་རྩོམ་རྣམས་ཡིག་ཆ་དེ་དག་དང་དེའི་རིག་ནུས་ཡིག་སྒྱུར་ལས་གྲུབ་པ་ཡིན། ཐབས་ལམ་འདིས་ཝི་ཀི་རིག་མཛོད་ཐོག་གི་ནང་ཆོས་ཤེས་བྱ་རྣམས་རྒྱ་སྐྱེད་གཏང་རྒྱུ་དང། རིག་མཛོད་ཀྱི་ཡིག་ཆ་དེ་དག་ཁུངས་ལྡན་དང་ཕྱོགས་རིས་མེད་པའི་ངང་དབུ་མའི་ལྟ་ཚུལ་གྱི་ཚད་གཞི་ལྡན་པ་དེ་སྲུང་སྐྱོབ་བྱས་ཏེ་བོད་ཀྱི་ནང་ཆོས་ཀྱི་གཞུང་དངོས་ཀྱི་ངོ་བོ་ཉར་ཚགས་བྱེད་ཀྱི་ཡོད། འབྲེལ་ལམ་འདིས་མཉམ་ལས་ཀྱི་ཞུ་དག་དང་། གྲུབ་འབྲས་ཞིབ་བརྗོད། ད་ལྟ་ཡོད་པའི་ཝི་ཀི་རིག་མཛོད་ཞུ་དག་གི་ཚོགས་པ་དང་མཐུན་སྒྲིག་བྱེད་པར་གལ་ཆེན་པོ་བརྩི་ཞིང་། དེས་ནང་ཆོས་ཤེས་བྱ་རིག་མཛོད་ཆེན་པོའི་ལས་འཆར་ནང་སྒྲིག་འཛུགས་ཀྱི་ལེགས་པོ་ཡོང་ཐབས་བྱེད་ཀྱི་ཡོད། == དམིགས་ཡུལ། == ལས་གཞི་འདིའི་དམིགས་པ་ནི། དྲ་ཐོག་ནང་ཡོད་པའི་ཡངས་དག་པའི་ནང་ཆོས་ཀྱི་ཤེས་བྱ་རྣམས་རྒྱ་ཆེར་ གཏོང་བ་དང་། ཤེས་བྱ་འདི་དག་འཛམ་གླིང་ཡོངས་ལ་ཐོབ་སླ་བ་བཟོ་བ། དེ་བཞིན་དུ་མཁས་པ་དམ་པ་རྣམས་ཀྱི་མཛད་པ་དང་གདམས་ངག་རྣམས་ཡངས་དག་ཚད་ལྡན་ངང་ཉར་ཚགས་བྱེད་རྒྱུ་དེ་ཡིན། ཁུངས་ལྡན་ཞུ་དག་ལ་གཙོ་བོར་གཞི་བཟུང་བའི་སྒོ་ནས། རིག་མཛོད་ཆེན་མོའི་ནང་ཆོས་ཀྱི་བརྗོད་བྱ་རྣམས་ཁུངས་བཙན་དང་ ངོས་འཛིན་ཐུབ་པ་ཡོང་ཕྱིར་རོགས་རམ་བྱེད་ཀྱི་ཡོད། མཉམ་ལས་ཀྱི་ལས་གཞི་འདིས་སྐབས་བབས་ཀྱི་དགོས་མཁོ་དང་མ་འོངས་པའི་ཆེད་ཤེས་བྱ་དེ་དག་ཉར་ཚགས་བྱེད་རྒྱུར་ཕན་ཐོགས་བྱེད་ཀྱི་ཡོད་མ་ཟད། མ་འོངས་པའི་ནང་ཆོས་ཉམས་ཞིབ་པ་དང་ཉམས་ལེན་པ་ཚོར་ཡང་ཕན་ཐོགས་བྱེད་ཀྱི་ཡོད་པ་རེད། == ཞུ་དག་པའི་ཆ་ཚང་། == འབྲེལ་ལམ་འདིས་ནང་ཆོས་ཤེས་བྱ་རིག་མཛོད་ཐོག་ཞུན་དག་སྤེལ་རྒྱུའི་མཁན་པོའི་གོ་གནས་ཅན་གྱི་ནང་ཆོས་ཉམས་ཞིབ་པ་དང་། ལོ་ཙཱ་བ། དྲ་ཐོག་རིག་གནས་སྲུང་སྐྱོབ་པ་བཅས་ལ་མཉམ་ལས་ཀྱི་དགའ་བསུ་ཞུ་ཞིང་། ཞུན་དག་པ་ཡོངས་རྫོགས་ཀྱིས་ཝི་ཀི་རིག་མཛོད་ཀྱི་གཏན་འཁེལ་ཁྲིམས་སྲོལ་དང་ཚོགས་པའི་གཞི་རྩའི་ཁྲིམས་སྲོལ་ཁྲོད་ལས་གཞི་སྒྲུབ་ཀྱི་ཡོད།། == ཁྲིམས་སྲོལ། == === ཁུངས་འཚོལ་གྱི་གཏན་ཚིགས། === ཞུན་དག་ཚང་མ་ལྡན་པའི་ཁུངས་འདི་དག་གིས་རྒྱབ་སྐྱོར་བྱེད་དགོས། ཝི་ཀི་མ་ཡིག་ནང་གསལ་བའི་བོད་ཡིག་གི་ཡིག་ཆའི་ཁུངས་ (དང་པོར་ཡིག་ཆ་དངོས་ལ་ཁྱད་དབང་) ནང་ཆོས་ཉམས་ཞིབ་ཀྱི་ཁུངས་ལྡན་ཤེས་བྱའི་ཐོན་ཁུངས། སྔ་རབས་ཀྱི་མཁས་པའི་རྩ་འགྲེལ་དང་གཏན་འཛིན་གཞུང་ལུགས། དཔྱད་ཡིག་ཞིབ་བརྗོད་ཅན་གྱི་དཔེ་སྐྲུན་ཁྲོད་བོད་ཡིག་གི་ཡིག་ཆའི་ཁུངས་ངེས་པར་དྲངས་པ། ནང་དོན་གྱི་གཏན་ཚིགས། གླེང་གཞི་ཡོངས་ལ་ལྟ་སྟངས་མཐུན་པོ བཟུང་དགོས། ངོས་འཛིན་ཐུབ་པའི་གཏན་ཚིགས ཞིབ་ཚགས་ལྟར་བསྟུན་དགོས། ནང་དོན་ཤེས་བྱ་མཛོད་ཆེན་པོའི་ཁོངས་སུ་འོས་པ་ཡིན་དགོས། མཁས་པའི་ཁུངས་ལྡན་ལ་གཏན་ནས་མི་ཉམས་པར་ཚིག་གྲུབ་གསལ་པོ་བེད་སྤྱོད་བྱེད་དགོས། == ལས་གཞིའི་ནང་མཉམ་ཞུགས་གནང་མཁན། == # [[User:Pecha-Tsewang|Pecha-Tsewang]] # [[User:Pecha-Gade|Pecha-Gade]] # [[User:Rekong Rabten|Rekong Rabten]] # [[User:Pecha-Alalamo|Pecha-Alalamo]] # [[User:Pecha-G.Dhargyal|Pecha-G.Dhargyal]] # [[User:Pecha-Choedup|Pecha-Choedup]] # [[User:Jangchup Dorjee|Jangchup Dorjee]] # [[User:kalsumsingmo|kalsumsingmo]] # [[User:Tsethar Dolma|Tsethar Dolma]] # [[User:Pecha-lhujam gyal|Pecha-lhujam gyal]] # [[User:Pecha-Jampa Tennor|Pecha-Jampa Tennor]] # [[User:Sonam gyal|Sonam gyal]] # [[User:Gelek Gyatso W|Gelek Gyatso W]] # [[User:Jamthup23|Jamthup23]] # [[User:Gelek Gyatso|Gelek Gyatso]] # [[User:Gartsering|Gartsering]] # [[User:སྤྲིན་དཀར།|སྤྲིན་དཀར།]] # [[User:Thoesam|Thoesam]] # [[User:Kaldan007|Kaldan007]] # [[User:Manjushrimitra|Manjushrimitra]] # [[User:Pecha-Dhondup|Pecha-Dhondup]] # [[User:Pecha-pema|Pecha-pema]] # [[User:Kunchok Gawa|Kunchok Gawa]] # [[User:Pecha tenzin|Pecha tenzin]] # [[User:Pecha-Jampa Tennor|Ten Jampa Gonpo]] # # # # # # # # # === ཇི་ལྟར་ཚུད་པ། === ལས་འཆར་འདིར་ཞུ་དག་པར་ཚུད་ཐབས། * རང་གི་སྤྱོད་མིང་ཞུན་དག་པའི་ཐོ་བྱང་སྟེང་དུ་ཁ་སྣོན་བྱོས། * [[བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་ཝི་ཀི་ལས་གཞི།]] རང་གི་སྤྱོད་ཤོག་སྟེང་དུ་ཁ་སྣོན་བྱོས། * ཁྲིམས་སྲོལ་དང་ལས་གཞིའི་ཁྱབ་ཁོངས་གོང་དུ་གསལ་བ་ཞིབ་བརྗོད་བྱོས། == འཚོལ་ཆས། == === དཔེ་པང་། === (ཉེ་ཆར་འགྲེམས་སྤེལ་བྱེད་ངེས།) == དཀར་ཆག == [[:Category:བོད་ཀྱི་ནང་པའི་བརྡ་སྤྲོད་རིག་པ།]] [[:Category:བོད་ཀྱི་ནང་པའི་རིགས་པ་རིག་པ།]] [[:Category:བོད་ཀྱི་ནང་པའི་གསོ་རིག]] [[:Category:བོད་ཀྱི་ནང་པའི་ལག་རྩལ་དང་འཕྲུལ་རིག]] [[:Category:བོད་ཀྱི་ནང་པའི་ནང་རིག་རིག་པ།]] [[:Category:བོད་ཀྱི་ནང་པའི་མིང་གཅིག་གི་དོན་མི་འདྲ་བ།]] [[:Category:བོད་ཀྱི་ནང་པའི་རྩིས་རིག་དང་སྐར་རྩིས།]] [[:Category:བོད་ཀྱི་ནང་པའི་ཟློས་གར།]] [[:Category:བོད་ཀྱི་ནང་པའི་སྙན་ངག]] [[:Category:བོད་ཀྱི་ནང་པའི་རྩོམ་རིག]] == གྲུབ་འབྲས་ཞིབ་བརྗོད། == (ཉེ་ཆར་འགྲེམས་སྤེལ་བྱེད་ངེས།) == མཉམ་འབྲེལ། == === གླེང་མོལ། === (ཉེ་ཆར་འགྲེམས་སྤེལ་བྱེད་ངེས།) == འབྲེལ་ཡོད་ཤོག་ངོས། == '''Community Discussion:''' ** [https://t.me/+MkCMg70Cz-hiZGRl Official Telegram Channel] ** [https://discord.gg/vw2NVgAq OpenPecha Discord Server] '''Project Management & Planning:''' ** [https://github.com/orgs/OpenPecha/projects/118/views/4 Public GitHub Project Board] ** [https://calendar.google.com/calendar/u/0?cid=Y184N2JlN2U5YTAwMjZiOGY4OWI0NmI4ZWZmYWExZWJlMzU4NjQ4MDA1MjdiYWQxZjYxMTRiNjcyYzBmYzQzMWI5QGdyb3VwLmNhbGVuZGFyLmdvb2dsZS5jb20 Public Project Calendar] '''Documentation & Resources:''' ** [https://forum.openpecha.org/ Project Documentation Forum] == སྤྱི་ཚོགས་འབྲེལ་ལམ་དང་ལས་དོན་དྲིལ་བསྒྲགས། == *[[User:Kaldan007|Kaldan007]] ལགས་ཀྱིས་རྒྱ་གར་རྡོ་རྗེ་གདན་དང་ཝཱ་ཎ་མཐོ་སློབ་ཏུ་ '[https://outreachdashboard.wmflabs.org/courses/Tenzin_Kaldan/First_Ever_Tibetan_Wikipedia_and_Wikisource_Editathons/home བོད་ཡིག་ཝེ་ཁེ་རིག་མཛོད་དང་ཝེ་ཁེ་ཡིག་ཚགས་ཀྱི་རྩོམ་སྒྲིག་ལས་འགུལ་ཐེངས་དང་པོ།(First Ever Tibetan Wikipedia and Wikisource Editathons)]' དེ་ལམ་ལྷོངས་ངང་སྤེལ་བ་རེད། བྷི་ཧཱར་མངའ་སྡེའི་ནང་བདུན་ཕྲག་གསུམ་གྱི་རིང་ལ་ལས་འགུལ་འདི་སྤེལ་བའི་བརྒྱུད་རིམ་ནང་། རྩོམ་སྒྲིག་པ་མི་གྲངས་ ༢༠༠ ལྷག་གསར་དུ་མཉམ་ཞུགས་བྱས་ཏེ་ཤོག་ངོས་ ༥༠༠ ལྷག་གསར་བཟོ་བྱས་ཡོད། ལས་དོན་འདི་ནི་བོད་ཡིག་ཝི་ཀི་རིག་མཛོད་ཀྱི་ཚོགས་པ་འདི་ཉིད་ཡར་རྒྱས་དང་། མ་འོངས་པའི་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་འབྱུང་ངེས་པ་ཞིག་རེད། འདིའི་ཐད་ལས་དོན་གོ་སྒྲིག་པ་ ([[User:Kaldan007|Kaldan007]], [[User:Gartsering|Gartsering]], [[User:Pecha-pema|Pecha-pema]], [[User:Jangchup Dorjee|Jangchup Dorjee]], [[User:Tsering gar|Tsering gar]]) རྣམས་དང་། མཉམ་ཞུགས་པ་ཡོངས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། དེ་བཞིན་ལས་གཞི་འདི་ལམ་ལྷོངས་ཡོང་ཆེད་རྒྱབ་ལྗོངས་ནས་ཕྱག་ལས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ། ལྷག་པར་དུ་ང་ཚོའི་པན་ཇ་བཱི་ཝི་ཀི་དྲ་ཚིགས་མཁན་ [https://meta.wikimedia.org/wiki/Punjabi_Wikimedians Punjabi Wikimedians] སཏ་དྷིཔ་གྷིལ། ([[User:Satdeep Gill|Satdeep Gill]]) དང་། ནི་ཏེཤ་གྷིལ། ([[User:Nitesh Gill|Nitesh Gill]]) རྣམ་གཉིས་ནས་ལམ་སྟོན་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། *དེ་སྔ་རྒྱ་གར་རྡོ་རྗེ་གདན་དང་ཝཱ་ཎ་མཐོ་སློབ་ཏུ་ '[https://outreachdashboard.wmflabs.org/courses/Tenzin_Kaldan/First_Ever_Tibetan_Wikipedia_and_Wikisource_Editathons/home བོད་ཡིག་ཝི་ཀི་རིག་མཛོད་དང་ཝི་ཀི་མ་ཡིག་གི་རྩོམ་སྒྲིག་ལས་འགུལ་ཐེངས་དང་པོ།(First Ever Tibetan Wikipedia and Wikisource Editathons)]' དེ་སྤེལ་བ་དང་། ལས་གཞི་དེ་མུ་མཐུད་ནས་བོད་མིའི་གནས་སྡོད་ས་གནས་གཞན་ཁག་ཏུ་སྤེལ་འཆར་ཡོད་པ་ལྟར། སྤྱི་ལོ་ ༢༠༢༦ ཟླ་ ༡ པོའི་ཚེས་ ༣༠-༣༡ ཉིན་གཅིག་དང་ཕྱེད་ཀའི་རིང་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་(Sarah: College for Higher Tibetan Studies)དུ་སྤེལ་བ་རེད། ཟབ་སྦྱོང་སྐབས་ཐོ་འགོད་གནང་མཁན་གསར་པ་ ༢༧ ཙམ་བྱུང་བ་དང་། རྩོམ་ཡིག་གསར་བཟོ་དང་ཞུ་དག་གི་གྲངས་(total edits) ༦༨༠ ཙམ་བྱུང་འདུག *དེ་ནས་སྤྱི་ལོ་ ༢༠༢༦ ཟླ་ ༢ པའི་ཚེས་ ༧-༨ ཉིན་གཅིག་དང་ཕྱེད་ཀའི་རིང་རྡ་སའི་ཉེ་འདབས་སུ་གནས་པའི་བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་(Dolma Ling Nunnery Institute of Dialectics)དུ་ཟབ་སྦྱོང་གོ་སྒྲིག་ཞུས་པ་དང་། ཟབ་སྦྱོང་སྐབས་ཐོ་འགོད་གནང་མཁན་གསར་པ་ ༢༣ ཙམ་བྱུང་བ་དང་། རྩོམ་ཡིག་གསར་བཟོ་དང་ཞུ་དག་གི་གྲངས་ ༡༩༠ ཙམ་བྱུང་འདུག *དེ་ནས་སྤྱི་ལོ་ ༢༠༢༦ ཟླ་ ༣ པའི་ཚེས་ ༢༡-༢༢ ཉིན་གཉིས་རིང་རྡ་སའི་ཉེ་འདབས་སུ་གནས་པའི་ནོར་བུ་གླིང་གའི་སྤྲོ་སྐྱིད་རྐང་སྤོལ་(Tokyi Futsal)གྱི་ཚོགས་ཁང་དུ་ཟབ་སྦྱོང་གོ་སྒྲིག་ཞུས་པ་དང་། སྐབས་འདིར་རྡ་སའི་ཉི་འཁོར་ནས་མཉམ་ཞུགས་གནང་མཁན་ཁྱོན་བསྡོམས་ ༢༠ ཙམ་ཕེབས་པ་དང་། དེ་དག་ལས་ཕྱེད་ཀ་ལྷག་ཙམ་དེ་སྔ་ཝི་ཀིའི་ལས་གཞི་འདྲ་མིན་ནང་ཕྱག་ལས་གནས་མྱོང་ཡོད་པ་དང་། མཉམ་ཞུགས་གནང་མཁན་གསར་པ་ ༩ ཙམ་བྱུང་འདུག རྩོམ་ཡིག་གསར་བཟོ་དང་ཞུ་དག་གི་གྲངས་ ༩༠ ཙམ་བྱུང་ཡོད་པ་དང་། སྔར་དང་མི་འདྲ་བར་ཝི་ཀི་རིག་མཛོད་(Wikipedia)ཏུ་རྩོམ་འབྲི་བྱེད་སྟངས་ཙམ་མིན་པར། ཝི་ཀི་མ་ཡིག་(Wikisource) དང་ཝི་ཀི་ཐུན་མོང་རྒྱུ་ཆ་(Wikimedia Commons)གཉིས་དང་། གཞན་ཡང་ཝི་ཀི་གནས་མཛོད་(Wikidata)སྐོར་སློབ་ཁྲིད་བྱས་པ་དང་། ཚོགས་ཆུང་སོ་སོའི་ནང་ད་ལྟའི་ལས་གཞི་དང་མ་འོངས་པའི་ལས་འཆར་སོགས་ཀྱི་ཐད་བགྲོ་གླེང་གྲོས་བསྡུར་ལྷུག་པོ་གནང་འདུག *དེ་ནས་སྤྱི་ལོ་ ༢༠༢༦ ཟླ་ ༤ པའི་ཚེས་ ༣-༤ ཉིན་གཉིས་རིང་རྫོང་སར་བཤད་གྲྭ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ (Dzongsar Khyentse Chokyi Lodro Institute) སུ་ཟབ་སྦྱོང་གོ་སྒྲིག་ཞུས་པ་དང་། སྐབས་དེར་བཤད་གྲྭའི་སློབ་དཔོན་འཛིན་རིམ་གཉིས་ནས་མཉམ་ཞུགས་གནང་མཁན་རྣམས་ལ་ཝི་ཀི་མ་ཡིག་ (Wikisource) དང་ཝི་ཀི་ཐུན་མོང་རྒྱུ་ཆ། (Wikimedia Commons) དེ་བཞིན་ཝི་ཀི་རིག་མཛོད་ (Wikipedia) སྐོར་སློབ་ཁྲིད་བྱས་པ་དང་། སྐད་ཕྲིན་ཚོགས་པའི་ནང་ཚོགས་མི་གསར་པ་ ༢༠ ཙམ་གྱི་ཐོ་འགོད་དང་། རྩོམ་ཡིག་གསར་བཟོ་དང་ཞུ་དག་གི་གྲངས་ ༨༠ ཙམ་བྱུང་འདུག ཁྱོན་བསྡོམས་ལས་འགུལ་འདི་སྤེལ་བའི་བརྒྱུད་རིམ་ནང་། རྩོམ་སྒྲིག་པ་མི་གྲངས་ ༢༧༡ ཙམ་གསར་དུ་མཉམ་ཞུགས་བྱས་ཏེ་ཤོག་ངོས་ ༡༠༠༠ ལྷག་གསར་བཟོ་བྱས་པ་དང་། ཞུ་དག་གི་གྲངས་ ༤༠༠༠ ལྷག རྩོམ་ཡིག་ལ་བལྟ་ཀློག་གི་གྲངས་ཚད་ ༩༣,༠༠༠ ལྷག་བྱས་ཡོད། ལས་དོན་འདི་ནི་བོད་ཡིག་ཝི་ཀི་རིག་མཛོད་ཀྱི་ཚོགས་པ་འདི་ཉིད་ཡར་རྒྱས་དང་། མ་འོངས་པའི་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་འབྱུང་ངེས་པ་ཞིག་རེད། འདིའི་ཐད་དངོས་ཤུགས་བརྒྱུད་གསུམ་གྱི་ལས་དོན་གོ་སྒྲིག་པ་ ([[User:Kaldan007|Kaldan007]], [[User:Gartsering|Gartsering]], [[User:Pecha-pema|Pecha-pema]], [[User:Jangchup Dorjee|Jangchup Dorjee]], [[User:Tsering gar|Tsering gar]], [[User:Pecha-Gade|Pecha-Gade]], [[User:Pecha-G.Dhargyal|Pecha-G.Dhargyal]], [[User:Pecha-Choedup|Pecha-Choedup]], [[User:Pecha-Tsewang|Pecha-Tsewang]]) རྣམས་ལ་ཐུགས་རྗེ་ཆེ་ཞུ་དང་སྦྲགས། མཉམ་ཞུགས་པ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། དེ་བཞིན་ལས་གཞི་འདི་ལམ་ལྷོངས་ཡོང་ཆེད་རྒྱབ་སྐྱོར་གནང་མཁན་ཚོགས་སྡེ་ཁག་དང་གང་ཟག་སྒེར་པ་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། [[User:Pecha-Tsewang|Pecha-Tsewang]] ([[User talk:Pecha-Tsewang|talk]]) ༢༠:༤༢, ༤ ཟླ་བཞི་བ། ༢༠༢༦ (UTC) b02tveogx7ywa7m2tuxbojk7ex0fhm8 སྤྱོད་མཁན།:Dawa Tamang1/Sandbox 2 27537 160604 160548 2026-04-05T10:15:00Z Dawa Tamang1 35402 160604 wikitext text/x-wiki ༄༅། །འདི་དག་ནི་ང་རང་གིས་རྩོམ་སྒྲིག་བྱེད་བཞིན་པའི་ཝི་ཀི་རྩོམ་ཡིག་རྣམས་ཀྱི་ཐོ་གཞུང་ཡིན། == [[སྤྱོད་མཁན།:Dawa Tamang1/Sandbox/བོད་ཀྱི་དབྱངས་གསལ།|བོད་ཀྱི་དབྱངས་གསལ།]] == == section 1 སྡེ་ཚན་དང་པོ། == * The thirty consonants གསལ་བྱེད་གསུམ་ཅུ།<ref>ཐོན་མི་བསམ་བྷོ་གྭ རྗོང་སར་ ༢༠༢༥</ref> * The four vowels དབྱངས་བཞི། * the three superscripts and the four subscripts མགོ་ཅན་གསུམ་དང་འདོགས་ཅན་བཞི། སྡེ༌སྣོད༌གསུམ། Tripita 1 [[སྤྱོད་མཁན།:Dawa Tamang1/sandbox/འདུལ་བའི་སྡེ་སྣོད།|འདུལ་བའི་སྡེ་སྣོད། Vinaya pitaka]] 2 [[སྤྱོད་མཁན།:Dawa Tamang1/sandbox/མདོ་སྡེའི་སྡེ་སྣོད།|མདོ་སྡེའི་སྡེ་སྣོད།་ Sutra pitaka]] 3 མངོན་པའི་སྡེ་སྣོད། Abhidharma pitaka 4 ཆོས༌འཁོར༌གསུམ། [[ཡིག་ཆ།:Sakya_gongma.jpg|thumb|sakya gongma]] sakya gongma == ལུང་ཁུངས་ཡིག་ཆ། == oeomxpnne58xln4hr32d8u8y10w0ojl སྤྱོད་མཁན།:Kunga tsundue/Sandbox 2 27541 160605 160586 2026-04-05T11:52:31Z Kunga tsundue 35407 160605 wikitext text/x-wiki ༄༅། །འདི་དག་ནི་ང་རང་གི་རྩོམ་སྒྲིག་བྱེད་བཞིན་པའི་ཝི་ཀི་རྩོམ་ཡིག་རྣམས་ཀྱི་ཐོ་གཞུང་ཡིན། == ས་སྐྱ་གོང་མ་དཀར་པོ་རྣམ་གསུམ། == * [[སྤྱོད་མཁན།:Kunga tsundue/Sandbox/ས་ཆེན་ཀུན་དགའ་སྙིང་པོ།|ས་ཆེན་ཀུན་དགའ་སྙིང་པོ།]] * [[སྤྱོད་མཁན།:Kunga tsundue/Sandbox/སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ།|སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ།]] * [[སྤྱོད་མཁན།:Kunga tsundue/sandbox/རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན།|རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན།]] ckdv6y1ifg4po5l8uhmmy8wni3rf0ib སྤྱོད་མཁན།:Dawa Tamang1/Sandbox/བོད་ཀྱི་དབྱངས་གསལ། 2 27589 160603 160596 2026-04-05T10:06:51Z Dawa Tamang1 35402 160603 wikitext text/x-wiki == (1) the thirty consonsants གསལ་བྱེད་གསུམ་ཅུ། == ཀ ka ཁ། kha ག ga ང་། nga ཅ། cya ཆ། chya ཇ། jya ཉ། nya ཏ། ta ཐ། tha ད། dha ན། na པ། pa ཕ། pha བ། bha མ། ma ཙ། cha ཆ།chha ཛ།jha ཝ།wa ཞ zha ཟ། za འ། ha ཡ། ya ར། ra ལ། la ཤ shya ས། sa ཧ།ha ཨ། a l5tfza6z397iuko5ocfo0o28ut9i8bv རྫོང་སར་མཁྱེན་བརྩེ། 0 27597 160597 160579 2026-04-04T17:47:47Z Pecha-G.Dhargyal 32780 གནས་ཚུལ་ཁ་སྣོན་བརྒྱབས། 160597 wikitext text/x-wiki {{databox}} ༄༅། །'''རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ།''' (༡༩༦༡ ཟླ་ ༦ ཚེས་ ༡༨ ཉིན་འབྲུག་ཡུལ་དུ་སྐུ་འཁྲུངས།) ཁོང་ལ་མཁྱེན་བརྩེ་ནོར་བུ་ཞེས་ཀྱང་ཞུ། ཁོང་ནི་བོད་ཀྱི་བླ་མ་དང་། གློག་བརྙན་བཟོ་སྐྲུན་པ། རྩོམ་པ་པོ་བཅས་ཡིན། ཁོང་གིས་བཟོ་སྐྲུན་གནང་བའི་གློག་བརྙན་གཙོ་བོ་ལྔ་ནི། ''ཕོར་པ'' (1999) དང་། ''འགྲུལ་པ་དང་སྒྱུ་མ་མཁན་'' (2003)། ''མཆོག་སྦྱིན། བྱིན་རླབས་ཤིག'' (2013)། ''ཧེ་མ་ཧེ་མ། ང་སྒུག་པའི་རིང་ལ་གཞས་ཤིག་ཐོངས་དང་།'' (2017)། ''མཆེ་བ་དང་ཁ་སྤུ་ཅན་གྱི་བུད་མེད་ཅིག་འཚོལ་བ'' (2019) བཅས་ཡིན། ཁོང་གིས་བརྩམས་པའི་ཕྱག་དེབ་གྲགས་ཆེ་བ་འགའ་ནི། ''ཁྱེད་རང་ནང་པ་ཞིག་མིན་པའི་རྒྱུ་མཚན་ཅི།'' (2007) དང་། ''སྐྱིད་པོའི་ཆེད་དུ་མིན། སྔོན་འགྲོའི་ལག་ལེན་གྱི་ལམ་སྟོན།'' (2012)། ''བླ་མས་བྷོར་བྷོན་བཞེས་སམ།'' (2016)། ''གསོན་པ་ནི་ཤི་བ་ཡིན།'' (2020) བཅས་ཡིན། གཞན་ཡང་ནང་ཆོས་དང་འབྲེལ་བའི་གསུང་རྩོམ་རིན་མེད་འགྲེམས་སྤེལ་གནང་བ་འགའ་ནི། ''དབུ་མ་ལ་འཇུག་པའི་མཆན་འགྲེལ'' (2003) དང་། ''ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ'' (2007) བཅས་ཡིན། ད་ལྟ་ཁོང་གིས་''མཁན་པ་སྐྱེས་''ཞེས་པའི་རང་རྣམ་ཞིག་ཀྱང་འབྲི་བཞིན་ཡོད། ཁོང་གི་ཆོས་འཁོར་གྱི་བརྙན་ཐུང་མང་པོ་ཞིག་གཞོན་ནུ་དོན་འགྲུབ་ཀྱི་དགོངས་པ་ཞེས་པའི་ཚོགས་པའི་ཡུ་ཊུབ་བརྒྱུད་ལམ་དུ་གཟིགས་རྒྱུ་ཡོད། ཁོང་ནི་༸སྐྱབས་རྗེ་དུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེའི་སྲས་བགྲེས་པ་དང་། སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཚ་བོ་ཡིན། རིན་པོ་ཆེ་ལ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཆེན་པོ་བཞི་ཀའི་དགེ་བའི་བཤེས་གཉེན་བཞུགས་ཤིང་། རིས་མེད་བསྟན་པར་ཐུགས་དགོངས་བཞེས་མཁན་ཞིག་ཡིན། ཁོང་གི་རྩ་བའི་བླ་མ་ནི་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཡིན། ཁོང་ནི་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཟབ་ཆོས་ཀྱི་རྒྱུད་འཛིན་པ་གཙོ་བོ་དེ་ཡིན། == སྐུ་ཕྲེང་རིམ་བྱོན། == རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ནི་ ༡༩༦༡ ལོར་འབྲུག་ཤར་ཕྱོགས་མཁན་པ་ལྗོངས་ཞེས་པའི་གནས་སུ་སྐུ་འཁྲུངས། དགུང་ལོ་བདུན་གྱི་ཐོག་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེས་མཁྱེན་བརྩེའི་སྐུ་ཕྲེང་གསུམ་པར་ངོས་འཛིན་གནང་། * '''སྐུ་ཕྲེང་དང་པོ།''' ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེ་དབང་པོ། (༡༨༢༠–༡༨༩༢) ཁོང་གིས་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་སོགས་དང་ལྷན་དུ་རིས་མེད་ཀྱི་བསྟན་པ་སྲོལ་གཏོད། ཁོང་གི་བཞུགས་གནས་གཙོ་བོ་ནི་ཁམས་སྡེ་དགེ་རྫོང་གསར་དགོན་པ་ཡིན། * '''སྐུ་ཕྲེང་གཉིས་པ།''' རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། (༡༨༩༣–༡༩༥༩) ཁོང་ནི་བོད་ཀྱི་བླ་མ་རྩ་ཆེན་ཞིག་ཡིན་པ་མ་ཟད། ནུབ་ཕྱོགས་སུ་གསང་སྔགས་ཀྱི་བསྟན་པ་སྤེལ་མཁན་བླ་མ་མང་པོའི་རྩ་བའི་བླ་མ་ཡིན། རིན་པོ་ཆེའི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་ཞིག་ ༢༠༠༣ ལོར་འགྲེམས་སྤེལ་བྱས་པ་ལ་ ''ངའི་རྩ་བའི་བླ་མའི་ཞལ་ལུང་'' ཞེས་ཞུ། == ཤེས་ཡོན་སློབ་གཉེར། == རིན་པོ་ཆེ་མཆོག་དགུང་ལོ་བཅུ་གཉིས་བར་འབྲས་ལྗོངས་རྒྱལ་པོའི་ཕོ་བྲང་དགོན་པར་སློབ་གཉེར་གནང་། མཁྱེན་བརྩེ་སྐུ་ཕྲེང་གི་རིས་མེད་སྲོལ་རྒྱུན་ལྟར། ཁོང་ལ་ས་དགེ་བཀའ་རྙིང་གི་བླ་མ་མང་པོ་བཞུགས་ཤིང་། ལྷག་པར་དུ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་དྲུང་ནས་སློབ་གཉེར་གནང་། དེ་རྗེས་རྒྱ་གར་ར་ཇི་པུར་ས་སྐྱ་མཐོ་རིམ་སློབ་གཉེར་ཁང་དང་། དེ་ནས་དབྱིན་ཡུལ་ལོན་ཌོན་གཙུག་ལག་སློབ་གཉེར་ཁང་ (SOAS) བཅས་སུ་སློབ་གཉེར་མཛད། དགུང་ལོ་ཆུང་དུས་ནས་བཟུང་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་འཛིན་སྐྱོང་ལ་ཕྱག་ལས་གནང་སྟེ། འཛམ་གླིང་ཡོངས་ལ་ཆོས་ཚོགས་འཛུགས་པ་དང་། ཉམས་ལེན་པ་ལ་རོགས་སྐྱོར། ཕྱག་དེབ་དཔེ་སྐྲུན་སོགས་མཛད། རིན་པོ་ཆེ་མཆོག་གིས་བོད་ཤར་ཕྱོགས་ཀྱི་རྫོང་གསར་དགོན་པ་དང་སྒྲུབ་སྡེ། དེ་བཞིན་རྒྱ་གར་ (བྷིར་དང་ཅོན་ཏ་ར) དང་འབྲུག་ཡུལ་བཅས་ཀྱི་བཤད་གྲྭ་ཁག་སྐྱོང་བཞིན་ཡོད། དེ་མིན་ཨོ་སི་ཁྲུ་ལི་ཡ་དང་། བྱང་ཨ་རི། ཤར་ཕྱོགས་རྒྱལ་ཁབ་ཁག་ཏུ་ཆོས་ཚོགས་བཙུགས། ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་དུ་ "རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་སློབ་གཉེར་ཁང་" རི་དྭགས་ཚལ་སློབ་གཉེར་ཁང་བཙུགས། འདིའི་དམིགས་ཡུལ་ནི་གནའ་བོའི་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་དགོངས་ལྟར། ནང་པ་སངས་རྒྱས་པའི་ཆོས་ལུགས་ཡོངས་དང་། རྒྱ་གར་གྱི་ལྟ་གྲུབ། སྒྱུ་རྩལ། ཚན་རིག་བཅས་ལ་སློབ་གཉེར་བྱ་རྒྱུ་དེ་ཡིན། ཕྱི་ལོ་ ༡༩༨༩ ལོར་གཞོན་ནུ་དོན་འགྲུབ་ཀྱི་དགོངས་པ་ཞེས་པའི་རྒྱལ་སྤྱིའི་ནང་པའི་ཚོགས་པ་བཙུགས། འདིའི་དམིགས་ཡུལ་གཙོ་བོ་ནི་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་དང་། ལྷག་པར་དུ་རིག་གཞུང་དང་ལམ་སྲོལ་གྱི་མཚམས་ལས་འདས་པའི་ནང་ཆོས་ཀྱི་གོ་རྟོགས་སྤེལ་རྒྱུ་དེ་ཡིན། རྒྱ་གར་བྱང་ཕྱོགས་སུ་བོད་པའི་བཙན་བྱོལ་བའི་ཁྲོད་ཕྱག་ལས་གནང་སྐབས། ཉམ་ཐག་པའི་བྱིས་པ་སྟོང་ཕྲག་མང་པོར་རོགས་སྐྱོར་གྱི་མཐུན་རྐྱེན་མེད་པ་གཟིགས་ནས། ༡༩༩༣ ལོར་པདྨ་དཀར་པོ་དགེ་རྩ་ཚོགས་པ་བཙུགས་ཏེ། སློབ་གསོའི་བརྒྱུད་ནས་བྱིས་པ་དེ་དག་ལ་རོགས་རམ་གནང་། མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་རང་ཉིད་ཀྱི་དུས་ཚོད་དང་མཐུན་རྐྱེན་རྣམས་དང་བླངས་ཀྱིས་བཏང་སྟེ་ཐོག་མའི་གཞི་རིམ་གྱི་མཐུན་རྐྱེན་རྣམས་བཙུགས་པ་དང་། ཆོས་ལུགས་དང་གྲུབ་མཐའ་གང་ཡིན་ལ་མ་ལྟོས་པར་འཛམ་གླིང་ཡོངས་ཀྱི་མི་རྣམས་ལ་སྐུལ་སློང་གནང་སྟེ། པདྨ་དཀར་པོ་དགེ་རྩ་ཚོགས་པ་འདི་ཉིད་བསམ་ཕྱོགས་གཅིག་མཐུན་གྱི་སྤྱི་ཚོགས་ཕན་བདེ་སྒྲུབ་མཁན་གྱི་རྒྱལ་སྤྱིའི་དང་བླངས་པའི་འབྲེལ་མཐུད་ཚོགས་པ་ཞིག་ཏུ་བསྒྱུར། ཁོང་གི་མཛད་པ་དང་དགོངས་བཞེད་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་རྗེས་འཇུག་པ་རྣམས་ཀྱིས་དབྱིན་ཇི་དང་། ཁེ་ན་ཌ། ཨོ་སི་ཁྲུ་ལི་ཡ། འཇར་མན། ཧྥ་རན་སི། ཧོང་ཀོང་། ཐེ་ཝན་བཅས་སུ་རང་སོ་སོའི་འབྲེལ་མཐུད་ཚོགས་པ་བཙུགས་ནས། རྒྱ་གར་དང་ཀམ་བྷོ་ཌི་ཡའི་ནང་གི་ཨེལ་ཨོ་(LO)སྟེ་པདྨ་ཞབས་ཞུ་ཞེས་པའི་ལས་གཞི་ཁག་ལ་རོགས་སྐྱོར་བྱེད་བཞིན་ཡོད། དེ་ནས་ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་ཁ་ལི་ཕོ་ནི་ཡར་ཨེལ་ཨོ་ LO (Lotus Outreach) ཞེས་པའི་ཚོགས་པ་དེ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་། ཚོགས་པ་འདིས་རྒྱ་གར་དང་ཀམ་བྷོ་ཌི་ཡའི་ནང་གི་ཉམ་ཐག་པའི་བུད་མེད་དང་བྱིས་པ་ཚོའི་སློབ་གསོ་དང་། འཕྲོད་བསྟེན། བདེ་འཇགས་བཅས་ཀྱི་ཆེད་དུ་ཕྱག་ལས་གནང་བཞིན་ཡོད། ཕྱི་ལོ་ ༢༠༠༡ ལོར་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ (Khyentse Foundation) བཙུགས། འདི་ནི་སངས་རྒྱས་ཀྱི་མཁྱེན་རབ་དང་བརྩེ་བ་ཉམས་ལེན་དང་སློབ་གཉེར་གནང་མཁན་གྱི་ཚོགས་པ་དང་མི་སྒེར་ལ་མཐུན་རྐྱེན་སྦྱོར་བའི་དགེ་རྩ་ཚོགས་པ་ཞིག་ཡིན། == གློག་བརྙན་བཟོ་སྐྲུན། == ཕྱི་ལོ་ ༡༩༩༣ ལོར་བརྙན་འཕྲིན་འཁྲབ་སྟོན་པ་བྷེར་ནར་ཌོ་ (Bernardo Bertolucci) ཡི་གློག་བརྙན་ ''སངས་རྒྱས་ཆུང་ཆུང་།'' ཞེས་པའི་ནང་རིན་པོ་ཆེས་ལམ་སྟོན་པའི་ཕྱག་ལས་གནང་ཞིང་། བོད་པའི་གྲྭ་པའི་ཆོ་ག་ཕྱག་ལེན་རྣམས་ལ་ཞིབ་བཤེར་གནང་། ཁོང་གིས་བྱ་དགའ་ཐོབ་པའི་གློག་བརྙན་བཞི་འཁྲབ་གཞུང་བྲིས་ཤིང་འཁྲབ་སྟོན་ལམ་སྟོན་གནང་བ་ནི། ''ཕོར་པ།'' (1999) དང་། ''འགྲུལ་པ་དང་སྒྱུ་མ་མཁན།'' (2003) འདི་ནི་འབྲུག་ཡུལ་དུ་བཟོས་པའི་གློག་བརྙན་རིང་བ་ཐོག་མ་དེ་ཡིན། ''མཆོག་སྦྱིན། བྱིན་རླབས་ཤིག'' (2013) དང་། ''ཧེ་མ་ཧེ་མ།'' (2016) བཅས་ཡིན། ཕྱི་ལོ་ ༢༠༠༩ ལོའི་དངོས་བྱུང་གློག་བརྙན་ ''སྤྲུལ་སྐུ་'' ཞེས་པའི་ནང་ཁོང་གིས་ནང་ཆོས་དང་སྤྲུལ་སྐུའི་ལམ་ལུགས་སྐོར་ལ་བགྲོ་གླེང་གནང་ཡོད། ''མཆོག་སྦྱིན། བྱིན་རླབས་ཤིག་'' ཅེས་པའི་གློག་བརྙན་དེ་ཀོ་རེ་ཡའི་བུ་སན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་དབུ་འབྱེད་དུ་བསྟན་པ་དང་། འདི་ནི་དུས་སྟོན་དེའི་དབུ་འབྱེད་དུ་རྒྱ་ནག་དང་ཀོ་རེ་ཡ་མ་ཡིན་པའི་གློག་བརྙན་ཞིག་བསྟན་པ་ཐོག་མ་དེ་ཡིན། ''ཧེ་མ་ཧེ་མ།'' ཞེས་པའི་གློག་བརྙན་དེ་ ༢༠༡༦ ལོར་སུད་སིའི་ལོ་ཀར་ནོ་ (Locarno) དུས་སྟོན་དུ་བསྟན་ཅིང་། ཊོ་རོན་ཊོ་ (Toronto) རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནས་བྱ་དགའ་ཐོབ། གློག་བརྙན་འདིས་ནང་ཆོས་ཀྱི་བརྗོད་གཞི་ཟབ་མོ་རྣམས་དེང་རབས་ཀྱི་གནད་དོན་དང་སྦྲགས་ནས་བསྟན་ཡོད། ''མཆེ་བ་དང་ཁ་སྤུ་ཅན་གྱི་བུད་མེད་ཅིག་འཚོལ་བ།'' (2019) ཞེས་པ་ནི་ཚོང་པ་ཞིག་གིས་རང་ཉིད་འཆི་ལ་ཉེ་བ་ཤེས་རྗེས་བླ་མ་ཞིག་གི་ལམ་སྟོན་ལྟར་བུད་མེད་ཁྱད་པར་བ་ཞིག་བཙལ་བའི་སྐོར་ཡིན། ཁོང་གི་གློག་བརྙན་གསར་ཤོས་ ''ལམ་མདོ་ཁའི་ཕག་པ།'' (2024) ཞེས་པ་ནི་འབྲུག་ཡུལ་གྱི་དགེ་རྒན་ལོ་ཆུང་ཞིག་གློ་བུར་དུ་རྐྱེན་ལམ་དུ་སོང་རྗེས་བར་དོའི་ནང་རང་གི་བྱས་ཉེས་ལ་འགྱོད་བཤགས་དང་འབྲེལ་བའི་སྐོར་ཡིན། == གསུང་རྩོམ་གཅེས་བཏུས། == * ''དུག་ནི་སྨན་ཡིན། (Poison is Medicine, 2021)'' * ''གསོན་པ་ནི་ཤི་བ་ཡིན། (Living Is Dying, 2020)'' * ''གནས་སྐོར་ལམ་ཡིག་མཆོག་གསུམ། (Best Foot Forward, 2018)'' * ''བླ་མས་བྷུར་བྷོན་མཆོད་དམ། (The Guru Drinks Bourbon?, 2016)'' * ''སྐྱིད་པོའི་ཆེད་དུ་མིན། སྔོན་འགྲོའི་ལམ་སྟོན། (Not for Happiness, 2012)'' * ''སྔོན་འགྲོའི་གསུང་ཆོས། (Teachings on Ngöndro)'' * ''ཁྱེད་རང་ནང་པ་ཞིག་མིན་པའི་རྒྱུ་མཚན་ཅི་ཡིན། (What Makes You Not a Buddhist, 2008)'' * ''རྒྱ་གར་གྱི་གནས་ཆེན་ཁག་ཏུ་ཅི་ཞིག་བྱེད་དགོས། (What to do at India's Buddhist Holy Sites)'' * ''སངས་རྒྱས་ཀྱི་རིགས། (རྒྱུད་བླ་མ།) (Buddha Nature)'' * ''དབུ་མ་ལ་འཇུག་པ། (Introduction to the Middle Way)'' 3uhei7vzqki90174jgx40ebf80c6bmp 160600 160597 2026-04-05T08:17:36Z Pecha-G.Dhargyal 32780 Pecha-G.Dhargyal moved page [[མཁྱེན་བརྩེ་ནོར་བུ།]] to [[རྫོང་སར་མཁྱེན་བརྩེ།]]: རིན་པོ་ཆེའི་མཚན་ཡོངས་གྲགས་ཆེ་ཤོས་དེ་རྫོང་སར་མཁྱེན་བརྩེ་ཡིན་པས་དེ་ལ་སྒྱུར་ན་ལེགས། 160597 wikitext text/x-wiki {{databox}} ༄༅། །'''རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ།''' (༡༩༦༡ ཟླ་ ༦ ཚེས་ ༡༨ ཉིན་འབྲུག་ཡུལ་དུ་སྐུ་འཁྲུངས།) ཁོང་ལ་མཁྱེན་བརྩེ་ནོར་བུ་ཞེས་ཀྱང་ཞུ། ཁོང་ནི་བོད་ཀྱི་བླ་མ་དང་། གློག་བརྙན་བཟོ་སྐྲུན་པ། རྩོམ་པ་པོ་བཅས་ཡིན། ཁོང་གིས་བཟོ་སྐྲུན་གནང་བའི་གློག་བརྙན་གཙོ་བོ་ལྔ་ནི། ''ཕོར་པ'' (1999) དང་། ''འགྲུལ་པ་དང་སྒྱུ་མ་མཁན་'' (2003)། ''མཆོག་སྦྱིན། བྱིན་རླབས་ཤིག'' (2013)། ''ཧེ་མ་ཧེ་མ། ང་སྒུག་པའི་རིང་ལ་གཞས་ཤིག་ཐོངས་དང་།'' (2017)། ''མཆེ་བ་དང་ཁ་སྤུ་ཅན་གྱི་བུད་མེད་ཅིག་འཚོལ་བ'' (2019) བཅས་ཡིན། ཁོང་གིས་བརྩམས་པའི་ཕྱག་དེབ་གྲགས་ཆེ་བ་འགའ་ནི། ''ཁྱེད་རང་ནང་པ་ཞིག་མིན་པའི་རྒྱུ་མཚན་ཅི།'' (2007) དང་། ''སྐྱིད་པོའི་ཆེད་དུ་མིན། སྔོན་འགྲོའི་ལག་ལེན་གྱི་ལམ་སྟོན།'' (2012)། ''བླ་མས་བྷོར་བྷོན་བཞེས་སམ།'' (2016)། ''གསོན་པ་ནི་ཤི་བ་ཡིན།'' (2020) བཅས་ཡིན། གཞན་ཡང་ནང་ཆོས་དང་འབྲེལ་བའི་གསུང་རྩོམ་རིན་མེད་འགྲེམས་སྤེལ་གནང་བ་འགའ་ནི། ''དབུ་མ་ལ་འཇུག་པའི་མཆན་འགྲེལ'' (2003) དང་། ''ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ'' (2007) བཅས་ཡིན། ད་ལྟ་ཁོང་གིས་''མཁན་པ་སྐྱེས་''ཞེས་པའི་རང་རྣམ་ཞིག་ཀྱང་འབྲི་བཞིན་ཡོད། ཁོང་གི་ཆོས་འཁོར་གྱི་བརྙན་ཐུང་མང་པོ་ཞིག་གཞོན་ནུ་དོན་འགྲུབ་ཀྱི་དགོངས་པ་ཞེས་པའི་ཚོགས་པའི་ཡུ་ཊུབ་བརྒྱུད་ལམ་དུ་གཟིགས་རྒྱུ་ཡོད། ཁོང་ནི་༸སྐྱབས་རྗེ་དུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེའི་སྲས་བགྲེས་པ་དང་། སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཚ་བོ་ཡིན། རིན་པོ་ཆེ་ལ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཆེན་པོ་བཞི་ཀའི་དགེ་བའི་བཤེས་གཉེན་བཞུགས་ཤིང་། རིས་མེད་བསྟན་པར་ཐུགས་དགོངས་བཞེས་མཁན་ཞིག་ཡིན། ཁོང་གི་རྩ་བའི་བླ་མ་ནི་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཡིན། ཁོང་ནི་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཟབ་ཆོས་ཀྱི་རྒྱུད་འཛིན་པ་གཙོ་བོ་དེ་ཡིན། == སྐུ་ཕྲེང་རིམ་བྱོན། == རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ནི་ ༡༩༦༡ ལོར་འབྲུག་ཤར་ཕྱོགས་མཁན་པ་ལྗོངས་ཞེས་པའི་གནས་སུ་སྐུ་འཁྲུངས། དགུང་ལོ་བདུན་གྱི་ཐོག་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེས་མཁྱེན་བརྩེའི་སྐུ་ཕྲེང་གསུམ་པར་ངོས་འཛིན་གནང་། * '''སྐུ་ཕྲེང་དང་པོ།''' ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེ་དབང་པོ། (༡༨༢༠–༡༨༩༢) ཁོང་གིས་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་སོགས་དང་ལྷན་དུ་རིས་མེད་ཀྱི་བསྟན་པ་སྲོལ་གཏོད། ཁོང་གི་བཞུགས་གནས་གཙོ་བོ་ནི་ཁམས་སྡེ་དགེ་རྫོང་གསར་དགོན་པ་ཡིན། * '''སྐུ་ཕྲེང་གཉིས་པ།''' རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། (༡༨༩༣–༡༩༥༩) ཁོང་ནི་བོད་ཀྱི་བླ་མ་རྩ་ཆེན་ཞིག་ཡིན་པ་མ་ཟད། ནུབ་ཕྱོགས་སུ་གསང་སྔགས་ཀྱི་བསྟན་པ་སྤེལ་མཁན་བླ་མ་མང་པོའི་རྩ་བའི་བླ་མ་ཡིན། རིན་པོ་ཆེའི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་ཞིག་ ༢༠༠༣ ལོར་འགྲེམས་སྤེལ་བྱས་པ་ལ་ ''ངའི་རྩ་བའི་བླ་མའི་ཞལ་ལུང་'' ཞེས་ཞུ། == ཤེས་ཡོན་སློབ་གཉེར། == རིན་པོ་ཆེ་མཆོག་དགུང་ལོ་བཅུ་གཉིས་བར་འབྲས་ལྗོངས་རྒྱལ་པོའི་ཕོ་བྲང་དགོན་པར་སློབ་གཉེར་གནང་། མཁྱེན་བརྩེ་སྐུ་ཕྲེང་གི་རིས་མེད་སྲོལ་རྒྱུན་ལྟར། ཁོང་ལ་ས་དགེ་བཀའ་རྙིང་གི་བླ་མ་མང་པོ་བཞུགས་ཤིང་། ལྷག་པར་དུ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་དྲུང་ནས་སློབ་གཉེར་གནང་། དེ་རྗེས་རྒྱ་གར་ར་ཇི་པུར་ས་སྐྱ་མཐོ་རིམ་སློབ་གཉེར་ཁང་དང་། དེ་ནས་དབྱིན་ཡུལ་ལོན་ཌོན་གཙུག་ལག་སློབ་གཉེར་ཁང་ (SOAS) བཅས་སུ་སློབ་གཉེར་མཛད། དགུང་ལོ་ཆུང་དུས་ནས་བཟུང་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་འཛིན་སྐྱོང་ལ་ཕྱག་ལས་གནང་སྟེ། འཛམ་གླིང་ཡོངས་ལ་ཆོས་ཚོགས་འཛུགས་པ་དང་། ཉམས་ལེན་པ་ལ་རོགས་སྐྱོར། ཕྱག་དེབ་དཔེ་སྐྲུན་སོགས་མཛད། རིན་པོ་ཆེ་མཆོག་གིས་བོད་ཤར་ཕྱོགས་ཀྱི་རྫོང་གསར་དགོན་པ་དང་སྒྲུབ་སྡེ། དེ་བཞིན་རྒྱ་གར་ (བྷིར་དང་ཅོན་ཏ་ར) དང་འབྲུག་ཡུལ་བཅས་ཀྱི་བཤད་གྲྭ་ཁག་སྐྱོང་བཞིན་ཡོད། དེ་མིན་ཨོ་སི་ཁྲུ་ལི་ཡ་དང་། བྱང་ཨ་རི། ཤར་ཕྱོགས་རྒྱལ་ཁབ་ཁག་ཏུ་ཆོས་ཚོགས་བཙུགས། ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་དུ་ "རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་སློབ་གཉེར་ཁང་" རི་དྭགས་ཚལ་སློབ་གཉེར་ཁང་བཙུགས། འདིའི་དམིགས་ཡུལ་ནི་གནའ་བོའི་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་དགོངས་ལྟར། ནང་པ་སངས་རྒྱས་པའི་ཆོས་ལུགས་ཡོངས་དང་། རྒྱ་གར་གྱི་ལྟ་གྲུབ། སྒྱུ་རྩལ། ཚན་རིག་བཅས་ལ་སློབ་གཉེར་བྱ་རྒྱུ་དེ་ཡིན། ཕྱི་ལོ་ ༡༩༨༩ ལོར་གཞོན་ནུ་དོན་འགྲུབ་ཀྱི་དགོངས་པ་ཞེས་པའི་རྒྱལ་སྤྱིའི་ནང་པའི་ཚོགས་པ་བཙུགས། འདིའི་དམིགས་ཡུལ་གཙོ་བོ་ནི་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་དང་། ལྷག་པར་དུ་རིག་གཞུང་དང་ལམ་སྲོལ་གྱི་མཚམས་ལས་འདས་པའི་ནང་ཆོས་ཀྱི་གོ་རྟོགས་སྤེལ་རྒྱུ་དེ་ཡིན། རྒྱ་གར་བྱང་ཕྱོགས་སུ་བོད་པའི་བཙན་བྱོལ་བའི་ཁྲོད་ཕྱག་ལས་གནང་སྐབས། ཉམ་ཐག་པའི་བྱིས་པ་སྟོང་ཕྲག་མང་པོར་རོགས་སྐྱོར་གྱི་མཐུན་རྐྱེན་མེད་པ་གཟིགས་ནས། ༡༩༩༣ ལོར་པདྨ་དཀར་པོ་དགེ་རྩ་ཚོགས་པ་བཙུགས་ཏེ། སློབ་གསོའི་བརྒྱུད་ནས་བྱིས་པ་དེ་དག་ལ་རོགས་རམ་གནང་། མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་རང་ཉིད་ཀྱི་དུས་ཚོད་དང་མཐུན་རྐྱེན་རྣམས་དང་བླངས་ཀྱིས་བཏང་སྟེ་ཐོག་མའི་གཞི་རིམ་གྱི་མཐུན་རྐྱེན་རྣམས་བཙུགས་པ་དང་། ཆོས་ལུགས་དང་གྲུབ་མཐའ་གང་ཡིན་ལ་མ་ལྟོས་པར་འཛམ་གླིང་ཡོངས་ཀྱི་མི་རྣམས་ལ་སྐུལ་སློང་གནང་སྟེ། པདྨ་དཀར་པོ་དགེ་རྩ་ཚོགས་པ་འདི་ཉིད་བསམ་ཕྱོགས་གཅིག་མཐུན་གྱི་སྤྱི་ཚོགས་ཕན་བདེ་སྒྲུབ་མཁན་གྱི་རྒྱལ་སྤྱིའི་དང་བླངས་པའི་འབྲེལ་མཐུད་ཚོགས་པ་ཞིག་ཏུ་བསྒྱུར། ཁོང་གི་མཛད་པ་དང་དགོངས་བཞེད་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་རྗེས་འཇུག་པ་རྣམས་ཀྱིས་དབྱིན་ཇི་དང་། ཁེ་ན་ཌ། ཨོ་སི་ཁྲུ་ལི་ཡ། འཇར་མན། ཧྥ་རན་སི། ཧོང་ཀོང་། ཐེ་ཝན་བཅས་སུ་རང་སོ་སོའི་འབྲེལ་མཐུད་ཚོགས་པ་བཙུགས་ནས། རྒྱ་གར་དང་ཀམ་བྷོ་ཌི་ཡའི་ནང་གི་ཨེལ་ཨོ་(LO)སྟེ་པདྨ་ཞབས་ཞུ་ཞེས་པའི་ལས་གཞི་ཁག་ལ་རོགས་སྐྱོར་བྱེད་བཞིན་ཡོད། དེ་ནས་ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་ཁ་ལི་ཕོ་ནི་ཡར་ཨེལ་ཨོ་ LO (Lotus Outreach) ཞེས་པའི་ཚོགས་པ་དེ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་། ཚོགས་པ་འདིས་རྒྱ་གར་དང་ཀམ་བྷོ་ཌི་ཡའི་ནང་གི་ཉམ་ཐག་པའི་བུད་མེད་དང་བྱིས་པ་ཚོའི་སློབ་གསོ་དང་། འཕྲོད་བསྟེན། བདེ་འཇགས་བཅས་ཀྱི་ཆེད་དུ་ཕྱག་ལས་གནང་བཞིན་ཡོད། ཕྱི་ལོ་ ༢༠༠༡ ལོར་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ (Khyentse Foundation) བཙུགས། འདི་ནི་སངས་རྒྱས་ཀྱི་མཁྱེན་རབ་དང་བརྩེ་བ་ཉམས་ལེན་དང་སློབ་གཉེར་གནང་མཁན་གྱི་ཚོགས་པ་དང་མི་སྒེར་ལ་མཐུན་རྐྱེན་སྦྱོར་བའི་དགེ་རྩ་ཚོགས་པ་ཞིག་ཡིན། == གློག་བརྙན་བཟོ་སྐྲུན། == ཕྱི་ལོ་ ༡༩༩༣ ལོར་བརྙན་འཕྲིན་འཁྲབ་སྟོན་པ་བྷེར་ནར་ཌོ་ (Bernardo Bertolucci) ཡི་གློག་བརྙན་ ''སངས་རྒྱས་ཆུང་ཆུང་།'' ཞེས་པའི་ནང་རིན་པོ་ཆེས་ལམ་སྟོན་པའི་ཕྱག་ལས་གནང་ཞིང་། བོད་པའི་གྲྭ་པའི་ཆོ་ག་ཕྱག་ལེན་རྣམས་ལ་ཞིབ་བཤེར་གནང་། ཁོང་གིས་བྱ་དགའ་ཐོབ་པའི་གློག་བརྙན་བཞི་འཁྲབ་གཞུང་བྲིས་ཤིང་འཁྲབ་སྟོན་ལམ་སྟོན་གནང་བ་ནི། ''ཕོར་པ།'' (1999) དང་། ''འགྲུལ་པ་དང་སྒྱུ་མ་མཁན།'' (2003) འདི་ནི་འབྲུག་ཡུལ་དུ་བཟོས་པའི་གློག་བརྙན་རིང་བ་ཐོག་མ་དེ་ཡིན། ''མཆོག་སྦྱིན། བྱིན་རླབས་ཤིག'' (2013) དང་། ''ཧེ་མ་ཧེ་མ།'' (2016) བཅས་ཡིན། ཕྱི་ལོ་ ༢༠༠༩ ལོའི་དངོས་བྱུང་གློག་བརྙན་ ''སྤྲུལ་སྐུ་'' ཞེས་པའི་ནང་ཁོང་གིས་ནང་ཆོས་དང་སྤྲུལ་སྐུའི་ལམ་ལུགས་སྐོར་ལ་བགྲོ་གླེང་གནང་ཡོད། ''མཆོག་སྦྱིན། བྱིན་རླབས་ཤིག་'' ཅེས་པའི་གློག་བརྙན་དེ་ཀོ་རེ་ཡའི་བུ་སན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་དབུ་འབྱེད་དུ་བསྟན་པ་དང་། འདི་ནི་དུས་སྟོན་དེའི་དབུ་འབྱེད་དུ་རྒྱ་ནག་དང་ཀོ་རེ་ཡ་མ་ཡིན་པའི་གློག་བརྙན་ཞིག་བསྟན་པ་ཐོག་མ་དེ་ཡིན། ''ཧེ་མ་ཧེ་མ།'' ཞེས་པའི་གློག་བརྙན་དེ་ ༢༠༡༦ ལོར་སུད་སིའི་ལོ་ཀར་ནོ་ (Locarno) དུས་སྟོན་དུ་བསྟན་ཅིང་། ཊོ་རོན་ཊོ་ (Toronto) རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནས་བྱ་དགའ་ཐོབ། གློག་བརྙན་འདིས་ནང་ཆོས་ཀྱི་བརྗོད་གཞི་ཟབ་མོ་རྣམས་དེང་རབས་ཀྱི་གནད་དོན་དང་སྦྲགས་ནས་བསྟན་ཡོད། ''མཆེ་བ་དང་ཁ་སྤུ་ཅན་གྱི་བུད་མེད་ཅིག་འཚོལ་བ།'' (2019) ཞེས་པ་ནི་ཚོང་པ་ཞིག་གིས་རང་ཉིད་འཆི་ལ་ཉེ་བ་ཤེས་རྗེས་བླ་མ་ཞིག་གི་ལམ་སྟོན་ལྟར་བུད་མེད་ཁྱད་པར་བ་ཞིག་བཙལ་བའི་སྐོར་ཡིན། ཁོང་གི་གློག་བརྙན་གསར་ཤོས་ ''ལམ་མདོ་ཁའི་ཕག་པ།'' (2024) ཞེས་པ་ནི་འབྲུག་ཡུལ་གྱི་དགེ་རྒན་ལོ་ཆུང་ཞིག་གློ་བུར་དུ་རྐྱེན་ལམ་དུ་སོང་རྗེས་བར་དོའི་ནང་རང་གི་བྱས་ཉེས་ལ་འགྱོད་བཤགས་དང་འབྲེལ་བའི་སྐོར་ཡིན། == གསུང་རྩོམ་གཅེས་བཏུས། == * ''དུག་ནི་སྨན་ཡིན། (Poison is Medicine, 2021)'' * ''གསོན་པ་ནི་ཤི་བ་ཡིན། (Living Is Dying, 2020)'' * ''གནས་སྐོར་ལམ་ཡིག་མཆོག་གསུམ། (Best Foot Forward, 2018)'' * ''བླ་མས་བྷུར་བྷོན་མཆོད་དམ། (The Guru Drinks Bourbon?, 2016)'' * ''སྐྱིད་པོའི་ཆེད་དུ་མིན། སྔོན་འགྲོའི་ལམ་སྟོན། (Not for Happiness, 2012)'' * ''སྔོན་འགྲོའི་གསུང་ཆོས། (Teachings on Ngöndro)'' * ''ཁྱེད་རང་ནང་པ་ཞིག་མིན་པའི་རྒྱུ་མཚན་ཅི་ཡིན། (What Makes You Not a Buddhist, 2008)'' * ''རྒྱ་གར་གྱི་གནས་ཆེན་ཁག་ཏུ་ཅི་ཞིག་བྱེད་དགོས། (What to do at India's Buddhist Holy Sites)'' * ''སངས་རྒྱས་ཀྱི་རིགས། (རྒྱུད་བླ་མ།) (Buddha Nature)'' * ''དབུ་མ་ལ་འཇུག་པ། (Introduction to the Middle Way)'' 3uhei7vzqki90174jgx40ebf80c6bmp 160602 160600 2026-04-05T08:43:12Z Pecha-G.Dhargyal 32780 160602 wikitext text/x-wiki {{databox}} ༄༅། །'''རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ།''' (༡༩༦༡ ཟླ་ ༦ ཚེས་ ༡༨ ཉིན་འབྲུག་ཡུལ་དུ་སྐུ་འཁྲུངས།) ཁོང་ལ་མཁྱེན་བརྩེ་ནོར་བུ་ཞེས་ཀྱང་ཞུ། ཁོང་ནི་བོད་ཀྱི་བླ་མ་དང་། གློག་བརྙན་བཟོ་སྐྲུན་པ། རྩོམ་པ་པོ་བཅས་ཡིན། ཁོང་གིས་བཟོ་སྐྲུན་གནང་བའི་གློག་བརྙན་གཙོ་བོ་ལྔ་ནི། ''ཕོར་པ'' (1999) དང་། ''འགྲུལ་པ་དང་སྒྱུ་མ་མཁན་'' (2003)། ''མཆོག་སྦྱིན། བྱིན་རླབས་ཤིག'' (2013)། ''ཧེ་མ་ཧེ་མ། ང་སྒུག་པའི་རིང་ལ་གཞས་ཤིག་ཐོངས་དང་།'' (2017)། ''མཆེ་བ་དང་ཁ་སྤུ་ཅན་གྱི་བུད་མེད་ཅིག་འཚོལ་བ'' (2019) བཅས་ཡིན། ཁོང་གིས་བརྩམས་པའི་ཕྱག་དེབ་གྲགས་ཆེ་བ་འགའ་ནི། ''ཁྱེད་རང་ནང་པ་ཞིག་མིན་པའི་རྒྱུ་མཚན་ཅི།'' (2007) དང་། ''སྐྱིད་པོའི་ཆེད་དུ་མིན། སྔོན་འགྲོའི་ལག་ལེན་གྱི་ལམ་སྟོན།'' (2012)། ''བླ་མས་བྷོར་བྷོན་བཞེས་སམ།'' (2016)། ''གསོན་པ་ནི་ཤི་བ་ཡིན།'' (2020) བཅས་ཡིན། གཞན་ཡང་ནང་ཆོས་དང་འབྲེལ་བའི་གསུང་རྩོམ་རིན་མེད་འགྲེམས་སྤེལ་གནང་བ་འགའ་ནི། ''དབུ་མ་ལ་འཇུག་པའི་མཆན་འགྲེལ'' (2003) དང་། ''ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ'' (2007) བཅས་ཡིན། ད་ལྟ་ཁོང་གིས་''མཁན་པ་སྐྱེས་''ཞེས་པའི་རང་རྣམ་ཞིག་ཀྱང་འབྲི་བཞིན་ཡོད། ཁོང་གི་ཆོས་འཁོར་གྱི་བརྙན་ཐུང་མང་པོ་ཞིག་གཞོན་ནུ་དོན་འགྲུབ་ཀྱི་དགོངས་པ་ཞེས་པའི་ཚོགས་པའི་ཡུ་ཊུབ་བརྒྱུད་ལམ་དུ་གཟིགས་རྒྱུ་ཡོད། ཁོང་ནི་༸སྐྱབས་རྗེ་དུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེའི་སྲས་བགྲེས་པ་དང་། སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཚ་བོ་ཡིན། རིན་པོ་ཆེ་ལ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཆེན་པོ་བཞི་ཀའི་དགེ་བའི་བཤེས་གཉེན་བཞུགས་ཤིང་། རིས་མེད་བསྟན་པར་ཐུགས་དགོངས་བཞེས་མཁན་ཞིག་ཡིན། ཁོང་གི་རྩ་བའི་བླ་མ་ནི་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཡིན། ཁོང་ནི་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཟབ་ཆོས་ཀྱི་རྒྱུད་འཛིན་པ་གཙོ་བོ་དེ་ཡིན། == སྐུ་ཕྲེང་རིམ་བྱོན། == རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ནི་ ༡༩༦༡ ལོར་འབྲུག་ཤར་ཕྱོགས་མཁན་པ་ལྗོངས་ཞེས་པའི་གནས་སུ་སྐུ་འཁྲུངས། དགུང་ལོ་བདུན་གྱི་ཐོག་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེས་མཁྱེན་བརྩེའི་སྐུ་ཕྲེང་གསུམ་པར་ངོས་འཛིན་གནང་། * '''སྐུ་ཕྲེང་དང་པོ།''' ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེ་དབང་པོ། (༡༨༢༠–༡༨༩༢) ཁོང་གིས་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་སོགས་དང་ལྷན་དུ་རིས་མེད་ཀྱི་བསྟན་པ་སྲོལ་གཏོད། ཁོང་གི་བཞུགས་གནས་གཙོ་བོ་ནི་ཁམས་སྡེ་དགེ་རྫོང་གསར་དགོན་པ་ཡིན། * '''སྐུ་ཕྲེང་གཉིས་པ།''' རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། (༡༨༩༣–༡༩༥༩) ཁོང་ནི་བོད་ཀྱི་བླ་མ་རྩ་ཆེན་ཞིག་ཡིན་པ་མ་ཟད། ནུབ་ཕྱོགས་སུ་གསང་སྔགས་ཀྱི་བསྟན་པ་སྤེལ་མཁན་བླ་མ་མང་པོའི་རྩ་བའི་བླ་མ་ཡིན། རིན་པོ་ཆེའི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་ཞིག་ ༢༠༠༣ ལོར་འགྲེམས་སྤེལ་བྱས་པ་ལ་ ''ངའི་རྩ་བའི་བླ་མའི་ཞལ་ལུང་'' ཞེས་ཞུ། == ཤེས་ཡོན་སློབ་གཉེར། == རིན་པོ་ཆེ་མཆོག་དགུང་ལོ་བཅུ་གཉིས་བར་འབྲས་ལྗོངས་རྒྱལ་པོའི་ཕོ་བྲང་དགོན་པར་སློབ་གཉེར་གནང་། མཁྱེན་བརྩེ་སྐུ་ཕྲེང་གི་རིས་མེད་སྲོལ་རྒྱུན་ལྟར། ཁོང་ལ་ས་དགེ་བཀའ་རྙིང་གི་བླ་མ་མང་པོ་བཞུགས་ཤིང་། ལྷག་པར་དུ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་དྲུང་ནས་སློབ་གཉེར་གནང་། དེ་རྗེས་རྒྱ་གར་ར་ཇི་པུར་ས་སྐྱ་མཐོ་རིམ་སློབ་གཉེར་ཁང་དང་། དེ་ནས་དབྱིན་ཡུལ་ལོན་ཌོན་གཙུག་ལག་སློབ་གཉེར་ཁང་ (SOAS) བཅས་སུ་སློབ་གཉེར་མཛད། དགུང་ལོ་ཆུང་དུས་ནས་བཟུང་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་འཛིན་སྐྱོང་ལ་ཕྱག་ལས་གནང་སྟེ། འཛམ་གླིང་ཡོངས་ལ་ཆོས་ཚོགས་འཛུགས་པ་དང་། ཉམས་ལེན་པ་ལ་རོགས་སྐྱོར། ཕྱག་དེབ་དཔེ་སྐྲུན་སོགས་མཛད། རིན་པོ་ཆེ་མཆོག་གིས་བོད་ཤར་ཕྱོགས་ཀྱི་རྫོང་གསར་དགོན་པ་དང་སྒྲུབ་སྡེ། དེ་བཞིན་རྒྱ་གར་ (བྷིར་དང་ཅོན་ཏ་ར) དང་འབྲུག་ཡུལ་བཅས་ཀྱི་བཤད་གྲྭ་ཁག་སྐྱོང་བཞིན་ཡོད། དེ་མིན་ཨོ་སི་ཁྲུ་ལི་ཡ་དང་། བྱང་ཨ་རི། ཤར་ཕྱོགས་རྒྱལ་ཁབ་ཁག་ཏུ་ཆོས་ཚོགས་བཙུགས། ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་དུ་ "རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་སློབ་གཉེར་ཁང་" རི་དྭགས་ཚལ་སློབ་གཉེར་ཁང་བཙུགས། འདིའི་དམིགས་ཡུལ་ནི་གནའ་བོའི་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་དགོངས་ལྟར། ནང་པ་སངས་རྒྱས་པའི་ཆོས་ལུགས་ཡོངས་དང་། རྒྱ་གར་གྱི་ལྟ་གྲུབ། སྒྱུ་རྩལ། ཚན་རིག་བཅས་ལ་སློབ་གཉེར་བྱ་རྒྱུ་དེ་ཡིན། ཕྱི་ལོ་ ༡༩༨༩ ལོར་གཞོན་ནུ་དོན་འགྲུབ་ཀྱི་དགོངས་པ་ཞེས་པའི་རྒྱལ་སྤྱིའི་ནང་པའི་ཚོགས་པ་བཙུགས། འདིའི་དམིགས་ཡུལ་གཙོ་བོ་ནི་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་དང་། ལྷག་པར་དུ་རིག་གཞུང་དང་ལམ་སྲོལ་གྱི་མཚམས་ལས་འདས་པའི་ནང་ཆོས་ཀྱི་གོ་རྟོགས་སྤེལ་རྒྱུ་དེ་ཡིན། རྒྱ་གར་བྱང་ཕྱོགས་སུ་བོད་པའི་བཙན་བྱོལ་བའི་ཁྲོད་ཕྱག་ལས་གནང་སྐབས། ཉམ་ཐག་པའི་བྱིས་པ་སྟོང་ཕྲག་མང་པོར་རོགས་སྐྱོར་གྱི་མཐུན་རྐྱེན་མེད་པ་གཟིགས་ནས། ༡༩༩༣ ལོར་པདྨ་དཀར་པོ་དགེ་རྩ་ཚོགས་པ་བཙུགས་ཏེ། སློབ་གསོའི་བརྒྱུད་ནས་བྱིས་པ་དེ་དག་ལ་རོགས་རམ་གནང་། མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་རང་ཉིད་ཀྱི་དུས་ཚོད་དང་མཐུན་རྐྱེན་རྣམས་དང་བླངས་ཀྱིས་བཏང་སྟེ་ཐོག་མའི་གཞི་རིམ་གྱི་མཐུན་རྐྱེན་རྣམས་བཙུགས་པ་དང་། ཆོས་ལུགས་དང་གྲུབ་མཐའ་གང་ཡིན་ལ་མ་ལྟོས་པར་འཛམ་གླིང་ཡོངས་ཀྱི་མི་རྣམས་ལ་སྐུལ་སློང་གནང་སྟེ། པདྨ་དཀར་པོ་དགེ་རྩ་ཚོགས་པ་འདི་ཉིད་བསམ་ཕྱོགས་གཅིག་མཐུན་གྱི་སྤྱི་ཚོགས་ཕན་བདེ་སྒྲུབ་མཁན་གྱི་རྒྱལ་སྤྱིའི་དང་བླངས་པའི་འབྲེལ་མཐུད་ཚོགས་པ་ཞིག་ཏུ་བསྒྱུར། ཁོང་གི་མཛད་པ་དང་དགོངས་བཞེད་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་རྗེས་འཇུག་པ་རྣམས་ཀྱིས་དབྱིན་ཇི་དང་། ཁེ་ན་ཌ། ཨོ་སི་ཁྲུ་ལི་ཡ། འཇར་མན། ཧྥ་རན་སི། ཧོང་ཀོང་། ཐེ་ཝན་བཅས་སུ་རང་སོ་སོའི་འབྲེལ་མཐུད་ཚོགས་པ་བཙུགས་ནས། རྒྱ་གར་དང་ཀམ་བྷོ་ཌི་ཡའི་ནང་གི་ཨེལ་ཨོ་(LO)སྟེ་པདྨ་ཞབས་ཞུ་ཞེས་པའི་ལས་གཞི་ཁག་ལ་རོགས་སྐྱོར་བྱེད་བཞིན་ཡོད། དེ་ནས་ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་ཁ་ལི་ཕོ་ནི་ཡར་ཨེལ་ཨོ་ LO (Lotus Outreach) ཞེས་པའི་ཚོགས་པ་དེ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཤིང་། ཚོགས་པ་འདིས་རྒྱ་གར་དང་ཀམ་བྷོ་ཌི་ཡའི་ནང་གི་ཉམ་ཐག་པའི་བུད་མེད་དང་བྱིས་པ་ཚོའི་སློབ་གསོ་དང་། འཕྲོད་བསྟེན། བདེ་འཇགས་བཅས་ཀྱི་ཆེད་དུ་ཕྱག་ལས་གནང་བཞིན་ཡོད། ཕྱི་ལོ་ ༢༠༠༡ ལོར་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ (Khyentse Foundation) བཙུགས། འདི་ནི་སངས་རྒྱས་ཀྱི་མཁྱེན་རབ་དང་བརྩེ་བ་ཉམས་ལེན་དང་སློབ་གཉེར་གནང་མཁན་གྱི་ཚོགས་པ་དང་མི་སྒེར་ལ་མཐུན་རྐྱེན་སྦྱོར་བའི་དགེ་རྩ་ཚོགས་པ་ཞིག་ཡིན། == གློག་བརྙན་བཟོ་སྐྲུན། == ཕྱི་ལོ་ ༡༩༩༣ ལོར་བརྙན་འཕྲིན་འཁྲབ་སྟོན་པ་བྷེར་ནར་ཌོ་ (Bernardo Bertolucci) ཡི་གློག་བརྙན་ ''སངས་རྒྱས་ཆུང་ཆུང་།'' ཞེས་པའི་ནང་རིན་པོ་ཆེས་ལམ་སྟོན་པའི་ཕྱག་ལས་གནང་ཞིང་། བོད་པའི་གྲྭ་པའི་ཆོ་ག་ཕྱག་ལེན་རྣམས་ལ་ཞིབ་བཤེར་གནང་། ཁོང་གིས་བྱ་དགའ་ཐོབ་པའི་གློག་བརྙན་བཞི་འཁྲབ་གཞུང་བྲིས་ཤིང་འཁྲབ་སྟོན་ལམ་སྟོན་གནང་བ་ནི། ''ཕོར་པ།'' (1999) དང་། ''འགྲུལ་པ་དང་སྒྱུ་མ་མཁན།'' (2003) འདི་ནི་འབྲུག་ཡུལ་དུ་བཟོས་པའི་གློག་བརྙན་རིང་བ་ཐོག་མ་དེ་ཡིན། ''མཆོག་སྦྱིན། བྱིན་རླབས་ཤིག'' (2013) དང་། ''ཧེ་མ་ཧེ་མ།'' (2016) བཅས་ཡིན། ཕྱི་ལོ་ ༢༠༠༩ ལོའི་དངོས་བྱུང་གློག་བརྙན་ ''སྤྲུལ་སྐུ་'' ཞེས་པའི་ནང་ཁོང་གིས་ནང་ཆོས་དང་སྤྲུལ་སྐུའི་ལམ་ལུགས་སྐོར་ལ་བགྲོ་གླེང་གནང་ཡོད། ''མཆོག་སྦྱིན། བྱིན་རླབས་ཤིག་'' ཅེས་པའི་གློག་བརྙན་དེ་ཀོ་རེ་ཡའི་བུ་སན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་དབུ་འབྱེད་དུ་བསྟན་པ་དང་། འདི་ནི་དུས་སྟོན་དེའི་དབུ་འབྱེད་དུ་རྒྱ་ནག་དང་ཀོ་རེ་ཡ་མ་ཡིན་པའི་གློག་བརྙན་ཞིག་བསྟན་པ་ཐོག་མ་དེ་ཡིན། ''ཧེ་མ་ཧེ་མ།'' ཞེས་པའི་གློག་བརྙན་དེ་ ༢༠༡༦ ལོར་སུད་སིའི་ལོ་ཀར་ནོ་ (Locarno) དུས་སྟོན་དུ་བསྟན་ཅིང་། ཊོ་རོན་ཊོ་ (Toronto) རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནས་བྱ་དགའ་ཐོབ། གློག་བརྙན་འདིས་ནང་ཆོས་ཀྱི་བརྗོད་གཞི་ཟབ་མོ་རྣམས་དེང་རབས་ཀྱི་གནད་དོན་དང་སྦྲགས་ནས་བསྟན་ཡོད། ''མཆེ་བ་དང་ཁ་སྤུ་ཅན་གྱི་བུད་མེད་ཅིག་འཚོལ་བ།'' (2019) ཞེས་པ་ནི་ཚོང་པ་ཞིག་གིས་རང་ཉིད་འཆི་ལ་ཉེ་བ་ཤེས་རྗེས་བླ་མ་ཞིག་གི་ལམ་སྟོན་ལྟར་བུད་མེད་ཁྱད་པར་བ་ཞིག་བཙལ་བའི་སྐོར་ཡིན། ཁོང་གི་གློག་བརྙན་གསར་ཤོས་ ''ལམ་མདོ་ཁའི་ཕག་པ།'' (2024) ཞེས་པ་ནི་འབྲུག་ཡུལ་གྱི་དགེ་རྒན་ལོ་ཆུང་ཞིག་གློ་བུར་དུ་རྐྱེན་ལམ་དུ་སོང་རྗེས་བར་དོའི་ནང་རང་གི་བྱས་ཉེས་ལ་འགྱོད་བཤགས་དང་འབྲེལ་བའི་སྐོར་ཡིན། == གསུང་རྩོམ་གཅེས་བཏུས། == * ''དུག་ནི་སྨན་ཡིན། (Poison is Medicine, 2021)'' * ''གསོན་པ་ནི་ཤི་བ་ཡིན། (Living Is Dying, 2020)'' * ''གནས་སྐོར་ལམ་ཡིག་མཆོག་གསུམ། (Best Foot Forward, 2018)'' * ''བླ་མས་བྷུར་བྷོན་མཆོད་དམ། (The Guru Drinks Bourbon?, 2016)'' * ''སྐྱིད་པོའི་ཆེད་དུ་མིན། སྔོན་འགྲོའི་ལམ་སྟོན། (Not for Happiness, 2012)'' * ''སྔོན་འགྲོའི་གསུང་ཆོས། (Teachings on Ngöndro)'' * ''ཁྱེད་རང་ནང་པ་ཞིག་མིན་པའི་རྒྱུ་མཚན་ཅི་ཡིན། (What Makes You Not a Buddhist, 2008)'' * ''རྒྱ་གར་གྱི་གནས་ཆེན་ཁག་ཏུ་ཅི་ཞིག་བྱེད་དགོས། (What to do at India's Buddhist Holy Sites)'' * ''སངས་རྒྱས་ཀྱི་རིགས། (རྒྱུད་བླ་མ།) (Buddha Nature)'' * ''དབུ་མ་ལ་འཇུག་པ་ངོ་སྤྲོད། (Introduction to the Middle Way)'' sqrn1s2uds4ogflb68ydbtcheyx2qsm སྤྱོད་མཁན་གྱི་ བགྲོ་གླེང་།:Kkonchok yeshi/sandbox 3 27601 160599 2026-04-05T02:45:05Z ~2026-20690-24 35422 /* ཁེར་རྐྱང་། */ new section 160599 wikitext text/x-wiki == ཁེར་རྐྱང་། == ཁེར་རྐྱང་། སུན་སྣང་བཞིན་རྔམ་མཐུག་པའི་གྱང་ལེབས་སུ སུ་ཞིག་གི་མཛུབ་མོས་སེའུ་ཁུང་ཞིག་བིས་སོང སོངས་དྲགས་ནས་བར་སྲུབས་མེད་པའི་སེའུ་ཁུང་དེར ཡུག་ཡུག་ཏུ་རྒྱུ་བའི་རླུང་བུ་ཞིག་ཀྱང་ཡང་ཡང་འཁོར ཐང་ཆད་དེ་དམར་མདངས་ཆགས་པའི་མེ་ལོང དེའི་དཀྱིལ་འཁོར་དུ་སྣང་བའི་ངོ་གདོང་སྐམ་པོ་ཞིག་གི་སྐད་སྒྲ སུ་ཞིག་གི་རྣ་བས་ཉན་ཏེ སུ་ལ་སྒུགས་ཡོད གོ་བུར་དུ་སྣ་སིད་ཅིག་བརྒྱབ་པ་དེས ཕོགས་བཞིའི་གྱང་ལེབས་ལ་བག་ཅ་མང་པོ་ཡང་ཡང་འཁོར བག་ཅ་དེས་རང་ཉིད་ཀྱང་བ་སྤུ་ཟིང་ངེར་བཟོས རྒྱང་དུ་ཡལ་ཏེ་རྒྱབ་གཟུགས་མི་མཐོང་བའི་དུས་ཚོད མགོ་བོ་སོར་ཏེ་སིད་ཀྱིན་པའི་ལག་པ་གཉིས་ཀྱི་མཛུབ་བར་ནས་ཤོར་ཞིང ཡང་ཡང་རྔུབ་ཏེ་མཆུ་སྒྲོས་ཀྱང་བསེགས་ལ་ཉེ་བའི ཐ་མག་གི་ལྷག་མ ཐལ་ཀོང་དུ་འཚང་ཁ་ཤིག་ཤིག་རུབ སྐབས་འདིར རང་གཅིག་པུས་ཨ་རག་ཅིག་འཐུང་ངམ ཨ་རག་ཅིག་འཐུང་ངམ རྡུང་མཁན་མེད་པར་ཧད་དེ་ལུས་པའི་སོ་གེགས་དེ སུ་ཡིན་ནམ འབོད་མཁན་མེད་པར་ཉོབ་སེར་ལུས་པའི་ཁོར་ཡུག་དེ སུ་ཡིན་ནམ ལེབས་ངོས་ཀྱི་མི་དེ་ཇི་འདྲས་སུན་པ་ལ ལེབས་ངོས་ཀྱི་དུས་ཚོད་འཁོར་ལོ་དེ་ཇི་འདྲས་སུན་པ་ལ ལྟ་ཚུལ་དང་པོ། ༡. སྙན་ངག་གི་བརོད་བྱ་གཙོ་བོ། སྙན་ངག་འདིའི་བརོད་བྱ་གཙོ་བོ་ནི་ “ཁེར་རྐྱང་” དེ་ཉིད་ཡིན། འོན་ཀྱང་དེ་ནི་སིར་བཏང་གི་ཁེར་རྐྱང་ ཙམ་མ་ཡིན་པར། སི་ཚོགས་དང་ཁོར་ཡུག་ལས་བཀར་བའི་དབེན་འཇགས་ཀྱི་ཁོད་ནས། རང་ཉིད་རང་ ལ་གཏད་དེ་སུན་སྣང་དང་རེ་ཆད་སེས་པའི་སེམས་ཁམས་ཤིག་མཚོན་ཡོད། ༢. ཚིག་རྐང་སོ་སོའི་གོ་དོན་ཞིབ་མོ། • སེའུ་ཁུང་བིས་པའི་གྱང་ལེབས། གྱང་ངོས་སུ་སེའུ་ཁུང་ཞིག་ “བིས་” ཡོད་པ་ལས་དངོས་སུ་ཡོད་པ་མ་རེད། འདིས་འཇིག་རེན་ དང་འབེལ་བ་ཆད་པའི་བཙོན་དོང་ལྟ་བུའི་ཁང་མིག་ཅིག་མཚོན་ལ། རེ་བའི་སེའུ་ཁུང་དེ་ཡང་ སེམས་ཀྱི་འཆར་ཡན་ཙམ་ལས་དངོས་ཡོད་མ་ཡིན་པའི་སྡུག་བསྔལ་མཚོན་ཡོད། • མེ་ལོང་དང་ངོ་གདོང་སྐམ་པོ། མེ་ལོང་ནི་རང་ཉིད་ལ་རང་གིས་ལྟ་བྱེད་ཅིག་ཡིན། དེའི་ནང་གི་ངོ་གདོང་སྐམ་པོ་དང་སྐད་སྒྲ་ དེས། རང་ཉིད་ཀྱི་གཟུགས་པོ་དང་སེམས་པ་གཉིས་ཀ་ཟད་པར་གྱུར་ཏེ། སུ་ཞིག་ལ་སྒུག་ཀྱང་སུ་ ཡང་མི་ཡོང་བའི་སོང་ཆ་དེ་བསན་ཡོད། • སྣ་སིད་དང་བག་ཅ། སྣ་སིད་ཅིག་བརྒྱབ་པས་བག་ཅ་འཁོར་བ་དེས། ཁང་བའི་ནང་དུ་སྒྲ་ཅི་ཡང་མེད་པའི་འཇམ་ཐིང་ ཐིང་གི་གནས་བབས་དེ་མཚོན་ལ། དེས་རང་ཉིད་ལ་འཇིགས་སྣང་ངམ་བ་སྤུ་ཟིང་བའི་ཚོར་བ་ སེར། འདིས་ཁེར་རྐྱང་ནི་སྐྲག་སྣང་ཞིག་ཏུ་གྱུར་ཡོད་པ་བསན་པའོ།། • དུས་ཚོད་དང་ཐ་མག དུས་ཚོད་ལག་པའི་བར་ནས་ཤོར་བ་དང་། ཐ་མག་གི་ཐལ་བ་སྤུངས་པ་དེས། དོན་མེད་དུ་དུས་ ཚོད་བསེལ་བཞིན་པའི་སུན་སྣང་དང་། རེ་བ་ཟད་པའི་མི་ཚེའི་ཉིན་མོ་དག་མཚོན་གྱི་ཡོད། • ཨ་རག་དང་སོ་གེགས། ཨ་རག་ནི་ཁེར་རྐྱང་དང་སྡུག་བསྔལ་བརེད་བྱེད་ཀྱི་ལག་ཆ་ལྟ་བུ་ཡིན། སོ་བརྡུང་མཁན་མེད་པ་ དང་འབོད་མཁན་མེད་པའི་ཁོར་ཡུག་དེས། འཇིག་རེན་འདིར་རང་ཉིད་གཅིག་པུར་ལུས་པའི་ སེམས་ཀྱི་ན་ཟུག་མཚོན་ཡོད། ༣. སྒྱུ་རྩལ་གྱི་མཚོན་ཐབས་གཙོ་བོ། 1. མངོན་སུམ་མཚོན་ཐབས (Imagery): སྙན་ངག་པས་ “གྱང་ལེབས”། “མེ་ལོང”། “ཐ་མག”། “ཨ་ རག” སོགས་དངོས་པོ་གསོན་པོ་དག་བཀོལ་ནས། མི་མངོན་པའི་ཁེར་རྐྱང་གི་སེམས་ཁམས་དེ་ མིག་ལམ་དུ་འཆར་ཐུབ་པ་བཟོས་ཡོད། 2. འཆར་ཡན་དང་དངོས་ཡོད (Surrealism & Realism): གྱང་ལེབས་སུ་སེའུ་ཁུང་འབི་བ་དང་། དེར་རླུང་བུ་རྒྱུ་བ་ནི་འཆར་ཡན་གྱི་ཐབས་ལམ་ཡིན། འདིས་རེ་ཆད་པའི་མིའི་བསམ་བོའི་འཁྲུལ་ སྣང་མཚོན་པར་བྱེད། 3. མི་གཞི་ཅན་དུ་བསྒྱུར་བ (Personification): དུས་ཚོད་འཁོར་ལོ་དེ་ “སུན་པ་” ལྟ་བུར་བིས་ཏེ། མིའི་ནང་སེམས་ཀྱི་ཚོར་བ་དེ་ཕི་རོལ་གྱི་དངོས་པོའི་སེང་དུ་བཀལ་ནས་མཚོན་པར་བྱས་ཡོད། 4. ཟུར་ཟ་དང་ལོག་འབི (Irony): སེའུ་ཁུང་ཡོད་ཀྱང་ཕི་རུ་བལྟ་ས་མེད་ལ། རྣ་བས་ཉན་ཀྱང་ཐོས་རྒྱུ་ མེད་པ་སོགས་ཀྱིས། འདོད་ཐོག་ཏུ་མི་འོང་བའི་འཇིག་རེན་གྱི་སྡུག་བསྔལ་དེ་མཚོན་ནོ།། བསོམས་ཚིག སྙན་ངག་འདི་ནི་དེང་རབས་ཀྱི་འཚོ་བའི་ཁོད་ནས། མི་རྣམས་ཀྱི་བསམ་བོའི་གཏིང་རུམ་དུ་ཡོད་པའི་ཁེར་ རྐྱང་དང་། སི་ཚོགས་དང་འབེལ་བ་ཆད་པའི་སེམས་ཁམས་དེ་སྒྱུ་རྩལ་གྱི་ལམ་ནས་བིས་པའི་བརྩམས་ ཆོས་ལེགས་པོ་ཞིག་རེད། ཀོག་པ་པོར་དབེན་འཇགས་དང་། ཡིད་མུག སུན་སྣང་བཅས་ཀྱི་ཚོར་བ་ཞིག་ ཅིག་ཅར་དུ་སེར་ཐུབ་ཀྱི་འདུག ལྟ་ཚུལ་གཉིས་པ། ༡. སྙན་ངག་འདིའི་རྩ་དོན། (The Core Principle) སྙན་ངག་འདིའི་རྩ་དོན་ནི། "དངོས་ཡོད་འཇིག་རེན་གྱི་སོང་ཆ་དང་། ནང་སེམས་ཀྱི་འཁྲུལ་སྣང་བར་གྱི་ འགལ་བ་" དེ་ཡིན། སྙན་ངག་པས་མི་ཞིག་ཁེར་རྐྱང་དུ་ལུས་སྐབས། ཕི་རོལ་གྱི་དངོས་པོ་ (གྱང་། སེའུ་ཁུང་། མེ་ལོང་། དུས་ཚོད) དག་ནི་སིར་བཏང་གི་དངོས་པོ་མ་ཡིན་པར། སེམས་ཀྱི་ན་ཟུག་དང་སུན་སྣང་མཚོན་ བྱེད་ཀྱི་བརྡ་རགས་སུ་བསྒྱུར་ཡོད། ༢. ཧིལ་གྱིས་ལྟ་སངས། (Holistic View - སི་ཁོག་ནས་ལྟ་བ) སི་ཁོག་ནས་བལྟས་ན། སྙན་ངག་འདིས་“ཁང་མིག་ཅིག་གི་ནང་གི་འཇིག་རེན་” ཞིག་བིས་འདུག དེའི་ནང་ དུ་སྙན་ངག་པ་རང་ཉིད་དང་། ཁོའི་བསམ་བོའི་འཆར་སྣང་གཉིས་ལས་མེད། • ཁོར་ཡུག: གྱང་རྩིག་གིས་བསྐོར་བའི་ཁང་མིག་དོག་པོ་ཞིག • གནས་བབས: སྒུག་བཞིན་ཡོད་ཀྱང་སུ་ཡང་མི་ཡོང་བ། སྨྲ་བཞིན་ཡོད་ཀྱང་ཉན་མཁན་མེད་པ། • མཇུག་སོམ: མཐར་དངོས་པོ་ཐམས་ཅད་ (དུས་ཚོད་དང་མི་ཚུད་པ) སུན་སྣང་གིས་ཁྱབ་པའི་ གནས་སངས་ཤིག་མཚོན་ཡོད། འདིས་དེང་རབས་མིའི་རིགས་ཀྱི་སེམས་ཁམས་ཀྱི་ཁེར་རྐྱང་ དེ་ ཤུགས་ཀྱིས་མཚོན་ནོ།། ༣. བཤིག་ནས་ལྟ་སངས། (Deconstructive View - རེ་རེ་བཞིན་དཔྱད་པ) ཀ སེའུ་ཁུང་དང་གྱང་ལེབས། (རེ་བ་དང་བཙོན་རྭ།) • གྱང་ལེབས་སུ་སེའུ་ཁུང་ “བིས་” པ་དེས་མིའི་རེ་བ་མཚོན་ལ། དེ་དངོས་ཡོད་མ་ཡིན་པར་རི་མོ་ ཙམ་ཡིན་པས་རེ་བ་དེ་སོང་ཟད་ཡིན་པ་བསན། • "རླུང་བུ་འཁོར་བ་" དེས་ཁེར་རྐྱང་གི་གྲང་ཤས་དང་སོང་ཆ་དེ་ཇེ་དྲག་ཏུ་བཏང་ཡོད། ཁ མེ་ལོང་དང་ངོ་གདོང་། (རང་ཉིད་ངོ་མ་ཤེས་པའི་སྡུག་བསྔལ།) • མེ་ལོང་དམར་མདངས་ཆགས་པ་ནི་ཐང་ཆད་པའི་མིག་གམ་སེམས་ཀྱི་ཚོར་བ་ཞིག་ཡིན་སིད། • "ངོ་གདོང་སྐམ་པོའི་སྐད་སྒྲ" ཞེས་པ་ནི་རང་གིས་རང་ལ་སྨྲེ་ངག་འདོན་པ་ལས་གཞན་ལ་བཤད་ ས་མེད་པ་དེ་རེད། འདིར་ "རྣ་བས་ཉན་ཏེ་སུ་ལ་སྒུག" ཅེས་པ་དེས་རེ་སྒུག་གི་ཡིད་མུག་དེ་མཚོན་ ནོ།། ག སྣ་སིད་དང་བག་ཅ། (ཁེར་རྐྱང་གི་སྒྲ་བརྙན།) • སྣ་སིད་ཅིག་གིས་བག་ཅ་འཁོར་བ་ནི། ཁང་བའི་ནང་དེ་འདྲའི་ཁུ་སིམ་པོ་ཡོད་པ་མཚོན་བྱེད་ཡིན། • "བ་སྤུ་ཟིང་བ" དེས་རང་གི་གྲིབ་མ་ལའང་རང་ཉིད་སྐྲག་པའི་ཚོར་བ་སེ། ཁེར་རྐྱང་གིས་མི་ཞིག་ སོ་ལ་ཁད་དུ་བཟོས་པ་མཚོན་ནོ།། ང ཐ་མག་དང་དུས་ཚོད། (ཟད་བཞིན་པའི་མི་ཚེ།) • དུས་ཚོད་ནི་མཛུབ་བར་ནས་ཤོར་བའི་བྱེ་མ་ལྟ་བུ་དང་། ཐ་མག་གི་ལྷག་མ་ནི་ཟད་ཟིན་པའི་མི་ ཚེའི་དུམ་བུ་ལྟ་བུ་ཡིན། • "འཚང་ཁ་ཤིག་ཤིག་" ཅེས་པས་ཐ་མག་མང་པོ་བཟས་ཡོད་པ་བསན་ལ། དེས་སེམས་ཀྱི་ཟང་ཟིང་ དང་སུན་སྣང་དེ་བརོད་ཡོད། ཅ ཨ་རག་དང་སོ་གེགས། (ལན་འདེབས་མེད་པའི་དྲི་བ།) • སྙན་ངག་པས་ "ཨ་རག་འཐུང་ངམ" ཞེས་ཐེ་ཚོམ་གྱི་སོ་ནས་འདྲི་བ་ནི། ཁེར་རྐྱང་གི་སྡུག་བསྔལ་ ལས་ཐར་བའི་ཐབས་ཤེས་གཞན་མེད་པའི་རགས་རེད། • སོ་གེགས་དང་ཁོར་ཡུག་ནི་ "སུ་ཡིན་ནམ" ཞེས་དངོས་པོ་རྣམས་ལའང་དོགས་པ་ཟ་བ་ནི། རང་ ཉིད་འཇིག་རེན་འདི་དང་འབེལ་བ་རྩ་བ་ནས་ཆད་དེ་ "བདག་" ཅེས་པ་དེ་ཡང་སོངས་ཟིན་པ་ མཚོན་ནོ།། ༤. ཁ་སྣོན་གྱི་བསམ་གཞིག སྙན་ངག་འདིའི་མཇུག་མཐར། "ལེབས་ངོས་ཀྱི་མི་དེ་ཇི་འདྲས་སུན་པ་ལ" ཞེས་པ་དེས་ "རང་ཉིད་ཀྱང་ རང་ལ་སུན་པའི་" གནས་སངས་མཐར་ཐུག་པ་དེ་བསན་ཡོད། དེ་ནི་སིར་བཏང་གི་ཁེར་རྐྱང་ཙམ་མ་ཡིན་ པར། འཚོ་བ་ལ་དོན་སྙིང་མ་མཐོང་བའི་ "སོང་ཉིད་ཀྱི་སྡུག་བསྔལ་" (Existential Vacuum) ཞིག་རེད། མཚོན་ཐབས་ཀྱི་ཁྱད་ཆོས: • སྒྲ་དང་ཁུ་སིམ: སྣ་སིད་ཀྱི་སྒྲ་དང་བག་ཅ། • ཚོན་མདོག: དམར་མདངས། ས་བོ (ཐལ་བ)། • རེག་བྱ: གྲང་བ (རླུང་)། ཚ་བ (ཐ་མག་གིས་བསེགས་པ)། ལྟ་ཚུལ་གསུམ་པ། སོ་མང་པོ་ནས་ལྟ་བ། ༡. སྒྲིག་གཞི་རིང་ལུགས་ཀྱི་སོ་མོ། (Structuralist Door - བརྡ་རགས་དང་འགལ་ཟླ།) འདིའི་ཐབས་ལམ་ནི་སྙན་ངག་ནང་གི་འགལ་ཟླའི་ཆ་ (Binary Opposites) དག་ལ་བརེན་ནས་གོ་དོན་ འཚོལ་བ་དེ་ཡིན། • ཕི་དང་ནང་: སེའུ་ཁུང་ནི་ཕི་རོལ་ལ་ལྟ་བྱེད་ཡིན་ཡང་། འདིར་སེའུ་ཁུང་དེ་གྱང་ལེབས་སུ་“བིས་ ”ཡོད། འདིས་ཕི་རོལ་གྱི་འཇིག་རེན་ནི་ནང་གི་འཆར་ཡན་དུ་གྱུར་ཟིན་པ་བསན། • སྒྲ་དང་ཁུ་སིམ: “སྣ་སིད་” ནི་སྒྲ་ཆུང་ཆུང་ཞིག་ཡིན་ཡང་། དེས་ “བག་ཅ་” ཆེན་པོ་བཟོས་པ་དེས། ཁང་བའི་ནང་གི་ཁུ་སིམ་མམ་སོང་ཆ་དེ་ཧ་ཅང་གཏིང་ཟབ་པོ་ཡིན་པ་མཚོན་ནོ།། • གསོན་པོ་དང་བེམ་པོ: མི་དེ་གསོན་པོ་ཡིན་ཡང་། མཇུག་མཐར་ “དུས་ཚོད་འཁོར་ལོ་” དང་ “མི་ ” གཉིས་ཀ་ “སུན་པ་” གཅིག་མཚུངས་སུ་བིས་པ་དེས། མི་དེ་དངོས་པོ་ཞིག་གི་གནས་བབས་སུ་ ལྷུང་བ་ (Objectification) མཚོན་ཡོད། ༢. སེམས་ཁམས་དཔྱད་ཞིབ་ཀྱི་སོ་མོ། (Psychoanalytic Door - མངོན་མེད་སེམས་ཁམས།) ཧ ྥུ འུ་ལ ོ་དྲི་ (Freud) ཡི་ལྟ་བ་ལྟར་ན། སྙན་ངག་འདི་ནི་སྙན་ངག་པའི་“རང་ཉིད་ལ་བཅངས་པའི་འཇིགས་ སྣང་” ཞིག་ཡིན། • མེ་ལོང་ནང་གི་ངོ་གདོང་: མེ་ལོང་ནང་གི་ངོ་གདོང་དེ་ “རང་ཉིད་” དུ་མ་མཐོང་བར། “ངོ་གདོང་ སྐམ་པོ་ཞིག་གི་སྐད་སྒྲ་” ལྟ་བུའི་ཆ་མེད་རྒྱུས་མེད་ཀྱི་དངོས་པོ་ཞིག་ཏུ་མཐོང་བ་དེས། རང་ཉིད་ རང་ལས་ལོགས་སུ་བུད་པའི་སེམས་ཁམས་ཀྱི་ན་ཟུག་ (Self-Alienation) མཚོན་ཡོད། • ཐ་མག་གི་ཐལ་བ: ཐ་མག་གི་ལྷག་མ་ “འཚང་ཁ་ཤིག་ཤིག་” ཡོད་པ་དེས། ནང་སེམས་ཀྱི་རྙོག་ འཛིང་དང་། རང་ཉིད་རང་གིས་ཟད་པར་བྱེད་པའི་ (Self-destructive) འདོད་པ་མངོན་མེད་དུ་ བསན་ཡོད། ༣. གནས་ལུགས་རིང་ལུགས་ཀྱི་སོ་མོ། (Existentialist Door - སོངས་པ་དང་འཚོ་བའི་སྙིང་པོ།) སྙན་ངག་འདི་ནི་ས་ཏེ་ (Sartre) སོགས་ཀྱིས་བཤད་པའི་ “སུན་སྣང་” (Nausea/Boredom) གྱི་མཚོན་དོན་ ངོ་མ་ཞིག་རེད། • དོན་མེད་པའི་དུས་ཚོད: དུས་ཚོད་ནི་ “མཛུབ་བར་ནས་ཤོར་བའི་” ཆུ་ལྟ་བུ་རེད། འདིར་དུས་ ཚོད་ལ་དོན་སྙིང་ཅི་ཡང་མེད། དེ་ནི་འཁོར་བ་ཙམ་དང་སུན་སྣང་ཙམ་རེད། • སུ་ཡིན་ནམ: མཇུག་གི་ “སོ་གེགས་དེ་སུ་ཡིན་ནམ། ཁོར་ཡུག་དེ་སུ་ཡིན་ནམ” ཞེས་པའི་དྲི་བ་དེས། འཇིག་རེན་འདིར་གཏན་འཁེལ་བའི་དོན་དག་ཅིག་མེད་པ་དང་། ཐམས་ཅད་ཆ་མེད་རྒྱུས་མེད་ (Absurd) དུ་གྱུར་པའི་སོ་གར་དེ་མཚོན་ཡོད། ༤. བཤིག་ནས་ལྟ་བའི་སོ་མོ། (Deconstruction Door - གོ་དོན་བཤིག་པ།) འདིའི་ཐབས་ལམ་གྱིས་སྙན་ངག་གི་ཚིག་གི་“བརན་པོའི་གོ་དོན་” དེ་བཤིག་པར་བྱེད། • སྙན་ངག་འདིའི་ནང་ “ཁེར་རྐྱང་” ཞེས་པ་དེ་ “གཅིག་པུར་ལུས་པ་” ལྟ་བུ་མ་ཡིན་པར། རང་ཉིད་ ནི་མང་པོ་ཞིག་ཏུ་གྱུར་ཡོད། དཔེར་ན། མེ་ལོང་ནང་གི་མི་དེ་དང་། གྱང་ལེབས་ཀྱི་མི་དེ་དང་། སྙན་ངག་འབི་མཁན་གྱི་མི་དེ་བཅས་སོ།། • འོན་ཀྱང་། མི་དེ་དག་ཐམས་ཅད་ཀྱིས་ཕན་ཚུན་ལ་སྐད་ཆ་མི་བཤད་ལ། ཕན་ཚུན་ལ་འབེལ་བ་ མེད། དེས་ན། “ཁེར་རྐྱང་” ནི་མི་གཅིག་པུར་ལུས་པ་དེ་མ་ཡིན་པར། རང་གི་ནང་དུ་ཡོད་པའི་ རང་ཉིད་མང་པོ་དག་འབེལ་བ་ཆད་པ་ དེ་ལ་ཟེར་བ་བཤིག་ནས་རོགས་ཐུབ། ༥. མཛེས་དཔྱོད་རིག་པའི་སོ་མོ། (Aesthetic Door - སྣང་བརྙན་གྱི་སྒྱུ་རྩལ།) • བརྙན་རིས་ཀྱི་ནུས་པ: སྙན་ངག་པས་ “དམར་མདངས”། “ས་བོ”། “རྔམ་མཐུག་པའི་གྱང་” སོགས་ ཀྱིས་ཀོག་པ་པོའི་མིག་ལམ་དུ་རི་མོ་ཞིག་བིས་ཡོད། • ཚོར་བའི་རིམ་པ: ཐོག་མར་ “མིག་” གིས་མཐོང་བའི་གྱང་། དེ་ནས་ “རྣ་བས་” ཐོས་པའི་སྐད་སྒྲ། དེ་ནས་ “ལུས་ཀྱིས་” ཚོར་བའི་བ་སྤུ་ཟིང་བ། མཐར་ “རོ་མོང་” བའི་ཨ་རག་དང་ཐ་མག འདིས་ ཀོག་པ་པོའི་དབང་པོ་ལྔ་ཀ་སུན་སྣང་གི་རྒྱ་མཚོའི་ནང་དུ་འཐིམ་པར་བྱེད། ཧིལ་གྱིས་བསོམས་པའི་དཔྱད་བརོད། སྙན་ངག་འདི་ནི་ཁང་མིག་ཅིག་གི་ནང་དུ་བཙུད་པའི་ “མིའི་སེམས་ཀྱི་འཇིག་རེན་” དེ་རེད། དེའི་ནང་དུ་ དངོས་པོ་ཐམས་ཅད་ (གྱང་། སོ། འཁོར་ལོ། མེ་ལོང་) ལ་སོག་ཡོད་པ་ལྟར་བིས་ནས། མི་དེ་ཉིད་ནི་སོག་ མེད་པའི་བེམ་པོ་ལྟ་བུའི་སུན་སྣང་གི་ནང་དུ་བྱིངས་ཡོད། [[དམིགས་བསལ།:Contributions/&#126;2026-20690-24|&#126;2026-20690-24]] ([[སྤྱོད་མཁན་གྱི་ བགྲོ་གླེང་།:&#126;2026-20690-24|talk]]) ༠༢:༤༥, ༥ ཟླ་བཞི་བ། ༢༠༢༦ (UTC) m0l6decbn4t1g5am9g7bx1klewfzphv མཁྱེན་བརྩེ་ནོར་བུ། 0 27602 160601 2026-04-05T08:17:36Z Pecha-G.Dhargyal 32780 Pecha-G.Dhargyal moved page [[མཁྱེན་བརྩེ་ནོར་བུ།]] to [[རྫོང་སར་མཁྱེན་བརྩེ།]]: རིན་པོ་ཆེའི་མཚན་ཡོངས་གྲགས་ཆེ་ཤོས་དེ་རྫོང་སར་མཁྱེན་བརྩེ་ཡིན་པས་དེ་ལ་སྒྱུར་ན་ལེགས། 160601 wikitext text/x-wiki #REDIRECT [[རྫོང་སར་མཁྱེན་བརྩེ།]] 1oqzdjkaec1ntac0pyn6dghhsjc7wkg