Wikipedia bowiki https://bo.wikipedia.org/wiki/%E0%BD%82%E0%BD%99%E0%BD%BC%E0%BC%8B%E0%BD%84%E0%BD%BC%E0%BD%A6%E0%BC%8D MediaWiki 1.46.0-wmf.26 first-letter མི་ཌི་ཡ་། དམིགས་བསལ། བགྲོ་གླེང་། སྤྱོད་མཁན། སྤྱོད་མཁན་གྱི་ བགྲོ་གླེང་། Wikipedia Wikipedia བགྲོ་གླེང་། ཡིག་ཆ། ཡིག་ཆའི་ བགྲོ་གླེང་། མི་ཌི་ཡ་ཝི་ཀི། མི་ཌི་ཡ་ཝི་ཀིའི་ བགྲོ་གླེང་། དཔེ་པང་། དཔེ་པང་གི་ བགྲོ་གླེང་། རམ་འདེགས། རམ་འདེགས་ཀྱི་ བགྲོ་གླེང་། རིགས་དབྱེ། རིགས་དབྱེའི་ བགྲོ་གླེང་། TimedText TimedText talk Module Module talk Event Event talk ང་ལུམ་སྦྱར་གསུམ་ 0 12665 161427 136267 2026-05-01T07:31:58Z ~2026-26261-58 35608 161427 wikitext text/x-wiki ༸ རྒྱལ་བ་སྐུུུུུུུུུུུུུུུུུུུུུུ་ཕྲེང་བདུན་པའི་སྐབས་སུ་བོད་གཞུང་གི་གཤམ་གསལ་མི་ལྔ་བཀའ་བློན་ཏུ་བསྐོས་ཡོད། དཱ་ཆིང་བ་ཐུར། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ། ང་ལུམ་སྦྱར་གསུམ། (ང་ཕོད། ལུམ་པ་བ། སྦྱར་ར་པ།) == ང་ལུམ་སྦྱར་གསུམ། == ང་ཕོད་རྡོ་རྗེ་རྒྱལ་པོ་དང་། གུང་ལུམ་པ་བ་བཀྲིས་རྒྱལ་པོ། སྦྱར་ར་བ་བློ་གྲོས་རྒྱལ་པོ་བཅས་གསུམ་སྟེ་རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་༡༧༢༠ལོའི་ཟླ་༩པའི་ཚེས་༡༤ཉིན་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་གསེར་ཁྲིར་མངའ་སྲོལ། ལྕགས་གླང་༡༧༢༡ལོ་མངའ་རིས་སྐོར་གསུམ་གྱི་གཙོ་བོ་ཁང་ཆེན་བསོད་ནམས་རྒྱལ་པོ་(དའི་ཆིང་བཱ་དུར)དང་། ང་ཕོད་རྡོ་རྗེ་རྒྱལ་པོ། ལུམ་པ་བཀྲ་ཤིས་རྒྱལ་པོ། སྦྱར་ར་བློ་གྲོས་རྒྱལ་པོ། ཕོ་ལྷ་བསོད་ནམས་སྟོབས་རྒྱས་བཅས་བཀའ་བློན་དུ་བསྐོས་པའི་གཙོ་བོ་དའི་ཆིང་བཱ་དུར་དང་། ང་ཕོད་་པར་སི་ཞེས་པའི་ཆོ་ལོ་གནང་། བཀའ་བློན་རྣམས་ནས་སྲིད་དབང་ལོ་བདུན་བསྐྱངས་རིང་ཕན་ཚུན་དད་མོས་དང་། ཉེ་ཕྱོགས་སོགས་ཀྱི་རྐྱེན་པས་རིམ་བཞིན་མི་མཐུན་པར་གྱུར་ཏེ་དའི་ཆིང་བཱ་དུར་དང་། ཕོ་ལྷ་བས་དའི་ཆིང་ལ་དོགས་ཟོན་དགོས་ཚུལ་ཞུས་ཀྱང་དའི་ཆིང་གིས་དོ་སྣང་མ་བྱས་ཤིང་། དུས་དེར་གོང་མ་གསུང་ཊེང་གིས་དའི་ཆིང་བཱ་དུར་ལ་ཤེལ་གྱི་ཐམ་ག་སོགས་གཟེངས་བསྟོད་ཀྱི་བཀས་མངགས་བློན་ཆེན་གཉིས་བཅས་བཏང་བ་ལྷ་སར་མ་འབྱོར་སྔོན་ང་ལུམ་སྦྱར་གསུམ་སོགས་ཀྱིས་དའི་ཆིང་བཱ་དུར་མེད་པ་བཟོ་བར་བརྩམས་(ཕོ་ལྷ་བ་གཙང་དུ་འཁོར་ཞག་ཐོན་ནས་བསྡད་མེད)མེ་ལུག(༡༧༢༧)ལོའི་ཟླ་༦ཚེས་༡༨ཉིན་ང་ལུམ་སྦྱར་གསུམ་གྱིས་ལྷ་སའི་གཙུག་ལག་ཁང་གི་སྒོ་མཆོར་གྱི་ཡང་སྟེང་ཚོམས་ཆེན་ཁམས་གསུམ་ནའི་དའི་ཆིང་ལ་སྙན་ཞུ་རིང་པོ་ཞིག་ཕུལ་བར་གཟིགས་བཞིན་པའི་དུས་སུ་ང་ལུམ་སྦྱར་གསུམ་དང་། ཁོང་ཚོའི་ཁོངས་མིས་གྲི་རུབ་བརྒྱབ་སྟེ་བཀྲོངས་པ་མ་ཟད། ཕྱི་རོལ་དུ་ཡོད་པའི་ཞབས་ཕྱི་དང་། མཛོད་པ། རི་མོ་མཁན་སོགས་ཀྱང་བསད། དའི་ཆིང་གིས་བཞུགས་གནས་ཕུན་ཚོགས་རབ་བརྟན་དཔལ་འབྱོར་དུ་བཙུན་མོ་ཆེ་ཆུང་གཉིས་བཀྲོངས་པ་སོགས་བྱས་ཏེ་ང་ལུམ་སྦྱར་གསུམ་ནས་གོང་གཡུང་ཊེང་ལ་དའི་ཆིང་གིས་ཏཱ་ལའི་བླ་མར(སྐུ་ཕྲེང་བདུན་པར)དད་གུས་ཕྲ་མོ་ཙམ་་ཡང་མེད་པ་དང་། བོད་ཀྱི་སྲིད་དབང་ངན་འབྲེལ། རྒྱ་གར་རྒྱལ་པོ་དང་འབྲེལ་བ་བྱས་པ་སོགས་ཀྱི་ཉེས་པ་བགྲངས་པའི་སྙན་ཞུ་ཕུལ། ཁོ་ཚོས་སྲིད་དབང་བཟུང་ནས་གོང་མའི་རྒྱབ་སྐྱོར་ཡོང་བར་རེ་བ་ཞུས། ༼[[དུང་དཀར་ཚིག་མཛོད་ཆེན་མོ་]]༽ནས་བཏུས།<br /> [[Category:དུང་དཀར་ཚིག་མཛོད་ཆེན་མོ་]] 6h5ahnm67qzd6pxqaad4why48dum656 161428 161427 2026-05-01T07:34:30Z ~2026-26261-58 35608 161428 wikitext text/x-wiki ༸ རྒྱལ་བ་སྐུུུུུུུུུུུུུུུུུུུུུུ་ཕྲེང་བདུན་པའི་སྐབས་སུ་བོད་གཞུང་གི་གཤམ་གསལ་མི་ལྔ་བཀའ་བློན་ཏུ་བསྐོས་ཡོད། དཱ་ཆིང་བ་ཐུར། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ། ང་ལུམ་སྦྱར་གསུམ། (ང་ཕོད། ལུམ་པ་བ། སྦྱར་ར་པ།) == ང་ལུམ་སྦྱར་གསུམ། == ང་ཕོད་རྡོ་རྗེ་རྒྱལ་པོ་དང་། གུང་ལུམ་པ་བ་བཀྲིས་རྒྱལ་པོ། སྦྱར་ར་བ་བློ་གྲོས་རྒྱལ་པོ་བཅས་གསུམ་སྟེ་རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་༡༧༢༠ལོའི་ཟླ་༩པའི་ཚེས་༡༤ཉིན་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་གསེར་ཁྲིར་མངའ་སྲོལ། ལྕགས་གླང་༡༧༢༡ལོ་མངའ་རིས་སྐོར་གསུམ་གྱི་གཙོ་བོ་ཁང་ཆེན་བསོད་ནམས་རྒྱལ་པོ་(དའི་ཆིང་བཱ་དུར)དང་། ང་ཕོད་རྡོ་རྗེ་རྒྱལ་པོ། ལུམ་པ་བཀྲ་ཤིས་རྒྱལ་པོ། སྦྱར་ར་བློ་གྲོས་རྒྱལ་པོ། ཕོ་ལྷ་བསོད་ནམས་སྟོབས་རྒྱས་བཅས་བཀའ་བློན་དུ་བསྐོས་པའི་གཙོ་བོ་དའི་ཆིང་བཱ་དུར་དང་། ང་ཕོད་་པར་སི་ཞེས་པའི་ཆོ་ལོ་གནང་། བཀའ་བློན་རྣམས་ནས་སྲིད་དབང་ལོ་བདུན་བསྐྱངས་རིང་ཕན་ཚུན་དད་མོས་དང་། ཉེ་ཕྱོགས་སོགས་ཀྱི་རྐྱེན་པས་རིམ་བཞིན་མི་མཐུན་པར་གྱུར་ཏེ་དའི་ཆིང་བཱ་དུར་དང་། ཕོ་ལྷ་བས་དའི་ཆིང་ལ་དོགས་ཟོན་དགོས་ཚུལ་ཞུས་ཀྱང་དའི་ཆིང་གིས་དོ་སྣང་མ་བྱས་ཤིང་། དུས་དེར་གོང་མ་གསུང་ཊེང་གིས་དའི་ཆིང་བཱ་དུར་ལ་ཤེལ་གྱི་ཐམ་ག་སོགས་གཟེངས་བསྟོད་ཀྱི་བཀས་མངགས་བློན་ཆེན་གཉིས་བཅས་བཏང་བ་ལྷ་སར་མ་འབྱོར་སྔོན་ང་ལུམ་སྦྱར་གསུམ་སོགས་ཀྱིས་དའི་ཆིང་བཱ་དུར་མེད་པ་བཟོ་བར་བརྩམས་(ཕོ་ལྷ་བ་གཙང་དུ་འཁོར་ཞག་ཐོན་ནས་བསྡད་མེད)མེ་ལུག(༡༧༢༧)ལོའི་ཟླ་༦ཚེས་༡༨ཉིན་ང་ལུམ་སྦྱར་གསུམ་གྱིས་ལྷ་སའི་གཙུག་ལག་ཁང་གི་སྒོ་མཆོར་གྱི་ཡང་སྟེང་ཚོམས་ཆེན་ཁམས་གསུམ་ནའི་དའི་ཆིང་ལ་སྙན་ཞུ་རིང་པོ་ཞིག་ཕུལ་བར་གཟིགས་བཞིན་པའི་དུས་སུ་ང་ལུམ་སྦྱར་གསུམ་དང་། ཁོང་ཚོའི་ཁོངས་མིས་གྲི་རུབ་བརྒྱབ་སྟེ་བཀྲོངས་པ་མ་ཟད། ཕྱི་རོལ་དུ་ཡོད་པའི་ཞབས་ཕྱི་དང་། མཛོད་པ། རི་མོ་མཁན་སོགས་ཀྱང་བསད། དའི་ཆིང་གི་བཞུགས་གནས་ཕུན་ཚོགས་རབ་བརྟན་དཔལ་འབྱོར་དུ་བཙུན་མོ་ཆེ་ཆུང་གཉིས་བཀྲོངས་པ་སོགས་བྱས་ཏེ་ང་ལུམ་སྦྱར་གསུམ་ནས་གོང་མ་གཡུང་ཊེང་ལ་དའི་ཆིང་གིས་ཏཱ་ལའི་བླ་མར(སྐུ་ཕྲེང་བདུན་པར)དད་གུས་ཕྲ་མོ་ཙམ་་ཡང་མེད་པ་དང་། བོད་ཀྱི་སྲིད་དབང་ངན་འབྲེལ། རྒྱ་གར་རྒྱལ་པོ་དང་འབྲེལ་བ་བྱས་པ་སོགས་ཀྱི་ཉེས་པ་བགྲངས་པའི་སྙན་ཞུ་ཕུལ། ཁོ་ཚོས་སྲིད་དབང་བཟུང་ནས་གོང་མའི་རྒྱབ་སྐྱོར་ཡོང་བར་རེ་བ་ཞུས། ༼[[དུང་དཀར་ཚིག་མཛོད་ཆེན་མོ་]]༽ནས་བཏུས།<br /> [[Category:དུང་དཀར་ཚིག་མཛོད་ཆེན་མོ་]] jxx3f0k7u39zexf513o6kmucvvc4t1x