Wikipedia bowiki https://bo.wikipedia.org/wiki/%E0%BD%82%E0%BD%99%E0%BD%BC%E0%BC%8B%E0%BD%84%E0%BD%BC%E0%BD%A6%E0%BC%8D MediaWiki 1.46.0-wmf.24 first-letter མི་ཌི་ཡ་། དམིགས་བསལ། བགྲོ་གླེང་། སྤྱོད་མཁན། སྤྱོད་མཁན་གྱི་ བགྲོ་གླེང་། Wikipedia Wikipedia བགྲོ་གླེང་། ཡིག་ཆ། ཡིག་ཆའི་ བགྲོ་གླེང་། མི་ཌི་ཡ་ཝི་ཀི། མི་ཌི་ཡ་ཝི་ཀིའི་ བགྲོ་གླེང་། དཔེ་པང་། དཔེ་པང་གི་ བགྲོ་གླེང་། རམ་འདེགས། རམ་འདེགས་ཀྱི་ བགྲོ་གླེང་། རིགས་དབྱེ། རིགས་དབྱེའི་ བགྲོ་གླེང་། TimedText TimedText talk Module Module talk Event Event talk སྤྱོད་འཇུག་པའི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ། 0 25235 161400 154955 2026-04-28T04:19:18Z Pecha-Choedup 32801 161400 wikitext text/x-wiki {{Databox}} ༄༅། །'''[https://library.bdrc.io/osearch/search?q=%E0%BD%96%E0%BE%B1%E0%BD%84%E0%BC%8B%E0%BD%86%E0%BD%B4%E0%BD%96%E0%BC%8B%E0%BD%A6%E0%BD%BA%E0%BD%98%E0%BD%A6%E0%BC%8B%E0%BD%91%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%A4%E0%BE%B1%E0%BD%BC%E0%BD%91%E0%BC%8B%E0%BD%94%E0%BC%8B%E0%BD%A3%E0%BC%8B%E0%BD%A0%E0%BD%87%E0%BD%B4%E0%BD%82%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A2%E0%BE%A3%E0%BD%98%E0%BC%8B%E0%BD%94%E0%BD%A2%E0%BC%8B%E0%BD%96%E0%BD%A4%E0%BD%91%E0%BC%8B%E0%BD%94%E0%BC%8B%E0%BD%90%E0%BD%BA%E0%BD%82%E0%BC%8B%E0%BD%86%E0%BD%BA%E0%BD%93%E0%BC%8B%E0%BD%86%E0%BD%BC%E0%BD%A6%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BC%8B%E0%BD%98%E0%BD%9A%E0%BD%BC%E0%BC%8B%E0%BD%9F%E0%BD%96%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%A6%E0%BC%8B%E0%BD%98%E0%BD%90%E0%BD%A0%E0%BC%8B%E0%BD%A1%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%99%E0%BD%B2%E0%BD%84%E0%BC%8B%E0%BD%94%E0%BD%BC བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ཞེས་བྱ་བ་བཞུགས་སོ་]'''ཞེས་པ་འདི་ནི། བོད་ཀྱི་ནང་བསྟན་ལོ་རྒྱུས་སྨྲ་བ་པོ་དང་[[ཀརྨ་བཀའ་བརྒྱུད་|ཀརྨ་བཀའ་བརྒྱུད]]་པའི་མཁས་དབང་ཆེན་པོ་[https://treasuryoflives.org/biographies/view/Pawo-Tsuglag-Trengwa/5511 དཔའ་བོ་གཙུག་ལག་ཕྲེང་བ]་མཆོག་གིས་མཛད་པའི་བསྟན་བཅོས་ཤིག་ཡིན། གཞུང་འདི་ནི་རྒྱལ་སྲས་ཆེན་པོ་[[:en:Shantideva|ཞི་བ་ལྷ]]ས་མཛད་པའི་«[[སྤྱོད་འཇུག|བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་]]»(བསྡུས་མིང་དུ་སྤྱོད་འཇུག་)ཅེས་པའི་གཞུང་གི་འགྲེལ་པ་རྒྱས་ཤོས་གྲས་ཤིག་ཡིན། བརྗོད་བྱ་སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་དང་། བྱང་ཆུབ་སེམས་དཔའི་བསླབ་བྱ་སྟེ་[[ཕ་རོལ་དུ་ཕྱིན་པ་དྲུག་|ཕ་རོལ་ཏུ་ཕྱིན་པ་དྲུག]]་གི་ཉམས་ལེན་རྣམས་གཏན་ལ་འབེབས་པ་དེ་ཡིན། བོད་ཀྱི་རིག་གཞུང་དང་ནང་དོན་རིག་པའི་ལོ་རྒྱུས་ཁྲོད་དུ། འགྲེལ་པ་འདི་ཉིད་[[བཀའ་བརྒྱུད་པ།|བཀའ་བརྒྱུད་པ]]འི་གཞུང་ལུགས་ཀྱི་ལྟ་བ་དང་ཉམས་ལེན་གྱི་གནད་དག་གསལ་བར་སྟོན་པའི་བསྟན་བཅོས་གལ་ཆེན་ཞིག་ཏུ་བརྩི་བ་ཡིན། === གཞུང་གི་ངོ་སྤྲོད་མདོར་བསྡུས། === ==== '''གཞུང་གི་མཚན།''' ==== གཞུང་འདིའི་མཚན་བྱང་ཆ་ཚང་ལ་«བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།»ཞེས་ཞུ། བསྡུས་མིང་དུ་«སྤྱོད་འཇུག་འགྲེལ་ཆེན་»ནམ་«གཙུག་ལག་འགྲེལ་ཆེན་»ཞེས་ཀྱང་གྲགས། ==== '''མཛད་པ་པོ།''' ==== གཞུང་འདི་ནི་ཀརྨ་བཀའ་བརྒྱུད་པའི་མཁས་དབང་ཆེན་པོ་[https://treasuryoflives.org/biographies/view/Pawo-Tsuglag-Trengwa/5511 དཔའ་བོ་སྐུ་ཕྲེང་གཉིས་པ་གཙུག་ལག་ཕྲེང་བ]་ (༡༥༠༤-༡༥༦༦) མཆོག་གིས་མཛད་པ་ཡིན། ཁོང་ནི་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེའི་དངོས་སློབ་ཡིན་ཞིང་། བོད་ཀྱི་ལོ་རྒྱུས་རིག་པའི་གཞུང་ཆེན་«[https://library.bdrc.io/show/bdr:MW7499?s=%2Fshow%2Fbdr%3AP319 ཆོས་འབྱུང་མཁས་པའི་དགའ་སྟོན་]»ཞེས་པ་མཛད་པས་མཚན་སྙན་ཤིན་ཏུ་ཆེ། ==== '''བརྩམས་པའི་དུས་སྐབས།''' ==== བསྟན་བཅོས་འདི་ནི་ཕྱི་ལོ་ ༡༥༥༦ ལོར་གདན་ས་ཆེན་པོ་དཔལ་གྲོ་བོ་ལུང་སྲས་ཁར་དུ་བརྩམས་པར་གྲགས། དེ་ནི་མཛད་པ་པོ་དགུང་ལོ་ང་གཉིས་བཞེས་པའི་ལོ་ཡིན། ==== '''གཞུང་ཚད།''' ==== གཞུང་འདི་ནི་སྤྱོད་འཇུག་རྩ་བའི་གོ་རིམ་དང་མཐུན་པར་ལེའུ་བཅུའི་སྒོ་ནས་བཀྲལ་ཡོད། རྩ་བའི་ལེའུ་རེ་རེའི་ཚིག་དོན་ལ་ཞིབ་འགྲེལ་དང་དཀའ་གནད་རྣམས་དཔྱིས་ཕྱིན་པར་བཀྲལ་ཡོད། === གཞུང་གི་བརྗོད་བྱ་གཙོ་བོ། === འགྲེལ་པ་འདིས་སྤྱོད་འཇུག་གི་ལེའུ་བཅུའི་དོན་རིམ་པ་བཞིན་འགྲེལ་ཡོད་པར་མ་ཚད། དེའི་སྔོན་དུ་སྤྱི་བཤད་རིམ་པ་གསུམ་ཡོད།། [[oldwikisource:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།_སྟོད་ཆ།#%E0%BD%A6%E0%BE%A4%E0%BE%B1%E0%BD%B2%E0%BC%8B%E0%BD%96%E0%BD%A4%E0%BD%91%E0%BC%8B%E0%BD%A3%E0%BD%A6%E0%BC%8D_%E0%BD%A2%E0%BE%A9%E0%BD%BC%E0%BD%98%E0%BC%8B%E0%BD%94%E0%BC%8B%E0%BD%94%E0%BD%BC%E0%BC%8B%E0%BD%96%E0%BD%A4%E0%BD%91%E0%BC%8B%E0%BD%94%E0%BC%8D|༡ སྤྱི་བཤད་ལས། རྩོམ་པ་པོ་བཤད་པ།]] ས་བཅད་འདིས་གཙོ་བོ་སྤྱོད་འཇུག་གི་རྩོམ་པ་པོ་སློབ་དཔོན་ཞི་བ་ལྷའི་སྐུ་ཚེའི་ལོ་རྒྱུས་བརྗོད་ཀྱི་ཡོད། དེའི་ནང་དུ་ཁོང་གི་མཛད་རྣམ་ཐད་ལ་ལུགས་མི་འདྲ་བ་གསུམ་སྟེ། [[རྒྱ་གར།|རྒྱ་གར]]་བའི་ལུགས། བོད་ཀྱི་ཤ་ལུ་[[པཎྜི་ཏ་|པཎྜི་ཏ]]འི་ལུགས། ཇོ་བོ་རྗེ་དཔལ་མར་མེ་མཛད་ཀྱི་ལུགས་བཅས་ཡོད་པ་བསྟན་ཡོད། ལོ་རྒྱུས་དེ་དག་ལས་མཐུན་པར་སྣང་བ་ནི། སློབ་དཔོན་ཞི་བ་ལྷ་ནི་རྒྱལ་པོའི་སྲས་སུ་འཁྲུངས་ཀྱང་རྒྱལ་སྲིད་སྤངས་ཏེ་[[ན་ལེནྡྲ་|ནཱ་ལེནྡྲ]]ར་ཕེབས། དེར་ཁོང་གིས་ཟ་བ་དང་། ཉལ་བ། འདོར་བ་གསུམ་ལས་མི་མཛད་པར་སྣང་བས་མཚན་ལ་བུ་སུ་ཀུ་(འདུ་ཤེས་གསུམ་པ་)ཞེས་བཏགས། དགེ་འདུན་རྣམས་ཀྱིས་ཁོང་གནས་ནས་དབྱུང་བའི་ཕྱིར་དུ་ཆོས་གསུང་དགོས་པའི་བཀའ་བཀོད་པ་ན། ཁོང་གིས་སྔར་མ་གྲགས་པའི་ཆོས་ཤིག་གསུང་རྒྱུར་ཞལ་གྱིས་བཞེས་ཏེ། སེང་གེའི་ཁྲིར་བཞུགས་ནས་སྤྱོད་འཇུག་གི་བསྟན་བཅོས་འདི་ཐུགས་ཐོག་ནས་གསུངས་ཤིང་། “གང་ཚེ་དངོས་དང་དངོས་མེད་དག”ཅེས་པའི་སྐབས་སུ་སྐུ་ནམ་མཁར་འཕུར་ནས་མི་སྣང་བར་གྱུར། དེ་བཞིན་ཁོང་གིས་ཤིང་གི་རལ་གྲིའི་རྫུ་འཕྲུལ་བསྟན་པ་དང་། [[མུ་སྟེགས།|མུ་སྟེགས]]་ཀྱི་སྟོན་པ་བཏུལ་བ། བསྟན་བཅོས་ཆེན་པོ་གསུམ་(སྤྱོད་འཇུག བསླབ་བཏུས། མདོ་བཏུས།) མཛད་པ་སོགས་ངོ་མཚར་བའི་མཛད་པ་དུ་མ་བསྟན་ཚུལ་བཀོད་ཡོད། [[oldwikisource:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།_སྟོད་ཆ།#%E0%BD%A6%E0%BE%A4%E0%BE%B1%E0%BD%B2%E0%BC%8B%E0%BD%96%E0%BD%A4%E0%BD%91%E0%BC%8B%E0%BD%A3%E0%BD%A6%E0%BC%8D_%E0%BD%A0%E0%BD%86%E0%BD%91%E0%BC%8B%E0%BD%89%E0%BD%93%E0%BC%8B%E0%BD%82%E0%BE%B1%E0%BD%B2%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%B4%E0%BD%91%E0%BC%8B%E0%BD%94%E0%BC%8B%E0%BD%96%E0%BE%B1%E0%BD%B4%E0%BD%84%E0%BC%8B%E0%BD%9A%E0%BD%B4%E0%BD%A3%E0%BC%8D|༢ སྤྱི་བཤད་ལས། འཆད་ཉན་གྱི་བརྒྱུད་པ་བྱུང་ཚུལ།]] ས་བཅད་འདིར་བསྟན་བཅོས་ཆེན་པོ་སྤྱོད་འཇུག་གི་འཆད་ཉན་གྱི་བརྒྱུད་པ་མ་ཆད་པར་ཇི་ལྟར་བྱུང་ཚུལ་བསྟན་ཡོད། བརྒྱུད་པ་འདི་ནི་རྩ་བ་འཕགས་པ་འཇམ་དཔལ་དང་རྩོམ་པ་པོ་ཞི་བའི་ལྷ་ནས་འགོ་བཟུང་སྟེ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་[[ཨ་ཏི་ཤ་|ཨ་ཏི་ཤ]]་དང་། དེ་ནས་བོད་ཀྱི་[[ལོ་ཙཱ་བ་|ལོ་ཙཱ་བ]]་དང་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རིམ་བྱོན་བརྒྱུད་དེ་རྩོམ་པ་པོ་རང་ཉིད་ཀྱི་བར་དུ་ཇི་ལྟར་འོངས་པའི་ཚུལ་གསལ་བཤད་བྱས་ཡོད། བརྒྱུད་པའི་གསོལ་འདེབས་ཀྱི་ཚུལ་དུ་བླ་མ་རིམ་བྱོན་གྱི་མཚན་བགྲངས་ནས། འཆད་ཉན་གྱི་བརྒྱུད་པ་མི་འདྲ་བ་འགའ་ཞིག་ཀྱང་བསྟན་ཡོད་དེ། དཔེར་ན་རྔོག་ལོ་ཙཱ་བའི་བརྒྱུད་པ་ (རྔོག་ལུགས།) དང་། རྩོམ་པ་པོས་རྗེ་སྨྱག་ལོ་པཎ་ཆེན་ལས་གསན་པའི་བརྒྱུད་པ་སོགས་ལོགས་སུ་བཀོད་ཡོད། བརྒྱུད་པ་འདི་ལྟར་བརྗོད་དོན་ནི། ཐེག་པ་ཆེན་པོའི་ཆོས་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པས་ཁོང་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་པ་དང་། བསྟན་བཅོས་ཀྱི་ཁུངས་བཙུན་པར་བྱེད་པའི་ཆེད་དུ་ཡིན། [[oldwikisource:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།_སྟོད་ཆ།#%E0%BD%A6%E0%BE%A4%E0%BE%B1%E0%BD%B2%E0%BC%8B%E0%BD%96%E0%BD%A4%E0%BD%91%E0%BC%8B%E0%BD%A3%E0%BD%A6%E0%BC%8D_%E0%BD%82%E0%BD%9E%E0%BD%B4%E0%BD%84%E0%BC%8B%E0%BD%91%E0%BD%84%E0%BD%BC%E0%BD%A6%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%A6%E0%BE%A4%E0%BE%B1%E0%BD%B2%E0%BC%8B%E0%BD%96%E0%BD%A4%E0%BD%91%E0%BC%8D|སྤྱི་བཤད་ལས། གཞུང་དངོས་ཀྱི་སྤྱི་བཤད།]] ས་བཅད་འདི་ནི་གཞུང་དངོས་ཀྱི་སྤྱི་བཤད་ཡིན་ལ། དེ་ལ་བརྗོད་བྱ་གཙོ་བོ་བྱང་ཆུབ་ཀྱི་སེམས་ལ་དོན་ཚན་བརྒྱད་ཀྱི་སྒོ་ནས་དབྱེ་ཞིབ་མཛད་ཡོད། དེ་དག་ནི། * རྒྱུ། བྱང་སེམས་སྐྱེ་བའི་རྒྱུ་གཙོ་བོ་ནི་བྱམས་པ་དང་[[སྙིང་རྗེ་ཆེན་པོ་|སྙིང་རྗེ་ཆེན་པོ]]་ཡིན་པ། * ངོ་བོ། གཞན་དོན་དུ་རྫོགས་པའི་བྱང་ཆུབ་འཐོབ་པར་འདོད་པའི་སེམས་དང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་རང་བཞིན། * དབྱེ་བ། [[ཀུན་རྫོབ་]]དང་[[དོན་དམ་|དོན་དམ]]་གཉིས། ཀུན་རྫོབ་ལ་སྨོན་པ་དང་འཇུག་པའི་སེམས་གཉིས་སུ་དབྱེ་ཚུལ། * ཆོ་ག སེམས་བསྐྱེད་ཀྱི་སྡོམ་པ་ལེན་པའི་ཆོ་ག་ལ་ཤིང་རྟའི་སྲོལ་ཆེན་པོ་གཉིས་ཏེ། [[ཀླུ་སྒྲུབ་|ཀླུ་སྒྲུབ]]་ནས་བརྒྱུད་པའི་ཟབ་མོ་ལྟ་བའི་ལུགས་དང་། [[ཐོགས་མེད་|ཐོགས་མེད]]་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་པའི་ལུགས་གཉིས་ཀྱི་ཆོ་ག་ཞིབ་པར་བསྟན། * བསླབ་བྱ། སྨོན་པའི་བསླབ་བྱ་(ནག་པོའི་ཆོས་བཞི་སྤོང་བ་སོགས།)དང་། འཇུག་པའི་བསླབ་བྱ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་ཚུལ། དེའི་ནང་དུ་རྩ་བའི་ལྟུང་བ་དང་ཉེས་བྱས་ཀྱི་བསླབ་བྱ་ཁག་ཀྱང་ཞིབ་ཏུ་བཤད་ཡོད། * ཕན་ཡོན། བྱང་སེམས་བསྐྱེད་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་སྟེ། རྒྱལ་སྲས་སུ་འགྱུར་བ་དང་། བསོད་ནམས་དཔག་ཏུ་མེད་པ་འཐོབ་པ་སོགས། * ཉམས་པའི་ཉེས་དམིགས། བྱང་སེམས་ཉམས་ན་སེམས་ཅན་བསླུས་པ་དང་ངན་འགྲོར་འགྲོ་བ་སོགས་ཀྱི་ཉེས་པ་བསྟན། * ཕྱིར་བཅོས། ལྟུང་བ་བྱུང་ན་ཇི་ལྟར་འཆགས་པ་དང་། སྡོམ་པ་སླར་གསོ་བྱེད་པའི་ཐབས་ལམ་བཅས་བསྟན་ཡོད། * [[oldwikisource:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།_སྟོད་ཆ།#%E0%BD%A3%E0%BD%BA%E0%BD%A0%E0%BD%B4%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%94%E0%BD%BC%E0%BC%8D_%E0%BD%96%E0%BE%B1%E0%BD%84%E0%BC%8B%E0%BD%86%E0%BD%B4%E0%BD%96%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%A6%E0%BD%BA%E0%BD%98%E0%BD%A6%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%95%E0%BD%93%E0%BC%8B%E0%BD%A1%E0%BD%BC%E0%BD%93%E0%BC%8B%E0%BD%96%E0%BD%A4%E0%BD%91%E0%BC%8B%E0%BD%94%E0%BC%8D|༡། བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ།]] བྱང་ཆུབ་ཀྱི་སེམས་ནི་[[ཐེག་པ་ཆེན་པོ།|ཐེག་པ་ཆེན་པོ]]འི་ལམ་གྱི་རྩ་བ་ཡིན་པས། དེའི་ཕན་ཡོན་དཔག་ཏུ་མེད་པ་རྣམས་དཔེ་དང་ལུང་གིས་རྒྱས་པར་བསྟན་ནས་ཀློག་པ་པོའི་རྒྱུད་ལ་སེམས་བསྐྱེད་པའི་སྤྲོ་བ་འཕེལ་བར་མཛད། * [[oldwikisource:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།_སྟོད་ཆ།#%E0%BD%A3%E0%BD%BA%E0%BD%A0%E0%BD%B4%E0%BC%8B%E0%BD%82%E0%BD%89%E0%BD%B2%E0%BD%A6%E0%BC%8B%E0%BD%94%E0%BC%8D_%E0%BD%A6%E0%BE%A1%E0%BD%B2%E0%BD%82%E0%BC%8B%E0%BD%94%E0%BC%8B%E0%BD%96%E0%BD%A4%E0%BD%82%E0%BD%A6%E0%BC%8B%E0%BD%94%E0%BC%8D|༢། སྡིག་པ་བཤགས་པ།]] བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྟེན་རྒྱུད་དག་པའི་ཕྱིར་དུ། ཐོག་མེད་ནས་བསགས་པའི་སྡིག་ལྟུང་རྣམས་སྟོབས་བཞིའི་སྒོ་ནས་བཤགས་པའི་ཚུལ་དང་། ཡན་ལག་བདུན་པའི་སྒོ་ནས་ཚོགས་གསོག་པའི་ཐབས་རྣམས་གསལ་བར་བཀྲལ། * [[oldwikisource:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།_སྟོད་ཆ།#%E0%BD%A3%E0%BD%BA%E0%BD%A0%E0%BD%B4%E0%BC%8B%E0%BD%82%E0%BD%A6%E0%BD%B4%E0%BD%98%E0%BC%8B%E0%BD%94%E0%BC%8D_%E0%BD%96%E0%BE%B1%E0%BD%84%E0%BC%8B%E0%BD%86%E0%BD%B4%E0%BD%96%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%A6%E0%BD%BA%E0%BD%98%E0%BD%A6%E0%BC%8B%E0%BD%A1%E0%BD%BC%E0%BD%84%E0%BD%A6%E0%BC%8B%E0%BD%A6%E0%BD%B4%E0%BC%8B%E0%BD%96%E0%BD%9F%E0%BD%B4%E0%BD%84%E0%BC%8B%E0%BD%96%E0%BC%8D|༣། བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ།]] སྦྱོར་བ་ཡན་ལག་བདུན་པས་རྒྱུད་སྦྱངས་ནས། དངོས་གཞི་སྨོན་འཇུག་གི་སེམས་བསྐྱེད་པའི་ཆོ་ག་དང་། མཇུག་ཏུ་བདག་གཞན་དགའ་བ་བསྒོམ་པའི་ཚུལ་རྣམས་ཞིབ་ཏུ་བསྟན། * [[oldwikisource:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།_སྟོད་ཆ།#%E0%BD%A3%E0%BD%BA%E0%BD%A0%E0%BD%B4%E0%BC%8B%E0%BD%96%E0%BD%9E%E0%BD%B2%E0%BC%8B%E0%BD%94%E0%BC%8D_%E0%BD%96%E0%BD%82%E0%BC%8B%E0%BD%A1%E0%BD%BC%E0%BD%91%E0%BC%8B%E0%BD%94%E0%BC%8B%E0%BD%96%E0%BD%A6%E0%BE%9F%E0%BD%93%E0%BC%8B%E0%BD%94%E0%BC%8D|༤། བག་ཡོད་པ་བསྟན་པ།]] སེམས་བསྐྱེད་ནས་བསླབ་པ་ལ་བག་ཡོད་པས་ཇི་ལྟར་སྲུང་བའི་ཚུལ་སྟེ། ཉེས་སྤྱོད་ལས་ལྡོག་པ་དང་དགེ་བ་ལ་འབད་དགོས་པའི་རྒྱུ་མཚན་རྣམས་བཀོད། * [[oldwikisource:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།_སྟོད་ཆ།#%E0%BD%A3%E0%BD%BA%E0%BD%A0%E0%BD%B4%E0%BC%8B%E0%BD%A3%E0%BE%94%E0%BC%8B%E0%BD%94%E0%BC%8D_%E0%BD%A4%E0%BD%BA%E0%BD%A6%E0%BC%8B%E0%BD%96%E0%BD%9E%E0%BD%B2%E0%BD%93%E0%BC%8B%E0%BD%96%E0%BD%A6%E0%BE%B2%E0%BD%B4%E0%BD%84%E0%BC%8B%E0%BD%96%E0%BC%8D|༥། ཤེས་བཞིན་བསྲུང་བ།]] བསླབ་པའི་གཞི་རྩ་ནི་སེམས་སྲུང་བ་ཡིན་པས། [[དྲན་པ་|དྲན་པ]]་དང་[[ཤེས་བཞིན་|ཤེས་བཞིན]]་གྱི་སྒོ་ནས་སྒོ་གསུམ་གྱི་སྤྱོད་པ་ཇི་ལྟར་བསྲུང་བའི་ཚུལ་རྒྱས་པར་བཤད། * [[oldwikisource:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།_སྟོད་ཆ།#%E0%BD%A3%E0%BD%BA%E0%BD%A0%E0%BD%B4%E0%BC%8B%E0%BD%91%E0%BE%B2%E0%BD%B4%E0%BD%82%E0%BC%8B%E0%BD%94%E0%BC%8D_%E0%BD%96%E0%BD%9F%E0%BD%BC%E0%BD%91%E0%BC%8B%E0%BD%94%E0%BC%8B%E0%BD%96%E0%BD%A6%E0%BE%9F%E0%BD%93%E0%BC%8B%E0%BD%94%E0%BC%8D|༦། བཟོད་པ་བསྟན་པ།]] གཞན་གྱིས་གནོད་པ་བྱས་པ་ལ་བཟོད་པ། ཆོས་ཀྱི་དཀའ་བ་སྤྱད་པ་ལ་དང་དུ་ལེན་པ། ཆོས་ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་གསུམ་གྱི་དབྱེ་བ་དང་དེ་དག་ཉམས་སུ་ལེན་ཚུལ་རྣམས་རྒྱས་པར་བསྟན། * [[oldwikisource:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།_སྨད་ཆ།#%E0%BD%A3%E0%BD%BA%E0%BD%A0%E0%BD%B4%E0%BC%8B%E0%BD%96%E0%BD%91%E0%BD%B4%E0%BD%93%E0%BC%8B%E0%BD%94%E0%BC%8D_%E0%BD%96%E0%BD%A2%E0%BE%A9%E0%BD%BC%E0%BD%93%E0%BC%8B%E0%BD%A0%E0%BD%82%E0%BE%B2%E0%BD%B4%E0%BD%A6%E0%BC%8B%E0%BD%96%E0%BD%A6%E0%BE%9F%E0%BD%93%E0%BC%8B%E0%BD%94%E0%BC%8D|༧། བརྩོན་འགྲུས་བསྟན་པ།]] [[ལེ་ལོ་གསུམ་|ལེ་ལོ་]]རྣམ་པ་གསུམ་གྱི་གཉེན་པོར། གོ་ཆའི་བརྩོན་འགྲུས། སྦྱོར་བའི་བརྩོན་འགྲུས། ཆོག་མི་ཤེས་པའི་བརྩོན་འགྲུས་རྣམས་ཀྱི་སྒོ་ནས་དགེ་བའི་ལས་ལ་ཇི་ལྟར་བརྩོན་པར་བྱ་བའི་ཚུལ་བསྟན། * [[oldwikisource:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།_སྨད་ཆ།#%E0%BD%A3%E0%BD%BA%E0%BD%A0%E0%BD%B4%E0%BC%8B%E0%BD%96%E0%BD%A2%E0%BE%92%E0%BE%B1%E0%BD%91%E0%BC%8B%E0%BD%94%E0%BC%8D_%E0%BD%96%E0%BD%A6%E0%BD%98%E0%BC%8B%E0%BD%82%E0%BD%8F%E0%BD%93%E0%BC%8B%E0%BD%96%E0%BD%A6%E0%BE%9F%E0%BD%93%E0%BC%8B%E0%BD%94%E0%BC%8D|༨། བསམ་གཏན་བསྟན་པ།]] རྣམ་གཡེང་གི་རྒྱུ་[[འཇིག་རྟེན་|འཇིག་རྟེན]]་དང[[རྣམ་རྟོག་|་རྣམ་རྟོག]]་སྤངས་ནས་ལུས་སེམས་དབེན་པར་བྱས་ཏེ། བདག་གཞན་མཉམ་བརྗེ་སོགས་ཀྱི་སྒོ་ནས་ཞི་གནས་སྒྲུབ་པའི་ཐབས་ལ་གདམས། * [[oldwikisource:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།_སྨད་ཆ།#%E0%BD%A3%E0%BD%BA%E0%BD%A0%E0%BD%B4%E0%BC%8B%E0%BD%91%E0%BD%82%E0%BD%B4%E0%BC%8B%E0%BD%94%E0%BC%8D_%E0%BD%A4%E0%BD%BA%E0%BD%A6%E0%BC%8B%E0%BD%A2%E0%BD%96%E0%BC%8B%E0%BD%96%E0%BD%A6%E0%BE%9F%E0%BD%93%E0%BC%8B%E0%BD%94%E0%BC%8D|༩། ཤེས་རབ་བསྟན་པ།]] བདེན་གཉིས་ཀྱི་དོན་གཏན་ལ་འབེབས་པའི་སྒོ་ནས་གང་ཟག་དང་ཆོས་ཀྱི་བདག་མེད་པ་སྒྲུབ་ཚུལ་རྒྱས་པར་བསྟན་ཡོད། [[ལྷག་མཐོང་|ལྷག་མཐོང]]་གི་ཤེས་རབ་བསྐྱེད་དེ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པའི་ཚུལ་ལ་ནན་ཏན་དུ་གདམས། * [[oldwikisource:སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།_སྨད་ཆ།#%E0%BD%A3%E0%BD%BA%E0%BD%A0%E0%BD%B4%E0%BC%8B%E0%BD%96%E0%BD%85%E0%BD%B4%E0%BC%8B%E0%BD%94%E0%BC%8D_%E0%BD%96%E0%BD%A6%E0%BE%94%E0%BD%BC%E0%BC%8B%E0%BD%96%E0%BC%8B%E0%BD%96%E0%BD%A6%E0%BE%9F%E0%BD%93%E0%BC%8B%E0%BD%94%E0%BC%8D|༡༠། བསྔོ་བ་བསྟན་པ།]] དགེ་བ་རྣམས་བྱང་ཆུབ་ཏུ་བསྔོ་བའི་ཚུལ་ཏེ། ནད་པ་དང་། [[ངན་སོང་|ངན་སོང]]་གི་སེམས་ཅན་སོགས་ལ་དམིགས་བསལ་གྱིས་བསྔོ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་བསྔོ་བ་སོགས་བསྔོ་བ་རྒྱ་ཆེན་པོ་རྣམས་ཀྱིས་མཇུག་བསྡུས། '''ལྟ་གྲུབ་ཀྱི་གནད་འགག''' གཞུང་འདིའི་ལྟ་གྲུབ་ཀྱི་ཁྱད་ཆོས་གཙོ་བོ་ནི། ཀརྨ་བཀའ་བརྒྱུད་ཀྱི་ལུགས་དང་མཐུན་པར། དབུ་མའི་ལྟ་བ་དང་ཕྱག་རྒྱ་ཆེན་པོའི་དོན་ཟུང་དུ་འབྲེལ་བའི་སྒོ་ནས་གཏན་ལ་ཕབ་ཡོད། ཐབས་དང་ཤེས་རབ་ཡ་མ་བྲལ་བའི་སྒོ་ནས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ལམ་ཉམས་སུ་ལེན་པའི་ཚུལ་ལ་ནན་ཏན་དུ་མཛད་ཡོད། === ཐུན་མོང་མ་ཡིན་པའི་ཁྱད་ཆོས། === * '''འགྲེལ་བརྗོད་བྱེད་སྟངས་ཀྱི་ཐབས་ལམ།''' [[དཔའ་བོ་གཙུག་ལག་ཕྲེང་བ།|དཔའ་བོ་གཙུག་ལག་ཕྲེང་བ]]ས་གཞུང་འདིར་རྩ་བའི་ཚིག་དོན་འགྲེལ་བ་ཙམ་མ་ཡིན་པར། རྒྱ་བོད་མཁས་པའི་བཞེད་པ་དུ་མ་ལུང་འདྲེན་མཛད་ཅིང་། རང་ལུགས་ཀྱི་དགོངས་པ་གསལ་བར་བཀྲལ་ཡོད། * '''ལོ་རྒྱུས་ཀྱི་ཐོག་ནས་གལ་གནད་ཆེ་བའི་ཆ།''' གཞུང་འདི་ནི་དུས་རབས་ ༡༦ པའི་བོད་ཀྱི་མཁས་པའི་གསུང་རྩོམ་གལ་ཆེན་ཞིག་ཡིན་པས། སྐབས་དེའི་བཀའ་བརྒྱུད་པའི་ལྟ་གྲུབ་དང་། ཐ་སྙད་བེད་སྤྱོད་སྟངས། དགག་སྒྲུབ་ཀྱི་རྣམ་བཞག་སོགས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་རྒྱུ་ཆ་ཞིག་ཡིན། * '''རྗེས་རབས་ཀྱི་མཁས་པ་དང་གྲུབ་མཐའ་ཁག་ལ་ཤུགས་རྐྱེན།''' གཞུང་འདི་ཉིད་བཀའ་བརྒྱུད་པའི་ནང་ཁུལ་དུ་དར་ཁྱབ་ཆེན་པོ་བྱུང་ཡོད་ལ། ལྷག་པར་དུ་སྤྱོད་འཇུག་གི་དོན་ལ་གཟབ་ནན་ཏུ་སློབ་གཉེར་བྱེད་མཁན་རྣམས་ཀྱི་དཔྱད་གཞིའི་ཡིག་ཆ་གལ་ཆེན་དུ་གྱུར་ཡོད། === དཔྱད་གཞིའི་ཡིག་ཆ་དང་འབྲེལ་ཡོད་དྲ་ཐག === * '''པར་མ་དང་དཔེ་རྒྱུན།''' གཞུང་འདི་ནི་དཔའ་བོ་གཙུག་ལག་ཕྲེང་བའི་གསུང་འབུམ་པོད་ ༡༢ པའི་ནང་བཞུགས། [https://library.bdrc.io/osearch/search?q=%E0%BD%96%E0%BE%B1%E0%BD%84%E0%BC%8B%E0%BD%86%E0%BD%B4%E0%BD%96%E0%BC%8B%E0%BD%A6%E0%BD%BA%E0%BD%98%E0%BD%A6%E0%BC%8B%E0%BD%91%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%A4%E0%BE%B1%E0%BD%BC%E0%BD%91%E0%BC%8B%E0%BD%94%E0%BC%8B%E0%BD%A3%E0%BC%8B%E0%BD%A0%E0%BD%87%E0%BD%B4%E0%BD%82%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A2%E0%BE%A3%E0%BD%98%E0%BC%8B%E0%BD%94%E0%BD%A2%E0%BC%8B%E0%BD%96%E0%BD%A4%E0%BD%91%E0%BC%8B%E0%BD%94%E0%BC%8B%E0%BD%90%E0%BD%BA%E0%BD%82%E0%BC%8B%E0%BD%86%E0%BD%BA%E0%BD%93%E0%BC%8B%E0%BD%86%E0%BD%BC%E0%BD%A6%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BC%8B%E0%BD%98%E0%BD%9A%E0%BD%BC%E0%BC%8B%E0%BD%9F%E0%BD%96%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%A6%E0%BC%8B%E0%BD%98%E0%BD%90%E0%BD%A0%E0%BC%8B%E0%BD%A1%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%99%E0%BD%B2%E0%BD%84%E0%BC%8B%E0%BD%94%E0%BD%BC དེང་དུས་སུའང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་སོགས་ཀྱིས་པར་སྐྲུན་བྱས་ཡོད།] * '''དྲ་ཐོག་གི་ཁུངས།''' ** '''Buddhist Digital Resource Center (BDRC):''' [https://library.bdrc.io/show/bdr:P319?s=%2Fosearch%2Fsearch%3Fq%253D%2525E0%2525BD%252591%2525E0%2525BD%252594%2525E0%2525BD%2525A0%2525E0%2525BC%25258B%2525E0%2525BD%252596%2525E0%2525BD%2525BC%2525E0%2525BC%25258B%2525E0%2525BD%252582%2525E0%2525BD%252599%2525E0%2525BD%2525B4%2525E0%2525BD%252582%2525E0%2525BC%25258B%2525E0%2525BD%2525A3%2525E0%2525BD%252582%2525E0%2525BC%25258B%2525E0%2525BD%252595%2525E0%2525BE%2525B2%2525E0%2525BD%2525BA%2525E0%2525BD%252584%2525E0%2525BC%25258B%2525E0%2525BD%252596%2526type%255B0%255D%253DPerson དཔའ་བོ་གཙུག་ལག་ཕྲེང་བའི་གསུང་འབུམ་དང་།] བྱེ་བྲག་ཏུ་འགྲེལ་པ་འདི་ཉིད་ཀྱི་དཔེ་རྒྱུན་དང་དཀར་ཆག་སོགས་ BDRC དྲ་ཚིགས་སུ་བཞུགས། དཔེར་ན། W1PD89084 ** '''The Treasury of Lives:''' [https://treasuryoflives.org/biographies/view/Pawo-Tsuglag-Trengwa/5511 མཛད་པ་པོ་དཔའ་བོ་གཙུག་ལག་ཕྲེང་བའི་རྣམ་ཐར་རྒྱས་པ]་ The Treasury of Lives ཞེས་པའི་དྲ་ཚིགས་སུ་བཞུགས། The Second Pawo, Tsuklak Trengwa 057253pydfqs765rawfpmp99raanfac བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་ཝི་ཀི་ལས་གཞི། 0 25460 161398 160598 2026-04-27T19:53:33Z Pecha-Tsewang 32535 161398 wikitext text/x-wiki [[metawiki:Buddhist_Knowledge_from_Tibetan_Sources_Project|See English page here.]] == བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་ཝི་ཀི་ལས་གཞི། == བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་ཝི་ཀི་ལས་གཞི་ནི་འཕྲུལ་ལས་རིག་པའི་ཐབས་ལམ་བརྒྱུད་བོད་བརྒྱུད་ནང་བསྟན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་གྱི་ཆེད་ཚང་མས་མཉམ་འབྲེལ་གྱིསའབད་བརྩོན་བྱེད་སའི་མཉམ་ལས་དྲ་རྒྱ་འབྲེལ་ལམ་ཞིག་ཡིན། ལྷག་པར་དུ་ཝི་ཀི་མི་ཌི་ཡའི་ལས་གཞི་གཙོ་བོར་གཞིར་བཟུང་ནས་ཝི་ཀི་རིག་མཛོད་དང་། ཝི་ཀི་མ་ཡིག ཝི་ཀི་ཚིག་མཛོད། ཝི་ཀི་གྲངས་ཐོ་སོགས་ལ་དམིགས་ནས་ལས་གཞི་སྒྲུབས་པ་ཡིན། == སྙིང་བསྡུས། == མཉམ་ལས་དྲ་རྒྱ་འབྲེལ་ལམ་འདིའི་སྟེང་དུ་ས་ཕྱོགས་གང་སར་གནས་པའི་ནང་ཆོས་ཉམས་ཞིབ་པ་དང་། ལོ་ཙཱ་བ། དྲ་ཐོག་རིག་གནས་སྲུང་སྐྱོབ་པ། ནང་ཆོས་ཉམས་ལེན་པ་བཅས་ཀྱིས་མཉམའབྲེལ་གྱིས་དྲ་ལམ་ནང་ཡོད་པའི་ནང་པའི་ལྟ་གྲུབ་དང་། མཁས་པ་དམ་པ་རྣམས་ཀྱི་མཛད་པ། ནང་ཆོས་ཀྱི་གཞུང་ལུགས་བཅས་བོད་བརྒྱུད་ནང་བསྟན་གྱི་རིག་གནས་དང་བོད་ཀྱི་སྐད་ཡིག་ཐོག་གི་བརྗོད་བྱ་རྣམས་རྒྱ་ཆེར་སྤེལ་བ་དང་། ཁ་གསལ་ཁུང་ལྡན་ཡོང་ཕྱིར་ལས་གཞི་སྒྲུབ་བཞིན་ཡོད། == ལས་འཆར་དང་ཐབས་ལམ། == དྲ་རྒྱ་འབྲེལ་ལམ་འདིས་དྲ་བའི་ནང་ཡོད་པའི་བོད་ཀྱི་ནང་ཆོས་ཀྱི་གཞུང་སྐོར་གྱི་བརྗོད་པ་རྣམས་ཞིབ་ཞིང་རྒྱས་པ་དང་ཁུངས་ལྡན་ཞིག་སྐྲུན་ཐབས་བྱེད་པ་དང་། རིག་མཛོད་འབྲེལ་བའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བར་འབད་བརྩོན་བྱེད་ཀྱི་ཡོད། ཞུ་དག་ཡོངས་རྫོགས་ཝི་ཀི་མ་ཡིག་ནང་གསལ་བའི་དཔེ་སྐྲུན་ཡིག་ཆ་རྣམས་གཙོ་བོར་གཞི་བཅོལ་ནས་དཔྱད་ཞིབ་ཀྱི་ནོར་འཁྲུལ་མེད་པ་དང་ཁུངས་ལྡན་ཞིག་བཟོ་བཞིན་ཡོད། མཉམ་ལས་ཀྱི་ཐབས་ལམ་འདིས་སྔ་རབས་ཀྱི་ནང་ཆོས་མཁས་པའི་རིག་གཞུང་དང་དེང་རབས་ཀྱི་དྲ་ཐོག་རིག་གནས་སྲུང་སྐྱོབ་ཀྱི་ཐབས་ལམ་གཉིས་མཐུན་སྦྱོར་བྱས་ཏེ། ཁུངས་ལྡན་གྱི་ཤེས་བྱ་འགྲེམས་སྤེལ་བྱེད་བཞིན་པ་དང་། རིག་མཛོད་ཀྱི་ལས་གཞི་ནང་གསལ་བའི་བརྗོད་བྱ་རྣམས་མཁས་པའི་ཁུངས་ལྡན་ཚད་ལྡན་གྱི་གཏན་ཚིགས་མཐོ་ཤོས་འདི་སྐྲུན་བཞིན་ཡོད།། == ལས་གཞིའི་ཁྱབ་ཁོངས། == === ལས་འཆར་འདིའི་ལས་དོན། === * ཝི་ཀི་མ་ཡིག་གོང་འཕེལ། བོད་ཡིག་ཐོག་ཡོད་པའི་ནང་ཆོས་ཀྱི་གཞུང་འགྲེལ་རྣམས་ཀྱི་ཞུ་དག་ཞིབ་ནན་གྱིས་ཁ་གསལ་བཟོ་སྐྲུན་དང་། རིག་ནུས་ཡིག་སྒྱུར་དང་མཉམ་སྒྲིག * '''ཝི་ཀི་རིག་མཛོད་གསར་སྐྲུན།''' ནང་ཆོས་ཀྱི་ལྟ་གྲུབ། ཐ་སྙད། མཁས་པ་དམ་པ་རྣམས་ཀྱི་མཛད་པ། བོད་བརྒྱུད་ནང་བསྟན་གྱི་རིག་གནས་དང་བོད་ཡིག་ཐོག་གི་བརྗོད་བྱ་རྣམས་རྒྱ་ཆེར་སྤེལ་བ། * ཝི་ཀི་གྲངས་ཐོ་མཐུན་སྒྲིག ནང་ཆོས་ཀྱི་ཁྱད་ཆོས། ལྟ་ཚུལ། དེ་དང་འབྲེལ་བ་སོགས་གྲངས་ཐོ་ཁྲོད་ཀྱི་གཞི་གྲངས་གསར་སྐྲུན་བྱེད་པ། * ཡིག་ཆའི་ཁུངས་བཙན་པ། ཞུ་དག་ཚང་མ་བོད་ཀྱི་དཔེ་སྐྲུན་ཡིག་ཆ་ཁུངས་ལྡན་ལས་ངོས་འཛིན་ཐུབ་པ་བྱེད་དགོས། === ཞུ་དག་མི་གཏོང་བའི་ཁྱབ་ཁོངས། === * ཆབ་སྲིད་ཀྱི་གནད་དོན།། == ཐབས་ལམ། == ལས་གཞི་ཡོངས་རྫོགས་ཀྱི་ཞིབ་འཇུག་རྒྱུ་མཚན་ཁུངས་ལྟན་དང་གོ་རིམ་བཞིན་སྒྲུབ་རྒྱུ་དང་། ཞུ་དག་རེ་རེ་ཝི་ཀི་མ་ཡིག་གི་དཔེ་སྐྲུན་ཡིག་ཆའི་ཞིབ་འཇུག་དང་མཐུན་པ། ཡིག་ཆའི་ཁུངས་ནི་བོད་ཡིག་ཐོག་ཡིན་པ་དང་། བོད་ཡིག་ཝི་ཀི་རིག་མཛོད་ཀྱི་རྩོམ་རྣམས་ཡིག་ཆ་དེ་དག་དང་དེའི་རིག་ནུས་ཡིག་སྒྱུར་ལས་གྲུབ་པ་ཡིན། ཐབས་ལམ་འདིས་ཝི་ཀི་རིག་མཛོད་ཐོག་གི་ནང་ཆོས་ཤེས་བྱ་རྣམས་རྒྱ་སྐྱེད་གཏང་རྒྱུ་དང། རིག་མཛོད་ཀྱི་ཡིག་ཆ་དེ་དག་ཁུངས་ལྡན་དང་ཕྱོགས་རིས་མེད་པའི་ངང་དབུ་མའི་ལྟ་ཚུལ་གྱི་ཚད་གཞི་ལྡན་པ་དེ་སྲུང་སྐྱོབ་བྱས་ཏེ་བོད་ཀྱི་ནང་ཆོས་ཀྱི་གཞུང་དངོས་ཀྱི་ངོ་བོ་ཉར་ཚགས་བྱེད་ཀྱི་ཡོད། འབྲེལ་ལམ་འདིས་མཉམ་ལས་ཀྱི་ཞུ་དག་དང་། གྲུབ་འབྲས་ཞིབ་བརྗོད། ད་ལྟ་ཡོད་པའི་ཝི་ཀི་རིག་མཛོད་ཞུ་དག་གི་ཚོགས་པ་དང་མཐུན་སྒྲིག་བྱེད་པར་གལ་ཆེན་པོ་བརྩི་ཞིང་། དེས་ནང་ཆོས་ཤེས་བྱ་རིག་མཛོད་ཆེན་པོའི་ལས་འཆར་ནང་སྒྲིག་འཛུགས་ཀྱི་ལེགས་པོ་ཡོང་ཐབས་བྱེད་ཀྱི་ཡོད། == དམིགས་ཡུལ། == ལས་གཞི་འདིའི་དམིགས་པ་ནི། དྲ་ཐོག་ནང་ཡོད་པའི་ཡངས་དག་པའི་ནང་ཆོས་ཀྱི་ཤེས་བྱ་རྣམས་རྒྱ་ཆེར་ གཏོང་བ་དང་། ཤེས་བྱ་འདི་དག་འཛམ་གླིང་ཡོངས་ལ་ཐོབ་སླ་བ་བཟོ་བ། དེ་བཞིན་དུ་མཁས་པ་དམ་པ་རྣམས་ཀྱི་མཛད་པ་དང་གདམས་ངག་རྣམས་ཡངས་དག་ཚད་ལྡན་ངང་ཉར་ཚགས་བྱེད་རྒྱུ་དེ་ཡིན། ཁུངས་ལྡན་ཞུ་དག་ལ་གཙོ་བོར་གཞི་བཟུང་བའི་སྒོ་ནས། རིག་མཛོད་ཆེན་མོའི་ནང་ཆོས་ཀྱི་བརྗོད་བྱ་རྣམས་ཁུངས་བཙན་དང་ ངོས་འཛིན་ཐུབ་པ་ཡོང་ཕྱིར་རོགས་རམ་བྱེད་ཀྱི་ཡོད། མཉམ་ལས་ཀྱི་ལས་གཞི་འདིས་སྐབས་བབས་ཀྱི་དགོས་མཁོ་དང་མ་འོངས་པའི་ཆེད་ཤེས་བྱ་དེ་དག་ཉར་ཚགས་བྱེད་རྒྱུར་ཕན་ཐོགས་བྱེད་ཀྱི་ཡོད་མ་ཟད། མ་འོངས་པའི་ནང་ཆོས་ཉམས་ཞིབ་པ་དང་ཉམས་ལེན་པ་ཚོར་ཡང་ཕན་ཐོགས་བྱེད་ཀྱི་ཡོད་པ་རེད། == ཞུ་དག་པའི་ཆ་ཚང་། == འབྲེལ་ལམ་འདིས་ནང་ཆོས་ཤེས་བྱ་རིག་མཛོད་ཐོག་ཞུན་དག་སྤེལ་རྒྱུའི་མཁན་པོའི་གོ་གནས་ཅན་གྱི་ནང་ཆོས་ཉམས་ཞིབ་པ་དང་། ལོ་ཙཱ་བ། དྲ་ཐོག་རིག་གནས་སྲུང་སྐྱོབ་པ་བཅས་ལ་མཉམ་ལས་ཀྱི་དགའ་བསུ་ཞུ་ཞིང་། ཞུན་དག་པ་ཡོངས་རྫོགས་ཀྱིས་ཝི་ཀི་རིག་མཛོད་ཀྱི་གཏན་འཁེལ་ཁྲིམས་སྲོལ་དང་ཚོགས་པའི་གཞི་རྩའི་ཁྲིམས་སྲོལ་ཁྲོད་ལས་གཞི་སྒྲུབ་ཀྱི་ཡོད།། == ཁྲིམས་སྲོལ། == === ཁུངས་འཚོལ་གྱི་གཏན་ཚིགས། === ཞུན་དག་ཚང་མ་ལྡན་པའི་ཁུངས་འདི་དག་གིས་རྒྱབ་སྐྱོར་བྱེད་དགོས། ཝི་ཀི་མ་ཡིག་ནང་གསལ་བའི་བོད་ཡིག་གི་ཡིག་ཆའི་ཁུངས་ (དང་པོར་ཡིག་ཆ་དངོས་ལ་ཁྱད་དབང་) ནང་ཆོས་ཉམས་ཞིབ་ཀྱི་ཁུངས་ལྡན་ཤེས་བྱའི་ཐོན་ཁུངས། སྔ་རབས་ཀྱི་མཁས་པའི་རྩ་འགྲེལ་དང་གཏན་འཛིན་གཞུང་ལུགས། དཔྱད་ཡིག་ཞིབ་བརྗོད་ཅན་གྱི་དཔེ་སྐྲུན་ཁྲོད་བོད་ཡིག་གི་ཡིག་ཆའི་ཁུངས་ངེས་པར་དྲངས་པ། ནང་དོན་གྱི་གཏན་ཚིགས། གླེང་གཞི་ཡོངས་ལ་ལྟ་སྟངས་མཐུན་པོ བཟུང་དགོས། ངོས་འཛིན་ཐུབ་པའི་གཏན་ཚིགས ཞིབ་ཚགས་ལྟར་བསྟུན་དགོས། ནང་དོན་ཤེས་བྱ་མཛོད་ཆེན་པོའི་ཁོངས་སུ་འོས་པ་ཡིན་དགོས། མཁས་པའི་ཁུངས་ལྡན་ལ་གཏན་ནས་མི་ཉམས་པར་ཚིག་གྲུབ་གསལ་པོ་བེད་སྤྱོད་བྱེད་དགོས། == ལས་གཞིའི་ནང་མཉམ་ཞུགས་གནང་མཁན། == # [[User:Pecha-Tsewang|Pecha-Tsewang]] # [[User:Pecha-Gade|Pecha-Gade]] # [[User:Rekong Rabten|Rekong Rabten]] # [[User:Pecha-Alalamo|Pecha-Alalamo]] # [[User:Pecha-G.Dhargyal|Pecha-G.Dhargyal]] # [[User:Pecha-Choedup|Pecha-Choedup]] # [[User:Jangchup Dorjee|Jangchup Dorjee]] # [[User:kalsumsingmo|kalsumsingmo]] # [[User:Tsethar Dolma|Tsethar Dolma]] # [[User:Pecha-lhujam gyal|Pecha-lhujam gyal]] # [[User:Pecha-Jampa Tennor|Pecha-Jampa Tennor]] # [[User:Sonam gyal|Sonam gyal]] # [[User:Gelek Gyatso W|Gelek Gyatso W]] # [[User:Jamthup23|Jamthup23]] # [[User:Gelek Gyatso|Gelek Gyatso]] # [[User:Gartsering|Gartsering]] # [[User:སྤྲིན་དཀར།|སྤྲིན་དཀར།]] # [[User:Thoesam|Thoesam]] # [[User:Kaldan007|Kaldan007]] # [[User:Manjushrimitra|Manjushrimitra]] # [[User:Pecha-Dhondup|Pecha-Dhondup]] # [[User:Pecha-pema|Pecha-pema]] # [[User:Kunchok Gawa|Kunchok Gawa]] # [[User:Pecha tenzin|Pecha tenzin]] # [[User:Pecha-Jampa Tennor|Ten Jampa Gonpo]] # # # # # # # # # === ཇི་ལྟར་ཚུད་པ། === ལས་འཆར་འདིར་ཞུ་དག་པར་ཚུད་ཐབས། * རང་གི་སྤྱོད་མིང་ཞུན་དག་པའི་ཐོ་བྱང་སྟེང་དུ་ཁ་སྣོན་བྱོས། * [[བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་ཝི་ཀི་ལས་གཞི།]] རང་གི་སྤྱོད་ཤོག་སྟེང་དུ་ཁ་སྣོན་བྱོས། * ཁྲིམས་སྲོལ་དང་ལས་གཞིའི་ཁྱབ་ཁོངས་གོང་དུ་གསལ་བ་ཞིབ་བརྗོད་བྱོས། == འཚོལ་ཆས། == === དཔེ་པང་། === (ཉེ་ཆར་འགྲེམས་སྤེལ་བྱེད་ངེས།) == དཀར་ཆག == [[:Category:བོད་ཀྱི་ནང་པའི་བརྡ་སྤྲོད་རིག་པ།]] [[:Category:བོད་ཀྱི་ནང་པའི་རིགས་པ་རིག་པ།]] [[:Category:བོད་ཀྱི་ནང་པའི་གསོ་རིག]] [[:Category:བོད་ཀྱི་ནང་པའི་ལག་རྩལ་དང་འཕྲུལ་རིག]] [[:Category:བོད་ཀྱི་ནང་པའི་ནང་རིག་རིག་པ།]] [[:Category:བོད་ཀྱི་ནང་པའི་མིང་གཅིག་གི་དོན་མི་འདྲ་བ།]] [[:Category:བོད་ཀྱི་ནང་པའི་རྩིས་རིག་དང་སྐར་རྩིས།]] [[:Category:བོད་ཀྱི་ནང་པའི་ཟློས་གར།]] [[:Category:བོད་ཀྱི་ནང་པའི་སྙན་ངག]] [[:Category:བོད་ཀྱི་ནང་པའི་རྩོམ་རིག]] == གྲུབ་འབྲས་ཞིབ་བརྗོད། == (ཉེ་ཆར་འགྲེམས་སྤེལ་བྱེད་ངེས།) == མཉམ་འབྲེལ། == === གླེང་མོལ། === (ཉེ་ཆར་འགྲེམས་སྤེལ་བྱེད་ངེས།) == འབྲེལ་ཡོད་ཤོག་ངོས། == '''Community Discussion:''' ** [https://t.me/+MkCMg70Cz-hiZGRl Official Telegram Channel] ** [https://discord.gg/vw2NVgAq OpenPecha Discord Server] '''Project Management & Planning:''' ** [https://github.com/orgs/OpenPecha/projects/118/views/4 Public GitHub Project Board] ** [https://calendar.google.com/calendar/u/0?cid=Y184N2JlN2U5YTAwMjZiOGY4OWI0NmI4ZWZmYWExZWJlMzU4NjQ4MDA1MjdiYWQxZjYxMTRiNjcyYzBmYzQzMWI5QGdyb3VwLmNhbGVuZGFyLmdvb2dsZS5jb20 Public Project Calendar] '''Documentation & Resources:''' ** [https://forum.openpecha.org/ Project Documentation Forum] == སྤྱི་ཚོགས་འབྲེལ་ལམ་དང་ལས་དོན་དྲིལ་བསྒྲགས། == *[[User:Kaldan007|Kaldan007]] ལགས་ཀྱིས་རྒྱ་གར་རྡོ་རྗེ་གདན་དང་ཝཱ་ཎ་མཐོ་སློབ་ཏུ་ '[https://outreachdashboard.wmflabs.org/courses/Tenzin_Kaldan/First_Ever_Tibetan_Wikipedia_and_Wikisource_Editathons/home བོད་ཡིག་ཝེ་ཁེ་རིག་མཛོད་དང་ཝེ་ཁེ་ཡིག་ཚགས་ཀྱི་རྩོམ་སྒྲིག་ལས་འགུལ་ཐེངས་དང་པོ།(First Ever Tibetan Wikipedia and Wikisource Editathons)]' དེ་ལམ་ལྷོངས་ངང་སྤེལ་བ་རེད། བྷི་ཧཱར་མངའ་སྡེའི་ནང་བདུན་ཕྲག་གསུམ་གྱི་རིང་ལ་ལས་འགུལ་འདི་སྤེལ་བའི་བརྒྱུད་རིམ་ནང་། རྩོམ་སྒྲིག་པ་མི་གྲངས་ ༢༠༠ ལྷག་གསར་དུ་མཉམ་ཞུགས་བྱས་ཏེ་ཤོག་ངོས་ ༥༠༠ ལྷག་གསར་བཟོ་བྱས་ཡོད། ལས་དོན་འདི་ནི་བོད་ཡིག་ཝི་ཀི་རིག་མཛོད་ཀྱི་ཚོགས་པ་འདི་ཉིད་ཡར་རྒྱས་དང་། མ་འོངས་པའི་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་འབྱུང་ངེས་པ་ཞིག་རེད། འདིའི་ཐད་ལས་དོན་གོ་སྒྲིག་པ་ ([[User:Kaldan007|Kaldan007]], [[User:Gartsering|Gartsering]], [[User:Pecha-pema|Pecha-pema]], [[User:Jangchup Dorjee|Jangchup Dorjee]], [[User:Tsering gar|Tsering gar]]) རྣམས་དང་། མཉམ་ཞུགས་པ་ཡོངས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། དེ་བཞིན་ལས་གཞི་འདི་ལམ་ལྷོངས་ཡོང་ཆེད་རྒྱབ་ལྗོངས་ནས་ཕྱག་ལས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ། ལྷག་པར་དུ་ང་ཚོའི་པན་ཇ་བཱི་ཝི་ཀི་དྲ་ཚིགས་མཁན་ [https://meta.wikimedia.org/wiki/Punjabi_Wikimedians Punjabi Wikimedians] སཏ་དྷིཔ་གྷིལ། ([[User:Satdeep Gill|Satdeep Gill]]) དང་། ནི་ཏེཤ་གྷིལ། ([[User:Nitesh Gill|Nitesh Gill]]) རྣམ་གཉིས་ནས་ལམ་སྟོན་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། *དེ་སྔ་རྒྱ་གར་རྡོ་རྗེ་གདན་དང་ཝཱ་ཎ་མཐོ་སློབ་ཏུ་ '[https://outreachdashboard.wmflabs.org/courses/Tenzin_Kaldan/First_Ever_Tibetan_Wikipedia_and_Wikisource_Editathons/home བོད་ཡིག་ཝི་ཀི་རིག་མཛོད་དང་ཝི་ཀི་མ་ཡིག་གི་རྩོམ་སྒྲིག་ལས་འགུལ་ཐེངས་དང་པོ།(First Ever Tibetan Wikipedia and Wikisource Editathons)]' དེ་སྤེལ་བ་དང་། ལས་གཞི་དེ་མུ་མཐུད་ནས་བོད་མིའི་གནས་སྡོད་ས་གནས་གཞན་ཁག་ཏུ་སྤེལ་འཆར་ཡོད་པ་ལྟར། སྤྱི་ལོ་ ༢༠༢༦ ཟླ་ ༡ པོའི་ཚེས་ ༣༠-༣༡ ཉིན་གཅིག་དང་ཕྱེད་ཀའི་རིང་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་(Sarah: College for Higher Tibetan Studies)དུ་སྤེལ་བ་རེད། ཟབ་སྦྱོང་སྐབས་ཐོ་འགོད་གནང་མཁན་གསར་པ་ ༢༧ ཙམ་བྱུང་བ་དང་། རྩོམ་ཡིག་གསར་བཟོ་དང་ཞུ་དག་གི་གྲངས་(total edits) ༦༨༠ ཙམ་བྱུང་འདུག *དེ་ནས་སྤྱི་ལོ་ ༢༠༢༦ ཟླ་ ༢ པའི་ཚེས་ ༧-༨ ཉིན་གཅིག་དང་ཕྱེད་ཀའི་རིང་རྡ་སའི་ཉེ་འདབས་སུ་གནས་པའི་བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་(Dolma Ling Nunnery Institute of Dialectics)དུ་ཟབ་སྦྱོང་གོ་སྒྲིག་ཞུས་པ་དང་། ཟབ་སྦྱོང་སྐབས་ཐོ་འགོད་གནང་མཁན་གསར་པ་ ༢༣ ཙམ་བྱུང་བ་དང་། རྩོམ་ཡིག་གསར་བཟོ་དང་ཞུ་དག་གི་གྲངས་ ༡༩༠ ཙམ་བྱུང་འདུག *དེ་ནས་སྤྱི་ལོ་ ༢༠༢༦ ཟླ་ ༣ པའི་ཚེས་ ༢༡-༢༢ ཉིན་གཉིས་རིང་རྡ་སའི་ཉེ་འདབས་སུ་གནས་པའི་ནོར་བུ་གླིང་གའི་སྤྲོ་སྐྱིད་རྐང་སྤོལ་(Tokyi Futsal)གྱི་ཚོགས་ཁང་དུ་ཟབ་སྦྱོང་གོ་སྒྲིག་ཞུས་པ་དང་། སྐབས་འདིར་རྡ་སའི་ཉི་འཁོར་ནས་མཉམ་ཞུགས་གནང་མཁན་ཁྱོན་བསྡོམས་ ༢༠ ཙམ་ཕེབས་པ་དང་། དེ་དག་ལས་ཕྱེད་ཀ་ལྷག་ཙམ་དེ་སྔ་ཝི་ཀིའི་ལས་གཞི་འདྲ་མིན་ནང་ཕྱག་ལས་གནས་མྱོང་ཡོད་པ་དང་། མཉམ་ཞུགས་གནང་མཁན་གསར་པ་ ༩ ཙམ་བྱུང་འདུག རྩོམ་ཡིག་གསར་བཟོ་དང་ཞུ་དག་གི་གྲངས་ ༩༠ ཙམ་བྱུང་ཡོད་པ་དང་། སྔར་དང་མི་འདྲ་བར་ཝི་ཀི་རིག་མཛོད་(Wikipedia)ཏུ་རྩོམ་འབྲི་བྱེད་སྟངས་ཙམ་མིན་པར། ཝི་ཀི་མ་ཡིག་(Wikisource) དང་ཝི་ཀི་ཐུན་མོང་རྒྱུ་ཆ་(Wikimedia Commons)གཉིས་དང་། གཞན་ཡང་ཝི་ཀི་གནས་མཛོད་(Wikidata)སྐོར་སློབ་ཁྲིད་བྱས་པ་དང་། ཚོགས་ཆུང་སོ་སོའི་ནང་ད་ལྟའི་ལས་གཞི་དང་མ་འོངས་པའི་ལས་འཆར་སོགས་ཀྱི་ཐད་བགྲོ་གླེང་གྲོས་བསྡུར་ལྷུག་པོ་གནང་འདུག *དེ་ནས་སྤྱི་ལོ་ ༢༠༢༦ ཟླ་ ༤ པའི་ཚེས་ ༣-༤ ཉིན་གཉིས་རིང་རྫོང་སར་བཤད་གྲྭ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ (Dzongsar Khyentse Chokyi Lodro Institute) སུ་ཟབ་སྦྱོང་གོ་སྒྲིག་ཞུས་པ་དང་། སྐབས་དེར་བཤད་གྲྭའི་སློབ་དཔོན་འཛིན་རིམ་གཉིས་ནས་མཉམ་ཞུགས་གནང་མཁན་རྣམས་ལ་ཝི་ཀི་མ་ཡིག་ (Wikisource) དང་ཝི་ཀི་ཐུན་མོང་རྒྱུ་ཆ། (Wikimedia Commons) དེ་བཞིན་ཝི་ཀི་རིག་མཛོད་ (Wikipedia) སྐོར་སློབ་ཁྲིད་བྱས་པ་དང་། སྐད་ཕྲིན་ཚོགས་པའི་ནང་ཚོགས་མི་གསར་པ་ ༢༠ ཙམ་གྱི་ཐོ་འགོད་དང་། རྩོམ་ཡིག་གསར་བཟོ་དང་ཞུ་དག་གི་གྲངས་ ༨༠ ཙམ་བྱུང་འདུག *དེ་ནས་སྤྱི་ལོ་ ༢༠༢༦ ཟླ་ ༤ པའི་ཚེས་ ༢༥ ཉིན་གཅིག་གི་རིང་རྡ་ས་མེག་ལོར་དུ་བ་ར་ཀོ་ཇ་ཁང་(Barako Cafe)དུ་ཟབ་སྦྱོང་གོ་སྒྲིག་ཞུས་པ་དང་། སྐབས་འདིར་རྡ་སའི་ཉི་འཁོར་ནས་མཉམ་ཞུགས་གནང་མཁན་ཁྱོན་བསྡོམས་ ༢༠ ཙམ་ཕེབས་པ་དང་། དེ་དག་ལས་ཕྱེད་ཀ་ལྷག་ཙམ་དེ་སྔ་ཝི་ཀིའི་ལས་གཞི་འདྲ་མིན་ནང་ཕྱག་ལས་གནས་མྱོང་ཡོད་པ་དང་། མཉམ་ཞུགས་གནང་མཁན་གསར་པ་ ༩ ཙམ་བྱུང་འདུག རྩོམ་ཡིག་གསར་བཟོ་ ༢༠ དང་། ཁྱོན་བསྡོམས་ཞུ་དག་གི་ལས་ཀ་གསར་པ་ ༩༠༠ ཙམ་བྱུང་ཡོད་པ་དང་། ཝི་ཀི་རིག་མཛོད་(Wikipedia)ཏུ་རྩོམ་འབྲི་བྱེད་སྟངས་ཙམ་མིན་པར། ཝི་ཀི་མ་ཡིག་(Wikisource) དང་ཝི་ཀི་ཐུན་མོང་རྒྱུ་ཆ་(Wikimedia Commons)གཉིས་དང་། གཞན་ཡང་ཝི་ཀི་གནས་མཛོད་(Wikidata)སྐོར་སློབ་ཁྲིད་བྱས་པ་དང་། ཚོགས་ཆུང་སོ་སོའི་ནང་ད་ལྟའི་ལས་གཞི་དང་མ་འོངས་པའི་ལས་འཆར་སོགས་ཀྱི་ཐད་བགྲོ་གླེང་གྲོས་བསྡུར་ལྷུག་པོ་གནང་འདུག ཁྱོན་བསྡོམས་ལས་འགུལ་འདི་སྤེལ་བའི་བརྒྱུད་རིམ་ནང་ད་བར། རྩོམ་སྒྲིག་པ་མི་གྲངས་ ༣༠༠ ལྷག་ཙམ་གསར་དུ་མཉམ་ཞུགས་བྱས་ཏེ་ཤོག་ངོས་ ༡༡༠༠ ལྷག་གསར་བཟོ་བྱས་པ་དང་། ཞུ་དག་གི་གྲངས་ ༤༢༥༠ ལྷག རྩོམ་ཡིག་ལ་བལྟ་ཀློག་གི་གྲངས་ཚད་ ༡༡༨,༠༠༠ ལྷག་བྱས་ཡོད། ལས་དོན་འདི་ནི་བོད་ཡིག་ཝི་ཀི་རིག་མཛོད་ཀྱི་ཚོགས་པ་འདི་ཉིད་ཡར་རྒྱས་དང་། མ་འོངས་པའི་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་འབྱུང་ངེས་པ་ཞིག་རེད། འདིའི་ཐད་དངོས་ཤུགས་བརྒྱུད་གསུམ་གྱི་ལས་དོན་གོ་སྒྲིག་པ་ ([[User:Kaldan007|Kaldan007]], [[User:Gartsering|Gartsering]], [[User:Pecha-pema|Pecha-pema]], [[User:Jangchup Dorjee|Jangchup Dorjee]], [[User:Tsering gar|Tsering gar]], [[User:Pecha-Gade|Pecha-Gade]], [[User:Pecha-G.Dhargyal|Pecha-G.Dhargyal]], [[User:Pecha-Choedup|Pecha-Choedup]], [[User:Pecha-Tsewang|Pecha-Tsewang]]) རྣམས་ལ་ཐུགས་རྗེ་ཆེ་ཞུ་དང་སྦྲགས། མཉམ་ཞུགས་པ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། དེ་བཞིན་ལས་གཞི་འདི་ལམ་ལྷོངས་ཡོང་ཆེད་རྒྱབ་སྐྱོར་གནང་མཁན་ཚོགས་སྡེ་ཁག་དང་གང་ཟག་སྒེར་པ་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། [[User:Pecha-Tsewang|Pecha-Tsewang]] ([[User talk:Pecha-Tsewang|talk]]) ༡༩:༥༣, ༢༧ ཟླ་བཞི་བ། ༢༠༢༦ (UTC) 4lxcpolo514oa35iomrl5z5iob6s4u5 སྤྱོད་མཁན་གྱི་ བགྲོ་གླེང་།:Pecha-Tsewang 3 25522 161399 156445 2026-04-27T23:39:17Z UOzurumba (WMF) 28235 /* Invitation to try the Starter Kit tool and share your feedback */ new section 161399 wikitext text/x-wiki བཀྲ་ཤིས་བདེ་ལེགས། <!-- a;dsfka;sdkf --> Please leave new comments at the bottom of each topic, or at the bottom of this page in the Comments section, if it is not particularly related to any of the mentioned topic(s). ---- བོད་ཡིག་ཝེ་ཁེ་རིག་མཛོད་སྤྱོད་མཁན་གྱི་དྲ་གྲོགས་རྣམས་ལ་འཚམ་འདྲི་ཞུ། གཤམ་དུ་ཁྱེད་རྣམས་ལ་མཁོ་བའི་བརྗོད་གཞི་འགའ་བཀོད་ཡོད། བརྗོད་གཞི་སོ་སོའི་མཇུག་ཏུ་ཁྱེད་ཀྱི་དྲི་བ་དང་། དགོངས་ཚུལ། ལ་སོགས་གང་གསུང་རྒྱུ་ཡོད་ཀྱང་མཆན་འགོད་ས་ཞེས་པའི་སྡེ་ཚན་དེའི་ནང་འགོད་ཆོག་པ་དང་། བཀོད་ཟིན་པའི་རྗེས་སུ་ངེས་པར་དུ་ <nowiki>~~~~</nowiki> འདི་འབྲི་རོགས། རྟགས་འདི་འགོད་སྐབས་ངེས་པར་དུ་རང་གི་གློག་ཀླད་ཀྱི་ཡི་གེའི་མཐེབ་གཞོང་དེ་བོད་ཡིག་ནས་དབྱིན་ཡིག་ཐོག་བསྒྱུར་རྒྱུ་མ་བརྗེད་པ་གནང་རོགས། འདིས་རང་རང་གི་མཚན་དང་དུས་ཚོད་གཉིས་ཀྱི་རྟགས་འགོད་པར་བྱེད་པ་རེད། ཐུགས་རྗེ་ཆེ། ==ཝེ་ཁེ་མི་ཌི་ཡ་དང་འབྲེལ་བའི་ལས་ཀའི་བརྒྱུད་རིམ་ནང་གཞི་རྩའི་མཉེན་ཆས་བཀོལ་སྤྱོད་དང་འབྲེལ་བའི་དཀའ་ངལ་དང་དོགས་དྲི་འགོད་ས།== [https://m.mediawiki.org/wiki/Wikimedia_Language_and_Product_Localization/Community_meetings Wikimedia Language and Product Localization/Community meetings] ནང་དོན། ཕྱི་ཟླ་༨པའི་ཚེས་༢༩ རྒྱ་གར་ནང་ཕྱི་དྲོའི་ཚོུད་༨ དང་སྐར་མ་༣༠ ནས་༩ དང་སྐར་མ་༣༠ བར་ཚོུད་གཅིག་རིང་གི་ཚོགས་འདུ་འདིའི་ནང་ཝེ་ཁེ་མི་ཌི་ཡ་སྤྱི་ཡི་སྐད་ཡིག་དང་འབྲེལ་བའི་རྩོམ་འབྲི་བྱེད་མཁན་དང་མཉེན་ཆས་ཆད་ལས་པའི་གྲོས་བསྡུར་གླེང་སྟེགས་ཤིག་ཡིན་པ་དང་། ཚོགས་འདུ་འདིའི་ནང་ཚོགས་མི་ཕན་ཚུན་འབྲེལ་མཐུད་ཀྱིས་མཚོན་པས། ལས་ཀའི་བརྒྱུད་རིམ་ནང་གཞི་རྩའི་མཉེན་ཆས་བཀོལ་སྤྱོད་དང་འབྲེལ་བའི་དཀའ་ངལ་ཇི་ཕྲད་ལ་ཐབས་ལམ་འཚོལ་རྒྱུ་ཡིན་ན། རྣམ་པ་ཚོས་རང་རང་ལ་དཀའ་ངལ་དོགས་དྲི་གང་ཡོད་ཀྱང་སྡེ་ཚན་འདིའི་གཤམ་དུ་རྟགས་#འདི་ཡི་མཚམས་ནས་དཔེ་མཚོན་བཀོད་པ་ལྟར་རིམ་པས་དབྱིན་བོད་གང་རུང་ཐོག་འགོད་རོགས་གནང་། ཕྲན་@Pecha-Tsewang དང་@ཨེ་མ གཉིས་ནས་ཁྱེད་རྣམ་པའི་དྲི་བ་རྣམས་ཚོགས་འདུ་དེའི་ནང་གླེངས་ཐབས་འབད་བརྩོན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། [[User:Pecha-Tsewang|Pecha-Tsewang]] ([[User talk:Pecha-Tsewang|talk]]) ༡༡:༥༠, ༡༩ ཟླ་བརྒྱད་པ། ༢༠༢༥ (UTC) ==མཆན་འགོད་ས།== #དཔེ་མཚོན། ང་ལ་wikisourceནང་proofreading བྱེད་སྐབས་ས་ཆ་གུ་དོག་པོ་འདུག་པ་དང་བོད་ཡིག་གི་ཡིག་གཟུགས་དེ་ཆུང་དྲགས་པས་མིག་ལ་བལྟ་བདེ་ཙམ་ཡོང་ཕྱིར་དེ་ཆེ་ཙམ་བཟོ་ཐུབ་ན་ལེགས། [[User:Pecha-Tsewang|Pecha-Tsewang]] ([[User talk:Pecha-Tsewang|talk]]) ༢༠:༥༨, ༡༩ ཟླ་བརྒྱད་པ། ༢༠༢༥ (UTC) #ཆོས་ཚན་གྱི་མཚན་བྱང་གཅིག་པ་ཡིན་ན་Wikimedia Commons ནང་དུ་ནང་འཇུག་བྱེད་མི་ཐུབ་པའི་དཀའ་ངལ། དཔེར་ན། སྒྲོལ་མའི་སྒྲུབ་ཐབས་ལྟ་བུ་ཞིག་ནང་འཇུག་བྱས་ཟིན་རྗེས་ནང་དོན་གྱི་བརྗོད་པ་མི་འདྲ་ཡང་མཚན་བྱང་གཅིག་པ་སྒྲོལ་མའི་སྒྲུབ་ཐབས་གཉིས་པ་ཞིག་ནང་འཇུག་བྱེད་མི་ཐུབ་པ།[[User:Rekong Rabten|Rekong Rabten]] ([[User talk:Rekong Rabten|talk]]) ༡༥:༣༡, ༢༥ ཟླ་བརྒྱད་པ། ༢༠༢༥ (UTC) #ཆོས་ཚན་མི་འདྲ་བ་གཉིས་བཤེར་དཔར་གྱི་ཤོག་ངོས་གཅིག་ཏུ་ཡོད་ན་Wikimedia Commons ནང་དུ་ནང་འཇུག་བྱེད་མི་ཐུབ་པ།[[User:Rekong Rabten|Rekong Rabten]] ([[User talk:Rekong Rabten|talk]]) ༡༥:༣༦, ༢༥ ཟླ་བརྒྱད་པ། ༢༠༢༥ (UTC) #ཝེ་ཁྀའི་ནང་དུ་མིང་བྱང་འབྲི་སར་ཚད་གཞི་ཡོད་ཀྱང་། ཆོས་དཔེ་ཡི་མཚན་བྱང་རིང་པོ་ཅན་དེ་ཚོ་འབྲི་མི་ཐུབ་པའི་དཀའ་ངལ་འདུག༡༦:༡༦, ༢༥ ཟླ་བརྒྱད་པ། ༢༠༢༥ (UTC) # Working in Wikisource, a Page: by default, is set to be read like a book, i.e. in a portrait form, with the eText on the left and the scanned image on the right. However traditional Tibetan scriptures come in wide format. If there was a setting that one could choose (tall/wide) from, then we could place the eText and scanned image on top of another, just like you have the option while we edit this very page. It would be very helpful. [https://w.wiki/F9kk Have a look at an example here]. Thank you.[[User:Pecha-Tsewang|Pecha-Tsewang]] ([[User talk:Pecha-Tsewang|talk]]) ༡༧:༡༦, ༢༧ ཟླ་བརྒྱད་པ། ༢༠༢༥ (UTC) # # # == Notice of expiration of your sysop right == <div dir="ltr">Hi, as part of [[:m:Special:MyLanguage/Global reminder bot|Global reminder bot]], this is an automated reminder to let you know that your permission "sysop" (དོ་དམ་པ།) will expire on 2025-11-24 11:52:14. Please renew this right if you would like to continue using it. <i>In other languages: [[:m:Special:MyLanguage/Global reminder bot/Messages/default|click here]]</i> [[User:Leaderbot|Leaderbot]] ([[User talk:Leaderbot|talk]]) ༡༩:༤༣, ༡༧ ཟླ་བཅུ་གཅིག་པ། ༢༠༢༥ (UTC)</div> :Thank you for the notice. I have accepted the nomination for permanent adminship. Hope it will get processed in time.[[User:Pecha-Tsewang|Pecha-Tsewang]] ([[User talk:Pecha-Tsewang|talk]]) ༢༠:༥༣, ༡༨ ཟླ་བཅུ་གཅིག་པ། ༢༠༢༥ (UTC) == Invitation to try the Starter Kit tool and share your feedback == Hello @[[སྤྱོད་མཁན།:Pecha-Tsewang|Pecha-Tsewang]], Apologies this message is not in your native language. As one of the editors who set up the Tibetan Wikipedia, the [[mw:Language_Onboarding_and_Development|Language Onboarding and Development]] initiative invites you to use the Starter Kit to configure and customize Tibetan Wikipedia homepage. Main page customization is one of the first features of the starter kit which will help you improve your main page's layout and mobile responsiveness, and structure your content with ease using pre-built templates. It will also help us evaluate how well it can improve the onboarding experience of administrators on your Wikipedia, so we can further use the learnings to improve the experience for new wikis graduating from the incubator. Visit [[mw:Language_Onboarding_and_Development/Starter_kit|this page]] to learn more about the Starter kit. '''Here's how to get started:''' * Access the Starter Kit here: https://starterkit.toolforge.org/ * Use the tool as illustrated in the screen record below to customize your main page. [[ཡིག་ཆ།:Starter_kit_main_page_customization_feature_demo.webm|825x825px|Starter kit main page customization feature demo]] * When you are done, share your feedback on [[mw:Talk:Language_Onboarding_and_Development/Starter_kit|this page]] on the following: ** The time it took to configure and customize your Wikipedia initially, and the time it took now with the Kit. ** The things you find most useful while configuring it. ** Tell us anything important to your language Wikipedia or your community's goals that you felt the configured main page templates were able to or unable to capture. ** The step in the configuration process where you felt stuck, confused, or unsure what to do next. The configurations can be reverted like an edit from the “view history”, so don't be afraid to try it several times. We would appreciate it if you could submit your feedback by the 11th of May 2026 so we can start adding more features based on it. If you have any questions or need assistance, let me know. Thank you so much for your contributions to your Wikipedia and for helping us shape this tool for new Wikipedias. We will keep you updated on any additional things added to the starter kit in the future. Best regards, [[སྤྱོད་མཁན།:UOzurumba (WMF)|UOzurumba (WMF)]] ([[སྤྱོད་མཁན་གྱི་ བགྲོ་གླེང་།:UOzurumba (WMF)|གླེང་མོལ།]]) ༢༣:༣༩, ༢༧ ཟླ་བཞི་བ། ༢༠༢༦ (UTC) 7x0e61uhhy5cms1iqgomzi55106ic4m