Wikipedia
dzwiki
https://dz.wikipedia.org/wiki/%E0%BD%98%E0%BC%8B%E0%BD%A4%E0%BD%BC%E0%BD%82%E0%BC%8D
MediaWiki 1.46.0-wmf.21
first-letter
Media
Special
Talk
User
User talk
Wikipedia
Wikipedia talk
File
File talk
MediaWiki
MediaWiki talk
Template
Template talk
Help
Help talk
Category
Category talk
TimedText
TimedText talk
Module
Module talk
Event
Event talk
སོག་པོ་
0
2075
39536
39439
2026-03-29T11:03:21Z
~2026-19547-35
13305
39536
wikitext
text/x-wiki
{{Country2
|name = སོག་པོ་
|flag = Flag of Mongolia.svg
|map = Mongolia in its region.svg
|capital =
|area = 1 564 116
|population = 3 504 741
}}
[[File:Naadam.jpg|right|thumbnail|སོག་པོ་]]
[[File:UlaanBaatar-2009.jpg|thumb|[[ཨུ་ལཱན་བ་ཊར]] (Ulan Bator: Улаанбаатар: ᠤᠯᠠᠭᠠᠨᠪᠠᠭᠠᠲᠤᠷ).]]
'''མོང་གོ་ལི་ཡའི་རྒྱལ་ཁབ་ཀྱི་ངོ་སྤྲོད།'''
དེང་སང་གི་མོང་གོ་ལི་ཡའི་ས་ཁོངས་འདི་ ཞཱིང་ནུ་དང་ ཞཱིན་བེ་ རཱོ་རཱན་ ཊཱར་ཀི་ཁ་ག་ནེ་ཊཱི་དང་པ་ ཊར་ཀི་ཁ་ག་ནེ་ཊི་གཉིས་པ་ ཡུ་གུར་ཁ་ག་ནེ་ཊི་ དེ་ལས་ གཞན་ཚུ་བརྩིས་ཏེ་ གནས་སྤོའི་རྒྱལ་ཁབ་མ་འདྲཝ་ཚུ་གིས་ དབང་འཛིན་འབད་ཡོདཔ་ཨིན། སྤྱི་ལོ་ ༡༢༠༦ ལུ་ ཇཱིང་གིསི་ཁཱན་གྱིས་ མོང་གོལ་རྒྱལ་ཁམས་གཞི་བཙུགས་འབད་ཡོདཔ་དང་ འདི་ཡང་ རྒྱལ་རབས་ནང་ ས་ཆའི་རྒྱལ་ཁམས་སྦོམ་ཤོས་ཅིག་ལུ་འགྱུར་ནུག། ཁོ་གི་ཚ་བོ་ ཀཱུབ་ལའི་ཁན་གྱིས་ རྒྱ་ནག་དབང་ལུ་བསྡུ་སྟེ་ ཡཱུན་གྱི་རྒྱལ་རྒྱུད་གཞི་བཙུགས་འབད་ནུག། ཡཱུན་འདི་ ཧྲིལ་བུམ་འགྱོ་བའི་ཤུལ་ལས་ མོང་གོལ་ཚུ་ མོང་གོ་ལི་ཡ་ལུ་ ཕྱིར་ལོག་འབད་དེ་ ད་ཡན་ཁཱན་དང་ ཏཱུ་མེན་ཟ་སག་ཊི་ཁཱན་གྱི་དུས་སྐབས་ནང་མ་གཏོགས་ ཧེ་མའི་ཕྱོགས་གཉིས་ཀྱི་ འཁྲུག་རྩོད་ཀྱི་ དཔེ་རིས་ཚུ་ ལོག་སྟེ་འགོ་བཙུགས་ནུག།
'''བྱུང་རབས།'''
དུས་རབས་ ༡༦ པའི་ནང་ བོད་ཀྱི་ནང་ཆོས་འདི་ མོང་གོ་ལུ་དར་ཁྱབ་འགྱོ་སྟེ་ མཱན་ཇུ་གིས་ གཞི་བཙུགས་འབད་མི་ ཀིང་རྒྱལ་རབས་ཀྱིས་ ཧེང་སྐལ་ར་ འགོ་ཁྲིད་འབད་དེ་ དུས་རབས་ ༡༧ པའི་ནང་ རྒྱལ་ཁབ་འདི་དབང་ལུ་བསྡུ་ནུག། དུས་རབས་ ༢༠ པ་འགོ་བཙུགས་ཁམས་ཅིག་ཁར་ ཕོ་སྐྱེས་རྒས་ཤོས་ཚུ་གི་གྲལ་ལས་ ཧ་ལམ་གསུམ་ཆ་གཅིག་འདི་ ནང་པའི་དགེ་སློང་ཚུ་ཨིན་མས།[༡༠/༡༡/༡༩༡༡ ལོར་ ཆིང་རྒྱལ་རྒྱུད་ཉམས་རྒུད་བྱུང་བའི་ཤུལ་ལུ་ མོང་གོལ་རྒྱལ་ཁབ་ཀྱིས་རང་དབང་གསལ་བསྒྲགས་འབད་དེ་ སྤྱི་ལོ་ ༡༩༢༡ ལོ་ལུ་ རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ལས་རང་དབང་དངོས་སུ་ཐོབ་ཡོདཔ་ཨིན། སྤྱི་ལོ་ ༡༩༢༤ ལོར་ སོག་པོའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་ སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་སྦེ་གཞི་བཙུགས་འབད་ནུག། སྤྱི་ལོ་ ༡༩༨༩ ལོ་ལུ་ དམངས་གཙོའི་རིང་ལུགས་ལུ་ངོ་རྒོལ་འབད་བའི་ཤུལ་ལུ་ སྤྱི་ལོ་ ༡༩༩༠ ལོ་འགོ་བཙུགསཔ་ད་ སོག་པོ་རྒྱལ་ཁབ་ཀྱིས་ རང་སོའི་ཞི་བདེ་དམངས་གཙོའི་གཞུང་རྒོལ་གྱི་ལས་འགུལ་སྤེལ་ཡོདཔ་ལས་ དེ་གིས་ ཚོགས་པ་སྣ་ཚོགས་ཀྱི་ལམ་ལུགས་དང་ སྤྱི་ལོ་ ༡༩༩༢ ལོ་ལུ་རྩ་ཁྲིམས་གསརཔ་དང་ དེ་ལས་ ཁྲོམ་ཁའི་དཔལ་འབྱོར་ལུ་ འགྱུར་བཅོས་འབད་ཡོདཔ་ཨིན་པས།
'''མི་རློབས།'''
མི་རློབས་བརྒྱ་ཆ་ ༣༠ དེ་ཅིག་ གནས་སྤོ་སྡོད་མི་ཚུ་ཨིན། མོང་གོ་ལི་ཡ་ལུ་ རྟའི་ལམ་སྲོལ་འདི་ གལ་ཆེ་ཤོས་ཅིག་ཨིན། ནང་པའི་ཆོས་ལུགས་འབད་མི་མཐོ་ཤོས་ཡོདཔ་ཨིན། བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༥༡.༧ ཨིནམ་དང་ ཆོས་ལུགས་མེན་མི་ཚུ་ སྡེ་ཚན་སྦོམ་ཤོས་གཉིས་པ་ཨིན་མས། (བརྒྱ་ཆ་༤༠.༦) ཨིསི་ལམ་ཨིནམ་དང་ ཆོས་ལུགས་ངོས་འཛིན་མཐོ་ཤོས་གསུམ་པ་(བརྒྱ་ཆ་༣.༢) ཨིནམ་དང་ འདི་ཡང་ཀ་ཟཀསི་གི་མི་རིགས་ནང་ལུ་ གཙོ་བོར་བསྟེན་དོ་ཡོདཔ་ཨིན། མི་སེར་མང་ཤོས་ཅིག་ར་ མོང་གཱོལ་གྱི་མི་རིགས་ཨིནམ་དང་ མི་རློབས་བརྒྱ་ཆ་ ༥ དེ་ཅིག་ ཀ་ཟཀསི་དང་ཊུ་ཝཱནསི་ དེ་ལས་ གཞན་མི་མི་རིགས་གྱངས་ཁ་ཆོད་མི་ཚུ་ཨིནམ་དང་ ཁོང་ཆ་ཁྱབ་ དམིགས་བསལ་གྱིས་ ནུབ་ཕྱོགས་ལུང་ཕྱོགས་ནང་ལུ་ མང་སུ་སྦེ་ཡོདཔ་ཨིན། མོང་གོ་ལི་ཡ་འདི་ འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མི་དང་ ཨེ་ཤི་ཡ་མཉམ་འབྲེལ་གྲོས་བསྡུར་ ཇི་ ༧༧ ཨེ་ཤི་ཡའི་གཞི་རྟེན་མ་རྩ་གཞི་བཙུགས་དངུལ་ཁང་ མཐུན་འབྲེལ་མ་ཡིན་པའི་ལས་འགུལ་ དེ་ལས་ ནེ་ཊོ་འཛམ་གླིང་མཉམ་འབྲེལ་གྱི་འཐུས་མི་ཅིག་ཨིན། མོང་གོ་ལི་ཡ་གིས་ སྤྱི་ལོ་ ༡༩༩༧ ལུ་ འཛམ་གླིང་ཚོང་འབྲེལ་ཚོགས་སྡེ་ནང་ འཛུལ་ཞུགས་འབད་དེ་ ལུང་ཕྱོགས་དཔལ་འབྱོར་དང་ཚོང་འབྲེལ་སྡེ་ཚན་ཚུ་ནང་ བཅའ་མར་གཏོགས་ནིའི་ འབད་རྩོལ་བསྐྱེད་དོ་ཡོདཔ་ཨིན།<ref>https://en.m.wikipedia.org/wiki/Morin_khuur</ref>
'''སྐད་རིགས'''
མོང་གོ་ལི་ཡའི་རང་དབང་ཅན་གྱི་རྒྱལ་ཁབ་ཀྱི་གཞུང་འབྲེལ་སྐད་ཡིག་འདི་ དུས་རབས་ ༡༧ པའི་ནང་ ལུང་ཕྱོགས་འདི་ནང་ལས་ ཁལ་ཁ་མངའ་སྡེ་བཞི་བརྐོ་སྟེ་བཏོན་མི་གི་མིང་ཐོག་ལས་ ཁལ་ཁ་མོང་གོ་ལི་ཡ་ཟེར་ འོས་འབབ་དང་ལྡནམ་སྦེ་སླབ་ཨིན།
'''ཡོངས་གྲགས་ཅན་གྱི་ཁྱད་ཆོས།'''
དེ་ཡང་རང་བཞིན་གནས་སྟངས་ཡོདཔ་མ་ཚད་ – མོང་གོ་ལི་ཡ་ལུ་ བྱ་དང་ཉ་ དེ་ལས་ ཨོམ་འཐུང་མི་སེམས་ཅན་མ་འདྲཝ་ཡོད་རུང་ སའི་བེ་རི་ཡན་ཨའི་བེགསི་དང་ ཁཝ་གླང་ཆེན་ གོ་བི་དོམ་ རི་དྭགས་བེག་ཊི་རི་ཡན་རྔ་མོང་ དེ་ལས་ པྲེ་ཝལ་སི་ཀི་གི་རྟ་ཚུ་མ་འདྲཝ་འབད་ཡོདཔ་ལས་ ཡོངས་གྲགས་ཅན་འབད་རྩིས་མཐོང་བསྐྱེདཔ་ཨིན། ས་ཆའི་གནས་སྟངས་འདི་ཡང་ – གནམ་ཧོནམོ་སྔོ་སང་ས་འབད་མཐོང་དོ་ཡོདཔ་དང་ ས་ཆའི་གནས་སྟངས་འདི་་ཚུ་ཡང་ རང་བཞིན་ག་ཨིནམ་སྦེ་མཐོང་སྣང་ཡ་མཚན་ཅན་ཅིག་སྦེ་མཇལ་ཚུགས་དོ་ཡོདཔ་ཨིན་པས།
'''མོང་གོལ་གྱི་ཟ་འཐུང་དང་བཞེས་སྒོ།'''
མོང་གོལ་གྱི་ཟ་འཐུང་ཚུ་ གོང་ཚད་འཇམ་ཏོང་ཏོ་དང་ ཤ་མ་འདྲཝ་ཚུ་གིས་ གང་སྟེ་ཡོདཔ་དང་ དེ་ནང་ ལུག་ཤ་དང་ ནོར་ཤ་ རྔ་མོང་ རྟ་ ལུག་ དེ་ལས་ མར་མོཊ་ཚུ་ཡང་ ཚུདཔ་ཨིན་པས། མོང་གོལ་གྱི་ཟ་འཐུང་ལུ་དབྱེ་བ་ཧམ་པ་འདྲཝ་ལེ་ཤ་ར་ཡོདཔ་ཨིན། དེ་ཡང་ ཤ་དང་གཅིག་ཁར་བཟོ་བཟོཝ། ཚོད་བསྲེ་དང་གཅིག་ཁར་བསྒྱེས་བསྒྱེཝ། བཞེས་སྒོ་ ཆུམ་དང་གཅིག་ཁར་བཙོ་བཙོཝ། པཱསི་ཊ་ཚུ་ཡང་ཐོབ་ཚུགསཔ་ཨིན་པས། མི་ཚུ་གིས་ གཙོ་བོ་ར་ ལུག་དང་ར་གི་ཤ་ཚུ་ བཟའ་དོ་ཡོདཔ་དང་ ནོར་ཤ་དང་ རྔ་མོང་ ཕག་ཤ་ དེ་ལས་ རྟ་གི་ཤ་ཚུ་གནམ་མེད་ས་མེད་ཅིག་ མི་བཟའ་དོ་ཡོདཔ་ཨིན་པས།
'''མོང་གོལ་རྒྱལ་ཁབ་ཀྱི་དཔལ་འབྱོར།'''
མོང་གོལ་རྒྱལ་ཁབ་ཀྱི་དཔལ་འབྱོར་འདི་ སྔར་སྲོལ་ལྟར་ སོ་ནམ་དང་ སྒོ་ནོར་གྱི་ལཱ་ཚུ་ལུ་གཞི་བཞག་སྟེ་ སྡོད་དོ་ཡོདཔ་ཨིན་པས། མོང་གོལ་ལུ་ གཏེར་རྫས་རྒྱ་ཆེཝ་སྦེ་ཡོདཔ་ཨིན། (རྡོ་སོལ་མོ་ལིབ་ཌི་ནམ་) དང་ བཟོ་གྲྭའི་ཐོན་སྐྱེད་ཀྱི་ཆ་ཤས་སྦོམ་གྱི་རྩིས་ཁྲ། རྒྱལ་ཁབ་ཀྱི་ཐོན་སྐྱེད་ཡོངས་བསྡོམས་ལས་ གསུམ་དཔྱ་གཅིག་གི་མཐོ་ཚད་ལུ་ སོ་ཝེཊ་གི་གྲོགས་རམ་འདི་ སྤྱི་ལོ་༡༩༩༩ གི་ནང་འཁོད་ལུ་ཡལ་འགྱོ་ནུག སོ་ཝེཊ་ཡུ་ནིའོན་ སོ་ཝེཊ་ཡུ་ནིའོན་གྱི་ཉམས་རྒུད།) མོང་གོ་ལི་ཡ་འདི་ དཔལ་འབྱོར་ཉམས་རྒུད་ཀྱི་གནས་སྟངས་ནང་ ཚུད་ཡོདཔ་ཨིན། སྤྱི་ལོ་ ༢༠༢༤ ལོ་མཇུག་ལུ་ མོང་གོལ་རྒྱལ་ཁབ་ནང་ མི་རེ་ལུ་ རྒྱལ་ཡོངས་ནང་འོང་འབབ་ངོ་མ་འདི་ ཡུ་ཨེས་ཌོ་ལར་ ༤,༦༧༡ འོང་ནི་ཨིན་མས།
མོང་གོལ་རྒྱལ་ཁབ་ཀྱི་ ལས་འཛིན་སྦོམ་ཤོས་དང་ མཉམ་འབྲེལ་ལས་སྡེ་ཚུ་ ཧ་ལམ་ག་ར་གི་ ཡིག་ཚང་ལྟེ་བ་འདི་ ཨུ་ལཱན་བྷ་ཊར་ལུ་ཡོདཔ་ཨིན། སྤྱི་ལོ་ ༢༠༡༧ ལུ་ ཨུ་ལཱན་བྷ་ཊར་ལུ་ དངུལ་ཀྲམ་ས་ཡ་ ༡༠ ལས་ལྷག་སྟེ་ དངུལ་ཀྲམ་ས་ཡ་ ༥ དང་ དངུལ་ཀྲམ་ས་ཡ་ ༩༠ ཡོདཔ་ཨིན་པས། མོང་གོལ་གྱི་ལས་སྡེ་གཙོ་བོ་ཚུ་ཡང་ ཨེམ་སི་ཨེས་སྡེ་ཚན་ བོ་ཙུའར་ཊི་ཨེམ་ཨེ་ཀེ་ ཊ་ར་ཀོ་བི་ཀོམ་ ཊ་ར་ཀོ་བི་ཀོམ་དང་། ལས་འཛིན་ བོ་ཌི་ ཤུན་ཁ་ལའི་ མོན་ནིས་དང་ པེ་ཊོ་ཝིས་ཚུ་ཨིན། རྒྱལ་ཁབ་མང་པོའི་ལས་འཛིན་གྱི་གནས་ཚད་ནང་མེད་རུང་ ལས་སྡེ་མང་ཤོས་ཅིག་ར་ རྒྱལ་ཁབ་ནང་ལུ་ཤན་ཞུགས་ཡོད་པའི་ ལས་སྡེ་སྣ་ཚོགས་ཀྱི་ལས་སྡེ་ཚུ་ཨིན་མས།
རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་བྱུང་རབས་དང་ རྒྱུ་དངོས་བཟོ་ནི་གི་རྩེད་རིགས་ཚུ་ འགོ་འདྲེན་འཐབ་སའི་ ས་ཁོངས་གཙོ་བོ་ཅིག་ཨིན་མི་ ཨུ་ལཱན་བྷ་ཊར་འདི་ཨིན་པས། གནམ་བྱཱར་དང་དབྱར་གྱི་རྩྭ་ཐང་གི་བར་ན་ ཕྱུགས་རྫིཔ་ཚུ་ འགྲུལ་སྐྱོད་འབད་དེ་སྡོད་མི་བཟུམ་སྦེ་མེན་པར་ ཨུར་གྷ་འདི་ བླམ་མཐོ་བའི་ ཛ་ན་བཱ་ཟར་གྱི་ གཏན་འཇགས་སྡོད་གནས་ཕྱེད་ཀ་ཅིག་སྦེ་ གཞི་བཙུགས་འབད་ནུག། སྤྱི་ལོ་ ༡༦༤༠ ལས་ ༡༦༥༤ ཚུན་ ས་གནས་གཅིག་ནང་རྐྱབ་ཡོདཔ་དང་ དེ་བསྒང་ ཟ་ན་བཱ་ཟར་གྱིས་ ཤར་ཁ་ཐུག་ལུ་ མོ་ཊ་རི་ཀའུ་གི་རྐངམ་ལུ་ སྤོ་བཤུད་མ་འབད་བའི་ཧེ་མ་ ལོ་ངོ་ ༡༥ གི་རིང་ལུ་མ་འགྱོ་བས། ཁེན་ཏི་_རི་བོ་)། འདི་ཁར་ ཁོ་གིས་ རྡོ་གི་སྒྲིང་ཁྱིམ་ཚུ་ཡོད་པའི་ གཏན་འཇགས་དགོན་པའི་ཁྲོམ་ཅིག་རྐྱབ་ནི་གི་ལཱ་འགོ་བཙུགས་ནུག། ཨུར་ག་འདི་ གངས་རི་ས་རི་དག་ལུ་ ལོ་ངོ་ ༣༥ དེ་ཅིག་སྡོད་ཡོདཔ་དང་ སྤྱི་ལོ་ ༡༦༨༨ ལུ་ ཨོའི་རེཊསི་གིས་ གློ་བུར་དུ་ ལུང་ཕྱོགས་འདི་ནང་ བཙན་འཛུལ་འབད་དེ་ ཁྲོམ་འདི་ མེ་སྤར་བཏང་པའི་སྐབས་ དེ་ཁར་ གཏན་འཇགས་སྦེ་སྡོད་ཡོདཔ་སྦེ་ མནོ་བསམ་བཏང་ནུག། ཟ་ན་བཱ་ཟར་གྱིས་ ཁོ་རའི་མི་ཚེའི་ལཱ་གི་ཆ་ཤས་སྦོམ་ཤོས་ཅིག་ མེདཔ་བཏང་ཡོདཔ་ལས་ འུར་གཱ་གི་འགྲུལ་འཕྲིན་ཆ་ཤས་འདི་འབག་སྟེ་ བྱོག་སོང་དགོཔ་ཐོན་ནུག།
'''རྒྱལ་ས་ལྟེ་བ་ཨུ་ལཱན་བྷ་ཏར།'''
མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ལྟེ་བ་དང་ མི་རློབས་མང་ཤོས་ཡོད་པའི་ཁྲོམ་ཚོགས་གྲོང་ཁྱེར་འདི་ ཨུ་ལཱན་བྷ་ཏར་ཨིན། རྒྱལ་ས་ལྟེ་བ་ནང་ལུ་ མི་འབོར་ས་ཡ་ ༡.༦ དེ་ཅིག་ཡོདཔ་ཨིན། འཛམ་གླིང་ནང་བསིལ་ཤོས་ཀྱི་རྒྱལ་ས་ལྟེ་བ་ཅིག་ཡིན། ཨུ་ལཱན་བྷ་ཏར་ལུ་ རང་ལུགས་དང་ནུབ་ཕྱོགས་ཀྱི་གློག་བརྙན་ཁང་ཚུ་ སླ་བསྲེ་རྐྱབ་སྟེ་ འཛམ་གླིང་གནས་ཚད་ཀྱི་འཁྲབ་སྟོན་ཚུ་ འབད་དོ་ཡོདཔ་ཨིན་པས། རང་ལུགས་ཀྱི་ཞབས་ཁྲའི་གཞས་ཚིག་སྡེ་ཚན་མང་ཤོས་ཅིག་གིས་ ནིའུ་ཡོག་དང་ལོན་ཌོན་ དེ་ལས་ ཊོ་ཀི་ཡོ་ཚུ་བརྩིས་ཏེ་ འཛམ་གླིང་ནང་ དུས་རྒྱུན་དུ་ རྩེད་དོ་ཡོདཔ་ཨིན་པས། འདོན་སྤེལ།: ༢༠༡༡/༠༤/༢༠ ལུ་ འབྲུག་རྒྱང་བསྒྲགས་ལས་ཁུངས་ཀྱིས་ ལས་རིམ་འདི་འགོ་འདྲེན་འཐབ་སྟེ་ཡོདཔ་ཨིན།
སྤྱི་ལོ་ ༡༩༤༥ ལུ་ མོང་གོལ་རྒྱལ་ཁབ་ཀྱི་ རྒྱལ་ཡོངས་སྙན་ཆའི་ཚོགས་པ་ གཞི་བཙུགས་འབད་ཡོདཔ་དང་ རྒྱལ་ཁབ་ནང་ རང་ལུགས་ཀྱི་སྙན་ཆའི་སྡེ་ཚན་སྦོམ་ཤོས་ཅིག་ཨིན། དེ་ལས་ རྒྱལ་ཡོངས་སྙན་ཆའི་སྒྲ་དབྱངས་ལས་ལྷག་སྟེ་ རྒྱལ་སྤྱིའི་སྙན་ཆའི་སྒྲ་དབྱངས་བཅུ་ཕྲག་ལས་བཅད་དེ་ཡོདཔ་ཨིན།
ཏུ་མེན་ཨེཀ་སྡེ་ཚན་ནང་ མོང་གོལ་གྱི་ཞབས་ཁྲ་དང་ སྙན་ཆ་ དེ་ལས་ ཞབས་ཁྲ་ག་ར་ འཁྲབ་སྟོན་འབད་མི་ སྒྱུ་རྩལ་མཁས་མཆོག་ཚུ་ཡོདཔ་ཨིན་པས། མོར་རིན་ཁུའུར་ (<nowiki>https://en.m.wikipedia.org/wiki/Morin_khuur</nowiki>) (རྟ་མགུ་ཏོ་གི་གླུ་གཞས་) བརྩིས་ཏེ་ རང་ལུགས་ཀྱི་རོལ་དབྱངས་ཚུ་ རྩེད་དོ་ཡོདཔ་མ་ཚད་ མོང་གོལ་གྱི་ཞབས་ཁྲ་རིངམོ་དང་ མགུ་སྐོར་དང་བསྟོད་པ་གི་གཞས་ དེ་ལས་ ཤ་མཱན་ཚུ་འཁྲབ་སྟོན་འབདཝ་ཨིན། (<nowiki>https://en.m.wikipedia.org/wiki/Shamanism</nowiki>) ཆོ་གའི་ཞབས་བྲོ་དང་ སྔོན་མའི་ཕོ་བྲང་གི་ཞབས་བྲོ་ དེ་ལས་ ཚམ་ཁ་རས་ཀྱི་ཞབས་བྲོ་ཚུ་ཨིན།[73] (<nowiki>https://en.m.wikipedia.org/wiki/Ulaanbaatar#cite_note-75</nowiki>)
མོང་གོལ་རྒྱལ་ཁབ་ཀྱི་ མོར་རིན་ཁུར་གླུ་གཞས་ཚོགས་པ་འདི་ མོང་གོལ་རྒྱལ་ཁབ་ཀྱི་ ཕིལ་ཧར་མོ་ནིག་གི་ཆ་ཤས་ཅིག་ཨིན། རྒྱལ་ཡོངས་ཀྱི་ གླུ་གཞས་མོར་རིན་ཁུར་ཟེར་མི་ གླུ་གཞས་འདི་ ཡོངས་གྲགས་ཅན་གྱི་ གླུ་གཞས་ཅིག་ཨིནམ་ད་ རྒྱལ་ཁབ་ནང་དང་ རྒྱལ་སྤྱིའི་ནང་ ལཱ་མ་འདྲཝ་ཚུ་ འབད་དོ་ཡོདཔ་ཨིན་པས།[[File:Mongolian Aimags 2007, mn-Mong.png|center|500px]]
== རྒྱབ་རྟེན། ==
<references/>
----
* [[ཨུ་ལཱན་བ་ཊར]]
{{Asia}}
{{stub}}
[[Category:རྒྱལ་ཁབ]]
[[Category:ཨེ་ཤི་ཡ]]
52k38a4hqsq3x2btuqnzc9vjj1rj6et
མེ་མར་
0
2078
39539
39380
2026-03-29T11:18:17Z
~2026-19547-35
13305
39539
wikitext
text/x-wiki
{{Country2
|name = མེ་མར་
|flag = Flag of Myanmar.svg
|map = Myanmar in its region.svg
|capital =
|area = 676 579
|population = 55 770 232
}}
'''མི་ཡཱན་མར། | Myanmar''' '''(မြန်မာ)'''
མི་ཡཱན་མར་ ཧེ་མ་(བྷར་མ་ཟེར་སླབ་ཨིན་མི་)འདི་ རྒྱ་གར་དང་ བང་ལ་དེཤ་ རྒྱ་ནག་ ལཱའོས་ དེ་ལས་ ཐའི་ལེནཌ་ཚུ་གི་ས་མཚམས་ཁར་ མི་རིགས་༡༠༠ ལྷགཔ་ཅིག་ཡོད་མི་ ཤར་ལྷོ་ཨེ་ཤི་ཡ་གི་ རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་ཀྱི་ཁྲོམ་ཚོགས་སྦོམ་ཤོས་ ཡངས་གཱོན་ (ཧེ་མ་རང་གཱོན་)འདི་ ག་ནི་བ་འུར་ཟིང་ཆེ་བའི་ ཚོང་བསྒྲགས་འཐབ་སའི་ས་གནས་ དེ་ལས་ གླིང་ག་དང་ མཚོ་གྱངས་ཁ་མ་ཆོདཔ་ཅིག་ གནས་སའི་ས་སྒོ་ཅིག་ཨིན། དེ་མ་ཚད་ ཀ་རིང་དང་ གསེར་གྱི་སྒྲོན་པའི་ཤུ་ཝེ་ཌ་གཱོན་ པག་གོ་ཌ་དང་ དུས་རབས་༦ པའི་ནང་ ནང་པའི་རྙིང་མ་པ་གི་ཆོས་ཤུལ་ཚུ་ཡང་ ཡོདཔ་ཨིན་མས།
མི་ཡཱན་མར་གི་ ས་ཆའི་རྒྱ་ཚད་དང་ ཆགས་ཡུལ་འདི་ འཛམ་གླིང་དངུལ་ཁང་གོང་འཕེལ་དང་འཁྲིལཝ་ད་ བྱང་ནུབ་ཀྱི་རྒྱལ་ཁབ་ ཤར་ལྷོ་ཨེ་ཤི་ཡ་ ཨིན་ཌོ་ཅའི་ནེསི་ ཕྱོགས་གསུམ་ཆུ་གླིང་ནང་ ས་ཆའི་རྒྱ་ཚད་ ཀི་ལོ་མི་ཀྲར་གྲུ་བཞི་༦༧༦,༥༧༨ དེ་ཅིག་ནང་ ཆགས་ཏེ་ཡོདཔ་ད་ ཤར་ལྷོ་ཨེ་ཤི་ཡ་གི་ རྒྱལ་ཁབ་སྦོམ་ཤོས་གཉིས་པ་དང་ ཤར་ལྷོ་ཨི་ཤི་ཡ་གི་ ས་གནས་གཙོ་བོ་སྦོམ་ཤོས་ཅིག་ཡང་ཨིན་མས། དེ་ལས་ རྒྱལ་ཁབ་འདི་ ནུབ་ཕྱོགས་ལུ་ ཤར་ལྷོ་ཨི་ཤི་ཡ་གི་ ཡན་ལག་གི་ས་མཚམས་དང་ རྒྱ་ནག་ལས་བྱང་དང་བྱང་ཤར་ ལའོ་སི་ལས་ཤར་ ཐའི་ལེནཌ་ལས་ཤར་ལྷོ་ཁ་ཐུག་དང་ ཨཱན་ཌ་མཱན་མཚོ་དང་ བེང་གཱལ་གྱི་མཚོ་ཁ་ལས་ ལྷོ་དང་ལྷོ་ནུབ་ དེ་བཟུམ་སྦེ་ བང་ལ་དེཤ་ལས་ནུབ་དང་ རྒྱ་གར་ལས་ བྱང་ནུབ་ལུ་གནས་ཏེ་ཡོདཔ་ཨིན།
དེ་ལས་ ད་ལྟོའི་མི་ཡཱན་མར་གྱི་མི་རློབས་འདི་ སྤྱི་ལོ་༢༠༢༤ འཛམ་གླིང་སྤྱི་ཚོགས་ཀྱི་ གནས་སྡུད་དང་འཁྲིལཝ་ད་ ༥༤,༧༣༨,༤༧༤ ཡོདཔ་ཨིན་མས། རྒྱལ་ཁབ་ཀྱི་མི་རློབས་ འཛམ་གླིང་མི་འབོར་ཡོངས་བསྡོམས་ལས་ བརྒྱ་ཆ་༠.༦༧ གི་འདྲ་མཉམ་ཡོདཔ་ད་ མི་འབོར་གྱི་སྟུག་ཚད་༨༤ པ་ཨིན་པས། མི་ཡཱན་མར་འདི་ མི་རློབས་ལས་བརྟེན་ཏེ་ རྒྱལ་ཁབ་ཀྱི་རིམ་པ་ཨང་༢༧ པའི་ཐོ་ནང་ཚུདཔ་མ་ཚད་ བརྒྱ་ཆ་ལས་༣༤.༡ ཁྲོམ་ཁར་སྡོད་མི་ཨིནམ་ད་ སྤྱི་ལོ་༢༠༢༥ ལུ་ཁྲོམ་ཁར་སྡོད་མིའི་མི་གྲངས་༡༨,༧༢༢,༤༩༡ ཡོདཔ་ཨིན་མས། དེ་ལས་ རྒྱལ་ཁབ་ཀྱིས་ གཞུང་འབྲེལ་ཐོག་ལས་ མི་རིགས་སྡེ་ཚན་༡༣༥ ངོས་འཛིན་འབདཝ་ཨིན་རུང་ རྒྱལ་ཡོངས་ལུ་མི་རིགས་བརྒྱད་ནང་ལུ་ བསྡུ་དོ་ཡོདཔ་ཨིནམ་ད་ དེ་ཚུ་ཡང་ བཱར་མན། ཀ་ཅིན། ཀ་ཡཱ། ཀ་རེན། ཆིན། མཱོན། ར་ཁིན་དང་ ཤཱན་ཚུ་ཨིན་མས།
མི་ཡཱན་མར་འདི་ མངའ་སྡེ་བདུན་དང་ ལུང་ཕྱོགས་བདུན་ དེ་ལས་ མཐུན་ཚོགས་ཀྱི་ས་ཁོངས་གཅིག་ནང་ལུ་ དབྱེ་བ་ཕྱེ་ཏེ་ཡོདཔ་ཨིན། མངའ་སྡེ་བདུན་ཡང་དཔེར་ན་ ཆིན། ཀ་ཅིན། ཀ་ཡ། ཀ་ཡིན། མཱོན། ར་ཁིན། དང་ ཤཱན་ཚུ་ཨིན་མས། དེ་བཟུམ་སྦེ་ ལུང་ཕྱོགས་བདུན་འདི་ ཨེ་ཡར་ཝ་ཌེ། བ་གོ། མག་ཝེ། མན་ཌ་ལེ། སཱ་གཱེང། ཏཱ་ནིན་ཐཱར་དང་ ཡངས་གཱོན་ཚུ་ཨིན། བདག་སྐྱོང་འདི་ཧེང་སྐལ་རང་ རྫོང་ཁག་ ཁྲོམ་སྡེའི་ས་ཁོངས་ འདེམས་ཁོངས་དང་ གཡུས་ཚན་ཚུ་གི་ཡན་ལག་སྡེ་ཚན་ནང་ དབྱེ་བ་ཕྱེ་ཏེ་འདུག།
དེ་ལས་ མི་ཡཱན་མར་རྒྱལ་ཁབ་ཀྱི་ གཞུང་སྐྱོང་ལམ་ལུགས་འདི་ སྤྱི་ལོ་༢༠༠༨ ཀྱི་རང་དབང་ཅན་གྱི་ སྲིད་འཛིན་སྤྱི་མཐུན་ནང་ལུ་ རྒྱལ་ཁབ་གཅིག་མཐུན་ཚོགས་འདུ་ཅིག་སྦེ་ བཀོལ་སྤྱོད་འབད་ཡོདཔ་ཨིན་མས། སྤྱི་ལོ་༢༠༢༡ སྤྱི་ཟླ་༢ པའི་ཚེས་༡ ལུ་མི་ཡཱན་མར་གྱི་དམག་མི་ཚུ་གིས་ གཞུང་ལུ་དབང་ཚད་སྤྲོད་ཡོདཔ་ཨིན་རུང་ འཕྲོ་མཐུད་དེ་རང་ རྒྱབ་འགལ་གྱི་ངོ་རྒོལ་ཚུ་ འབྱུང་བཅུག་ནུག།
མི་ཡཱན་མར་རྒྱལ་ཁབ་ཀྱི་མི་སེར་ སུམ་དཔྱ་གཉིས་ཀྱིས་ གཞུང་འབྲེལ་ཁ་སྐད་བུར་མིསི་འདི་ ལག་ལེན་འཐབ་ཨིན་མས། དེ་བཟུམ་སྦེ་ མི་རིགས་བཟའ་ཚང་ཉུང་ཤོས་ཚུ་གིས་ཁ་སྐད་དྲུག་ ཆ་བཤད་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན་མས། ཁ་སྐད་ཚུ་ཡང་ སའི་ནོ་_ཀྲི་བི་ཀྲན། ཨས་ཀྲོ་_ཨ་སི་ཡ་ཊིག། ཏའི་_ཀ་ཌའི། ཨིན་ཌོ་_ཡུ་རོ་པིན། ཨོ་སི་ཊོ་ནིསི་དང་ ཧ་མོང་_མིན་ དེ་བཟུམ་སྦེ་མི་རིགས་ཀྱི་མི་ཁུངས་ཡང་ བཱར་མི་སི་གི་བརྡ་མཚོན་སྐད་ཡིག་གི་དོན་ལུ་ ཚད་གཞི་འབད་དེ་འདུག།
རྒྱལ་ཁབ་ནང་གི་ ཆོས་ལུགས་གཙོ་བོ་ ཐེ་ར་ཝ་དཱ་ཨིནམ་ད་ ཉིན་བསྟར་གྱི་མི་ཚེ་ནང་ལུ་ གཏིང་ཟབ་སྦེ་བཙུགས་ཏེ་ སྤྱི་ལོ་༢༠༡༦ ལུ་ བླམ་དང་དགོན་སྡེ་ཚུ་བཟུམ་གྱི་ བཟོ་རིགས་ཚུ་ནང་ལུ་ བསམ་ཞིབ་འབད་ཡོདཔ་ཨིན་མས། དེ་ལས་མི་ཡཱན་མར་གྱི་ སྔར་སྲོལ་གྱི་གྱོན་ཆས་ ལུང་གི་འདི་ སྨད་གཡོགས་འབད་སྤུར་ཏེ་སྤྱིར་བཏང་ ཕོ་མོ་གཉིས་ཆ་ར་གི་ཁྱབ་ཆེཝ་སྦེ་ རང་ལུགས་ཀྱི་གྱོན་ཆ་སྦེ་ ལག་ལེན་འཐབ་ཨིན་མས།
ཟས་རིགས་འདི་ བྲོཝ་སྣ་ཚོགས་ཡོད་པའི་དོན་ལུ་ ཡོངས་གྲགས་ཡོད་པའི་ མོ་ཧིང་ག་(ཉ་ནུ་ཌལ་ཐང་) བཟུམ་གྱི་ཟས་རིགས་ཚུ་ཚུདཔ་ཨིན། དེ་ལས་ འཕྲལ་འཕྲལ་རང་ ཆུམ་དང་གཅིག་ཁར་ སྦྱོར་རྫས་ཧོ་སྒྱེ་ཚུ་བཟའ་སྲོལ་འདུག། དེ་བཟུམ་སྦེ་ དུས་སྟོན་ཚུ་ཐིང་ཡན་(ལོ་གསར་) དང་ ཏ་ཟུང་དཱན་(ཟླ་བའི་དུས་ཆེན་) ཚུ་ལམ་སྲོལ་གྱི་ལག་ལེན་ དྲག་པོ་དང་གཅིག་ཁར་བརྩི་སྲུང་ཞུཝ་ཨིན།
དེ་དང་འདྲཝ་སྦེ་ རྒྱལ་ཁབ་འདི་ནང་གི་ དཔལ་འབྱོར་གཙོ་བོ་ སོ་ནམ་ཞིང་ལཱ་ ནགས་སྐྱོང་རིག་པ་ ཉ་གཟུང་ནི་ ས་གཏེར་བཏོན་ནི་ རྡོ་སྣུམ་གྱི་ལཱ་དང་ ཆུ་གློག་ཚུ་ཨིན་མས། མི་སེར་ཚུ་གིས་ སོ་ནམ་ཞིང་ལཱ་ལས་བརྟེན་ ཆུམ་ གུན་ཆ་དང་ སྲནམ་ཅུམ་སྐམ་ཚུ་གི་ཐོན་སྐྱེད་ ཡོངས་གྲགས་སྦེ་བཏོནམ་ཨིནམ་ད་ སྒེར་སྡེ་གིས་ སོ་ནམ་གྱི་ལཱ་ དབང་དུ་བསྡུ་ཡོདཔ་ཨིན། དེ་བཟུམ་སྦེ་ ས་གཏེར་ལས་བརྟེན་ མི་ཡཱན་མར་ལུ་ རིན་ཐང་ཅན་གྱི་ དངུལ་བཙུགས་ཡོདཔ་མ་ཚད་ གཞན་གོང་ཚད་ཆེ་བའི་ གཡུ་གི་རྡོ་ རིན་ཆེན་རྡོའི་བྱེ་བྲག་ རྡོ་རྗེ་ཕ་ལམ་ ལྕགས་རྡོ་ གསེར་དང་ དངུལ་ལ་སོགས་པའི་ རྩ་ཅན་གྱི་རིགས་ལེ་ཤ་ར་ཡོདཔ་ཨིན། དེ་ལས་ ས་སྣུམ་དང་ རང་བཞིན་རླངས་རྫས་ཚུ་ཡང་ཡོདཔ་ལས་ དེ་ཚུ་ལུ་བརྟེན་ མི་སེར་ཚུ་ འཚོ་བ་སྐྱོང་སྟེ་སྡོད་དོ་ཡོདཔ་ཨིན་མས།
དེ་བཟུམ་སྦེ་ མི་ཡཱན་མར་གྱི་ཚོང་ལས་ནང་ལུ་ སོ་ནམ་ཞིང་ལཱའི་ཐོན་སྐྱེད་དང་ བཟོ་སྐྲུན་ཚུ་ཕྱིར་ཚོང་འཐབ་མ་ཚད་ གསར་སྒྲུབ་ཅ་ཆས་ བཟོ་སྐྲུན་གྱི་ཅ་ཆས་དང་ དགོས་མཁོ་ཆེ་བའི་མཁོ་ཆས་ཚུ་ ནང་འདྲེན་འབདཝ་ཨིན། དེ་ལས་ རྒྱལ་ཁབ་ཀྱི་ ཕྱིར་ཚོང་མཉམ་འབྲེལ་པ་གཙོ་བོ་ རྒྱ་ནག་ ཐའི་ལེནཌ་ རྒྱ་གར་ སིངྒ་པུར་དང་ ཇ་པཱན་ཚུ་ཚུདཔ་ཨིན་མས།
----
* [[རང་གཱུན]]
{{Asia}}
{{stub}}
[[Category:རྒྱལ་ཁབ]]
[[Category:ཨེ་ཤི་ཡ]]
[[Category:མེ་མར་]]
o3b0w83w8cvvvoe4en8ue5ohse6c117
བྱང་ཀོ་རི་ཡ་
0
2081
39543
30505
2026-03-29T11:21:51Z
~2026-19547-35
13305
39543
wikitext
text/x-wiki
{{Country2
|name = བྱང་ཀོ་རི་ཡ་
|flag = Flag of North Korea.svg
|map = LocationNorthKorea.png
|capital =
|area = 120 538
|population = 26 298 666
}}
'''བྱང་ཀོ་རི་ཡ་'''(조선민주주의인민공화국, 朝鮮民主主義人民共和國)
---------
* [[པིའོང་ཡང་]]
* [[ལྷོ་ཀོ་རི་ཡ་]]
* [[ཀྲུང་ཀོ]]
{{Asia}}
{{stub}}
[[Category:རྒྱལ་ཁབ]]
[[Category:ཨེ་ཤི་ཡ]]
mt4mnhsslkrbyszk9dd5ms1ifqoto58
Template:ཨེ་ཤར་ཡ་
10
2102
39537
39344
2026-03-29T11:04:11Z
~2026-19547-35
13305
39537
wikitext
text/x-wiki
<div style="clear:both;" class="NavFrame">
<div class="NavHead" style="background-color:lightsteelblue;"> [[ཨེ་ཤི་ཡ།།]]</div>
<div class="NavContent" style="font-size:90%;">
| [[ཇ་པཱན་]] | [[ཀྲུང་ཀོ]] | [[སོག་པོ་]] | [[ཏའི་ཝཱན་]] | [[ཀམ་བོ་ཌི་ཡ་]] | [[མེ་མར་]] | [[ཐཱའི་ལེནཌ་]] | [[ཝི་ཡཏ་ནམ]] | [[ལྷོ་ཀོ་རི་ཡ་]] | [[བྱང་ཀོ་རི་ཡ་]] | [[འབྲུག་ཡུལ་]] | [[རྒྱ་གར་]] | [[ཤྲཱྀ་ལངཀ་]] | [[བལ་ཡུལ་]] | [[བངྒ་ལ་དེཤ་]] | [[མ་ལེ་ཤི་ཡ་]] | [[ཨཕ་ག་ནིསི་ཏཱན་]] | [[ཨི་རཱན་]] | [[ལེ་བཱ་ནཱོན་]] | [[ཨིཛ་རཱེལ་]] | [[ཀུ་ཝེཊ་]] | [[ཡུ་ནའི་ཊེཊ་ཨ་རབ་ཨེ་མི་རེཊསི་]] | [[ཨུཛ་བེ་ཀིསི་ཏཱན་]] | [[ཏ་ཇག་ཀིསི་ཏཱན་]] | [[ཀ་ཏར་]] | [[བཧ་རེན་]] | [[སའུ་དི་ཨེ་ར་སྦི་ཡ་]] |[[མོང་གོ་ལི་ཡ]]
</div>
</div>
</div>
6z4fp15dm8hxjk2ws4xug2v58xa1rbr
རྒྱ་གར
0
2109
39544
37441
2026-03-29T11:22:59Z
~2026-19547-35
13305
39544
wikitext
text/x-wiki
{{Country2
|name = ཨིན་ཌི་ཡ། (རྒྱ་གར)
|flag = Flag of India.svg
|map = India population density map en.svg
|capital =
|area = 3 287 263
|population = 1 428 627 663
}}
''' ཨིན་ཌི་ཡ། (རྒྱ་གར) ''' འམ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ནི་ལྷོ་ཨེ་ཤི་ཡའི་རང་དབང་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན། རྒྱ་གར་འདི་ ས་ཆའི་ཆགས་ཚུལ་གྱི་ཐོག་ལས་ འཛམ་གླིང་ནང་ རྒྱལ་ཁབ་སྦོམ་ཤོས་༧ པ་ཨིནམ་མ་ཚད་ མི་རློབས་ཀྱི་ཐོག་ལས་ དམངས་གཙོའི་རྒྱལ་ཁབ་དང་པ་དང་ སྦོམ་ཤོས་ཅིག་ཨིན། ལྷོ་ཕྱོགས་ལུ་ རྒྱ་གར་རྒྱ་མཚོ་དང་ ནུབ་ཕྱོགས་ལུ་ ཨ་ར་བི་ཡན་མཚོ་ དེ་ལས་ ཤར་ཕྱོགས་ལུ་ བེང་གཱལ་མཚོ་ཁུག་ཚུ་གིས་ བསྐོར་ར་རྐྱབ་སྟེ་ཡོད་མི་ རྒྱ་གར་གྱི་མཚོ་མཐའ་ཡོངས་བསྡོམས་ ཀི་ལོ་མི་ཊར་༧༥༡༧ ༼མའིལ་༤༦༧༡༽ ཡོདཔ་ཨིན། ནུབ་ཁ་ཐུག་ལུ་ པ་ཀིསི་ཏཱན་དང་ བྱང་ཤར་ཁ་ཐུག་ལུ་ རྒྱ་ནག ནེ་པཱལ་ འབྲུག་དང་ ཤར་ཁ་ཐུག་ལུ་ བང་ལ་དེཤ་དང་ མ་ཡཱན་མར་ཚུ་དང་ ས་མཚམས་ཡོདཔ་ཨིན། ཤྲི་ལངྐ་དང་མཱལ་ཌིབསི་ དེ་ལས་ ཨིན་ཌོ་ནེ་ཤི་ཡ་དང་ ཐའི་ལེནཌ་ཚུ་ རྒྱ་གར་རྒྱ་མཚོའི་ནང་ ཁྱིམ་མཚེས་རྒྱལ་ཁབ་ཚུ་ཨིན་པས། རྒྱ་གར་གླིང་ཕྲན་འདི་ ཧིན་དུའི་ཡར་ཐོན་གནས་སྟངས་དང་ བྱུང་རབས་ཅན་གྱི་ཚོང་འབྲེལ་གྱི་ལམ་དང་ རྒྱལ་ཁམས་སྦོམ་ལེ་ཤ་ཅིག་གི་རྒྱབ་ཁུངས་ཨིནམ་ལས་ དཔལ་འབྱོར་དང་ལམ་སྲོལ་གྱི་སྲོལ་རྒྱུན་རིངམོ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ཨིན། འཛམ་གླིང་གི་ཆོས་ལུགས་གཙོ་བོ་བཞི་ ཧིན་དུའི་ཆོས་ལུགས་དང་ནང་པའི་ཆོས་ལུགས་ ཇཱའི་ཆོས་ལུགས་དང་སི་ཁི་ཆོས་ལུགས་ཚུ་ རྒྱ་གར་ལས་བྱུང་ཡོདཔ་ཨིན། དུས་རབས་བར་མའི་འགོ་བཙུགས་ཁམས་ཅིག་ཁར་ ཡེ་ཤུའི་ཆོས་ལུགས་དང་ ཨིསི་ལམ་ ཇིའུ་ཆོས་ལུགས་ དེ་ལས་ པར་ཤི་ཡ་ཚུ་ རྒྱ་གར་གྱི་ལྷོ་ཕྱོགས་དང་ནུབ་ཕྱོགས་མཚོ་འགྲམ་ཚུ་ནང་འཛུལ་ཏེ་ རྒྱ་གར་གྱི་ཡར་ཐོན་གནས་སྟངས་བཟོ་ནུག།[2] དུས་རབས་༡༨ པའི་འགོ་བཙུགས་ཁམས་ཅིག་ཁར་ ཤར་རྒྱ་གར་གྱི་ལས་སྡེ་འདི་ རྒྱ་གར་ནང་འཛུལ་ཏེ་ རིམ་གྱིས་སྦེ་ རྒྱ་གར་གྱི་ས་ཁོངས་ཚུ་ དབང་དུ་བསྡུ་ནི་འགོ་བཙུགས་ནུག། དུས་རབས་༡༩པའི་བར་ཁམས་ཅིག་ཁར་ རྒྱ་གར་རྒྱལ་ཁབ་ཆ་མཉམ་རང་ བིརི་ཊིཤ་གི་དབང་འོག་ལུ་འགྱུར་ཡོདཔ་ཨིན། མཐའ་མར་ རྒྱ་གར་འདི་ སྤྱི་ལོ་༡༩༤༧ སྤྱི་ཟླ་༨ པའི་ཚེས་༡༥ ལུ་ འཚེ་མེད་ཞི་བའི་གཟི་བརྗིད་ཅན་གྱི་རང་དབང་འཐབ་རྩོད་ཀྱི་ གྲུབ་འབྲས་ལུ་བརྟེན་ རང་དབང་ཅན་གྱི་རྒྱལ་ཁབ་ཅིག་སྦེ་ ཐོན་ནུག།
<small><ref>Tibetan Dara is one of the two hills (dara in local language)(the other being Deolo Hill) connected by a ridge on which the town of Kalimpong stands. The hill is 1,372 metres (4,501 feet) above mean sea level and is located south west of the town. The hill commands a panoramic view overlooking the town of Kalimpong, the snow clad Himalayan ranges of West Sikkim, the Teesta River and its valleys and the Jelepla Pass in the distance. A golf course is also present just off the summit.</ref></small>
རྒྱལ་ས [[ནིའུ་ཌེ་ལི]] ''(New Delhi)''།
{| class="wikitable"
|-
! State !! Capital !! Area (km²) !! Population
|-
| ཨན་དར་ར་ པར་དེ་ཤི || ཧེདྲ་བཱད་ || 275,045 || 75,727,541
|-
| ཨ་རུ་ན་ཅཱལ། || ཨི་ཊ་ན་གར། || 83,743 || 1,091,117
|-
| ཨ་སཱམ། || ཌིས་པུར། || 78,438 || 26,638,407
|-
| བི་ཧར། || པཊ་ན། || 99,199 || 82,878,796
|-
| ཆཱཏྶི་གྷར། || རཱཡེ་པུར། || 135,237 || 20,795,956
|-
| གོ་བ། || པ་ཎ་ཇི། || 3,702 || 1,343,998
|-
| གུཇ་རཱཏ། || གཱན་དྷཱི་ན་གར། || 196,024 || 50,596,992
|-
| ཧ་རི་ཡ་ན། || ཅནྜི་གར། || 44,212 || 21,082,989
|-
| ཧི་མཱ་ཅལ་པྲདེཤ || སིམ་ལ། || 55,673 || 6,077,248
|-
| ཇམ་མུ་དང་ཀསྨིར། || ཤྲི་ན་གར། || 100,569 || 10,069,917
|-
| ཇར་ཁན་ཌ྄ || རན་ཅི། || 74,677 || 26,909,428
|-
| ཀཱརནཱ་ཊཀ || བེངྒ་ལོར། || 191,791 || 52,733,958
|-
| ཀེར་ལ། || ཏིརུ་ཝ་ནྲན་ཐ་པུ་རམ། || 38,864 || 34,630,192
|-
| མ་དྱཱ། པྲ་དེཤ || བྷོ་པཱལ། || 308,209 || 60,385,118
|-
| མ་ཧཱ་རཱཥྲ་ཏྲ། || མུམ་བཻ། || 307,713 || 96,752,247
|-
| མ་ཎི་པུར། || ཨིམ་ཕཱལ། || 22,327 || 2,388,634
|-
| མེ་གྷཱ་ལ་ཡ། || ཤི་ལོང་། || 22,429 || 2,306,069
|-
| མི་ཛོ་རམ། || ཨཡི་ཛི་ཝལ། || 21,081 || 891,058
|-
| ནཱ་གཱ་ལནྜ། || ཀོ་ཧི་མ། || 16,579 || 1,988,636
|-
| ཨོ་རི་ས། || བུབ་ནེ་ཤི་ཝར། ||155,782 || 36,706,920
|-
| པན་ཇཱབ། || ཅནྜི་གར། || 50,362 || 24,289,296
|-
| རཱ་ཇ་སྠཱན། || ཇེཡ་པུར། || 342,239 || 56,473,122
|-
| འབྲས་ལྗོངས། (སི་ཀིམ།) || སྒང་ཏོག || 7,096 || 540,493
|-
| ཏ་མིལ་ནཱཌུ། || ཅི་ཎཡེ། || 130,058 || 62,110,839
|-
| ཏྲི་པུ་ར། || ཨ་གར་ཏ་ལ། || 10,486 || 3,191,168
|-
| ཨུཏྟ་རཱན་ཅལ || དེ་ར་དཱུན། || 63,157 || 8,479,562
|-
| ཨུ་ཏྟར་པྲདེཤ || ལག་ནོ། || 231,256 || 166,052,859
|-
| ནུབ་བངྒལ། || ཀ་ལི་ཀ་ཏ། || 88,752 || 80,221,171
|-
| ཨནྡ་མན་དང་ནི་ཀོ་བར་གླིང་ཕྲན། || པོརྚ་བིལེར། || 8,249 || 356,265
|-
| ཅན་ཌི་གར། || ཅནྜི་གར། || 114 || 900,914
|-
| དཱ་དྲ་དང་ན་གར་ཧ་ཝེལི། || སིལ་ཝ་ས། || 491 || 153,000
|-
| དྷ་མན་དང་དིའུ། || དྷ་མན། || 112 || 158,059
|-
| དིལླི། || དིལླི། || 1,483 || 13,782,976
|-
| ལཀྵ་དྭིབ། || ཀར་ཝཱར་ཏི། || 32 || 60,595
|-
| པོན་ཌི་ཅ་རི། || པོན་ཌི་ཅ་རི། || 492 || 973,829
|}
</big>
* [[ལ་དྭགས།]]
* [[རྡ་རམ་ས་ལ]]
----
* [[ཀཱལ་ཀ་ཊ]]
{{Asia}}
{{stub}}
[[Category:རྒྱ་གར |*]]
irkfq9ayksjoukt8u4rvp3ahx7tm3ld
ཤྲཱྀ་ལངཀ་
0
2110
39545
27254
2026-03-29T11:25:17Z
~2026-19547-35
13305
39545
wikitext
text/x-wiki
{{Country2
|name = ཤྲཱྀ་ལངཀ་
|flag = Flag of Sri Lanka.svg
|map = LocationSriLanka.png
|capital =
|area = 67 240
|population = 23 300 000
}}
'''ཤྲཱྀ་ལངཀ་''' རྒྱལ་ཁབ་འདི་ལ་གནའ་བོའི་དུས་ནས་བཟུང་སེང་ག་གླིང་ཟེར་བ་མཁྱེན་པར་མཛོད
----
* [[ཀོ་ལོམ་བོ]]
{{Asia}}
{{stub}}
[[Category:རྒྱལ་ཁབ]]
[[Category:ཨེ་ཤི་ཡ]]
im5tscmzhuzwowcaqiuzqr8k10998ed
ཡུ་ནའི་ཊེཊ་ཨ་རབ་ཨེ་མི་རེཊསི་
0
2119
39538
39225
2026-03-29T11:16:35Z
~2026-19547-35
13305
39538
wikitext
text/x-wiki
{{Country2
|name = ཡུ་ནའི་ཊེཊ་ཨ་རབ་ཨེ་མི་རེཊསི་
|flag = Flag of the United Arab Emirates.svg
|map = LocationUnitedArabEmirates.png
|capital =
|area = 83 600
|population = 11 027 129
}}
'''ངོ་སྤྲོད།'''
ཡུ་ནའེ་ཊེཊ་ཨ་རབ་ཨེ་མི་རེཊསི་(ཡིའུ་ཨེ་ཨི་)འདི་ ཨ་རབ་བི་ཡཱན་ཕྱོགས་གསུམ་ཆུ་གླིང་གི་ ལྷོ་ཤར་གི་ཁུག་ནང་ སའུ་དི་ཨ་ར་བི་ཡ་རྒྱལ་ཁབ་དང་ ཨོ་མཱན་རྒྱལ་ཁབ་ཀྱི་ས་མཚམས་དང་ པར་ཤི་ཡཱན་མཚོ་ཁུག་(Persian Gulf)དང་ ཨོ་མན་གྱི་མཚོ་ཁུག་(Gulf of Oman)བདའ་སྟེ་ ཆགས་ཏེ་ཡོདཔ་ཨིན། འདི་གི་ ཧ་ལམ་ས་གོ་ཀི་ལོ་མི་ཊར་གྲུ་བཞི་ ༨༣,༦༠༠ ཁྱབ་དོ་ཡོདཔ་ད་ མང་ཤོས་བྱེ་མའི་ཐང་ཨིན་མས།
'''རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ།'''
ཡིའུ་ཨེ་ཨི་གི་རྒྱལ་ས་ལྟེ་བ་འདི་ ཨ་བུ་དཱ་བི་ཁྲོམ་སྡེ་ཨིནམ་དང་ མངའ་སྡེ་བདུན་གྱི་ནང་ལས་ སྦོམ་ཤོས་ཅིག་ཨིན་མི་འདི་ སྲིད་དོན་དང་ བཟོ་གྲྭ་དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཡང་ཨིན་མས། འཛམ་གླིང་ནང་ སྒྲིང་ཁྱིམ་རིངམོ་དང་ ཚོང་འབྲེལ་ དེ་ལས་ ལྟ་བཤལ་ལས་སྡེ་ལུ་ཡོངས་གྲགས་ཡོད་པའི་ དུ་བཱའི་འདི་ གནམ་མེད་ས་མེད་མི་རློབས་མང་བའི་ཁྲོམ་སྡེ་ཅིག་ཨིན། གལ་ཆེ་བའི་ཁྲོམ་སྡེ་གཞན་ཡང་ ཤར་ཇ། ཨཇ་མཱན། རསི་ཨཱལ་ཁའི་མ། ཕུ་ཇའི་རཱ། ཨུམ་ཨཱལ་ཀུཝེན་ཚུ་ཨིན་པས།
'''མི་རློབས།'''
སྤྱི་ལོ་ ༢༠༢༥ ཚུན་ཚོད་ ཡིའུ་ཨེ་ཨི་གི་མི་རློབས་འདི་ ས་ཡ་ ༡༠ དེ་ཅིག་ཨིན་རུང་ ཧ་ལམ་བརྒྱ་ཆ་ ༡༡% རྐྱངམ་གཅིག་ ཨི་མི་རི་ཊི་གི་མི་ཁུངས་ཨིན་པས། མི་མང་ཤོས་ར་ ལྷོ་ཨེ་ཤི་ཡ་༼རྒྱ་གར། པཱ་ཀིསི་ཏཱན། བྷང་ལ་དེཤ།༽། ཕི་ལི་པིནིས། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི། ཨ་རབ་རྒྱལ་ཁབ་གཞན་མིའི་མི་ཚུ་ཨིན་པས། མི་རློབས་སྡོད་ས་ཚུ་ནང་ གནམ་མེད་ས་མེད་ཁྲོམ་གྱིས་གང་བའི་ཁར་ མི་རློབས་ཡང་ སྣ་ཚོགས་སྦེ་ཡོདཔ་ཨིན་པས།
'''མི་རིགས།'''
ཡིའུ་ཨེ་ཨི་མི་སྡེའི་འདི་ མི་རིགས་སླ་བསྲེ་ཡོད་པའི་ མཐོང་སྣང་ཅིག་ཨིན་པས། ཨི་མི་རེ་ཊིསི་གི་ཡུལ་མི་ཚུ་ ཨ་རབ་ཨིནམ་དང་ ཕྱི་རྒྱལ་ལས་འོང་མི་ཚུ་ ལྷོ་ཕྱོགས་ཨེ་ཤི་ཡ། ཤར་ལྷོ་ཨེ་ཤི་ཡ། ནུབ་ཕྱོགས་ཀྱི་མི། ཨཕ་རི་ཀཱ་གི་མི་ཚུ་ཨིན་མས། མི་རིགས་དང་ ལམ་སྲོལ་སྣ་ཚོགས་འདི་ ཡིའུ་ཨེ་ཨི་གི་ལས་གཡོགཔ་དང་ མི་སྡེའི་གཞི་འགྱམ་གྱི་ ཁྱད་རྣམ་གཙོ་བོ་ཅིག་ཨིན་མས།
'''ཁ་སྐད།'''
གཞུང་འབྲེལ་གྱི་སྐད་ཡིག་འདི་ ཨ་ར་བིཀ་ཨིནམ་དང་ ཁ་སྐད་འདི་ གཞུང་དང་ ཤེས་རིག་ དེ་ལས་ དྲང་ཁྲིམས་ཀྱི་གནད་དོན་ཚུ་ནང་ ལག་ལེན་འཐབ་ཨིན་པས། ག་དེ་སྦེ་ཨིན་རུང་ ཨིང་ལིཤ་འདི་ རྒྱ་ཆེ་དྲགས་སྦེ་ སླབ་ཨིནམ་དང་ ཚོང་འབྲེལ་དང་ ལྟ་བཤལ་གྱི་ཁ་སྐད་གཙོ་བོ་སྦེ་ ལག་ལེན་འཐབ་ཨིན་པས། ཕྱི་རྒྱལ་ལས་འོང་མི་གི་ མི་ཚུ་གི་ནང་འཁོད་ཀྱི་ཁ་སྐད་ ཧིན་དི། ཨུར་ཌུ། ཏཱ་ག་ལོག། པར་ཤི་ཡཱན་ལ་སོགས་པ་ཚུ་ ཁྱབ་ཆེཝ་སྦེ་ཡོདཔ་ཨིན་པས།
'''རྒྱལ་རབས་དང་ཆོས་ལུགས།'''
ཡིའུ་ཨེ་ཨི་འདི་ ཁོང་རའི་རྒྱལ་རབས་དང་འཁྲིལ་བ་ཅིན་ཧེ་མ་ ཉ་གཟུང་མི་དང་ མཚོ་ལས་མུ་ཏིག་འཚོལ་མི་ དེ་ལས་ བྱེ་ཐང་གི་གྲོང་གསེབ་མི་རིགས་ཚུ་ཡོད་པའི་ ལུང་ཕྱོགས་ཅིག་ཨིན། སྤྱི་ལོ་ ༡༩༧༡ ལུ་ བིརི་ཊིཤ་སྲུང་སྐྱོབ་ལས་ རང་དབང་རང་བཙན་ཐོབ་པའི་ཤུལ་ལུ་ ཨེ་མི་རེཊ་བདུན་གཅིག་ཁར་བསྡོམས་ཏེ་ ཡིའུ་ཨེ་ཨི་བཟོ་ནི་ལུ་ གཅིག་བསྡོམས་འབད་ནུག། རྒྱལ་ཁབ་ནང་ལུ་ ཆོས་ལུགས་མང་ཤོས་ཅིག་ར་ ཁ་ཆེའི་ཆོས་ལུགས་དང་ དམིགས་བསལ་དུ་ སུ་ནི་ཁ་ཆེའི་ཆོས་ལུགས་(Sunni Islam)འདི་ཨིན་མས། ཆོས་ལུགས་གཞན་ཚུ་ལུ་ བཟོད་བསྲན་ཡོདཔ་ལས་ ཡེ་ཤུའི་ལྷ་ཁང་དང་ ཆོས་ལུགས་གཞན་གྱི་ལྷ་ཁང་ དེ་ལས་ སི་ན་གཱོག་(synagogue)ཚུ་རྐྱབ་སྟེ་ ལག་ལེན་འཐབ་ཡོདཔ་ཨིན་པས།
'''ཁྲོམ་སྡེ་གོང་འཕེལ།'''
ཡིའུ་ཨེ་ཨི་གི་ཁྲོམ་སྡེ་ཚུ་ དེང་སང་གི་བཟོ་བཀོད་རིག་པ་དང་ ཁྲོམ་སྡེའི་འཆར་གཞི་གི་བརྡ་མཚོན་བཏོནམ་ཨིན་མས། དུ་བཱའི་གི་ འཛམ་གླིང་ནང་གི་སྒྲིང་ཁྱིམ་མཐོ་ཤོས་དང་ ཉོ་ཚོང་རྐྱབ་སའི་ས་གོ་སྦོམ་ཡོད་མི་ བུརཇ་ཁ་ལི་ཕ་(Burj Khalifa)འདི་ ཡོངས་གྲགས་ཡོདཔ་ཨིན་པས། ཨ་བུ་དཱ་བཱི་ལུ་འབདན་ ལམ་སྲོལ་གྱི་གཙུག་སྡེ་ ལཱཝ་རི་ཨ་བུ་དཱ་བཱི་(Louvre Abu Dhabi) དང་གཞན་ཚུ་ ཡོངས་གྲགས་ཡོདཔ་ཨིན་པས། ཁྲོམ་སྡེ་ཚུ་ཧིང་སང་ས་དང་ ཉེན་སྲུང་ཅན་ དེ་ལས་ མཐུན་རྐྱེན་ཕུན་སུམ་ཚོགས་པ་དང་ སྟབས་བདེ་ཧིང་གི་དོན་ལུ་ བཟོ་བཀོད་འབད་ནུག།
'''གནམ་གཤིས།'''
ཡིའུ་ཨེ་ཨི་ལུ་ བྱེ་མའི་ཐང་གི་ས་གཤིས་ སྐམ་ཀྲོག་ཀྲོ་ཡོད་པའི་ཁར་ གནམ་བྱཱར་ཚ་དྲོད་ཅན་དང་ གནམ་དགུན་ཡང་རན་ཏོག་ཏོ་ དེ་ལས་ ལོ་བསྟར་ཆར་འབབ་གནམ་མེད་ས་མེད་ ཉུང་སུ་ཅིག་སྦེ་ཡོདཔ་ཨིན། གནམ་བྱཱར་ལུ་ ཚ་དྲོད་ཚད་འདི་ སེལ་ཤི་ཡསི་ ༤༥ ལས་ལྷག་སྟེ་འགྱོ་དོ་ཡོདཔ་ཨིན་པས། བྱེ་མའི་རླུང་ཚུབས་འདི་ སྐབས་སྐབས་འོངམ་ཨིནམ་ད་ རྒྱལ་ཁབ་འདི་ནང་ རྒྱ་མཚོའི་ཆུ་ལས་ཚྭ་བཏོན་ཏེ་ འཐུང་ཆུ་བཟོ་ནི་དང་ལག་ལེན་འཐབ་ནི་ལུ་ བརྟེནམ་ཨིན་པས།
'''གཞུང་སྐྱོང་།'''
ཡུ་ཨེ་ཨི་འདི་ རྒྱལ་ཁམས་བདུན་གྱི་སྤྱི་ཚོགས་ཨིནམ་དང་ རྒྱལ་ཁམས་རེ་རེ་བཞིན་ རྒྱལ་བརྒྱུད་ཀྱི་རྒྱལཔོ་གིས་སྐྱོང་སྟེ་ཡོདཔ་ཨིན་པས། ཁོང་ག་ར་གཅིག་ཁར་འབདཝ་ད་ སྤྱི་གཞུང་ཆེ་བཐོའི་ལྷན་ཚོགས་(Federal Supreme Council)སྦེ་ཨིནམ་ལས་ འདི་ནང་ལས་ སྲིད་འཛིན་དང་སྲིད་འཛིན་འོག་མ་ཅིག་ ལོ་ལྔའི་བར་ན་ཚར་རེ་ གདམ་འཐུ་འབད་དེ་ བཀལ་སྲོལ་ཡོདཔ་ཨིན་པས། སྲིད་དོན་གྱི་ལམ་ལུགས་འདི་ནང་ སྔར་སྲོལ་གྱི་རྒྱལ་གཞུང་དང་ སྤྱི་གཞུང་གི་གཙུག་སྡེ་ཚུ་ སླ་བསྲེ་སྟེ་ལཱ་འབད་སྲོལ་གྱི་ ལམ་ལུགས་བཏོནམ་ཨིན་པས། ཨ་བུ་དྷ་བཱི་གི་རྒྱལ་པོ་འདི་ སྲིད་འཛིན་སྦེ་ཕྱག་ཞུ་དོ་ཡོདཔ་དང་ དུ་བཱའི་གི་རྒྱལ་པོ་འདི་ སྲིད་འཛིན་འོགམ་དང་ བློན་ཆེན་ཨིན་མས། སྲིད་འཛིན་ལུ་ བློན་ཆེན་བསྐོ་བཞག་འབད་ནིའི་དབང་ཚད་ཡོདཔ་ཨིན་པས།
'''རང་བཞིན་ཆགས་རབས།'''
ཡིའུ་ཨེ་ཨི་མང་ཤོས་ར་ བྱེ་ཐང་ཐང་སྦེ་ཡོདཔ་ད་ ཤར་ཕྱོགས་ཁ་ཐུག་ལུ་ གངས་རི་དང་ རྒྱ་མཚོའི་ཐང་ཚུ་ པར་ཤི་ཡ་གི་མཚོ་ཁུག་བདའ་སྟེ་ཡོདཔ་ཨིན། ཧ་ཇར་གངས་རི་(Hajar Mountains)་དང་ བྱེ་མའི་བྱེ་ཕུང་ དེ་ལས་ ལི་བ་(Liwa)བཟུམ་གྱི་བྱེ་ཐང་ཆུ་ཡོད་ས་ཚུ་གིས་ ས་ཆ་འདི་གིས་ དབྱེ་བ་དང་གནས་སྟངས་ཚུ་བཏོནམ་ཨིན་མས། རྒྱལ་ཁབ་ཀྱིས་ སྔོ་ལྗང་དང་ཡུན་བརྟན་གྱི་ལས་འགུལ་ཚུ་ནང་ གལ་གནད་ཅན་གྱི་བརྩོན་ཤུགས་བསྐྱེད་ནུག།
'''དཔལ་འབྱོར།'''
ཡིའུ་ཨེ་ཨི་ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཌོ་ལར་ཐེར་འབུམ་ ༥༠༠ དང་གཅིག་ཁར་ དཔལ་འབྱོར་སྣ་ཚོགས་ཡོད། མ་གཞི་ ས་སྣུམ་དང་མེ་རླུང་འདི་ ཚོང་འབྲེལ་གཙོ་བོ་ཅིག་ཨིན་རུང་ དུ་བཱའི་གིས་ ཚོང་འབྲེལ། ལྟ་བཤལ། དངུལ་འབྲེལ། གཞིས་ཁང་ཚུ་ལུ་ གཙོ་བོ་བཏོན་དོ་ཡོདཔ་ཨིན། ཕྱིར་ཚོང་ནང་ མ་བཙག་པའི་ས་སྣུམ། རང་བཞིན་གྱི་མེ་རླུང་། ཀ་ལ། པེ་ཊོ་ཀེ་མི་ཀཱལ་ཚུ་ཚུདཔ་ཨིན། ནང་འདྲེན་གྱི་གྲངས་སུ་ འཕྲུལ་ཆས། སྣུམ་འཁོར། བཞེས་སྒོ། གློག་འཕྲུལ་ཚུ་ཚུདཔ་ཨིན་པས།
'''ལམ་སྲོལ་དང་གྱོན་ཆས།'''
ཡིའུ་ཨེ་ཨི་གིས་ སྔར་སྲོལ་གྱི་ བི་ཌུ་ཡིན་ལམ་སྲོལ་(Bedouin culture)འདི་ དེང་སང་གི་ཁྲོམ་ཚོགས་སྒྱུར་བ་དང་གཅིག་ཁར་ མཐུན་སྒྲིག་འབད་དེ་ཡོདཔ་ཨིན་པས། ཨི་མི་ར་ཊིསི་ཚུ་གིས་ སྔར་སྲོལ་གྱི་གྱོན་ཆས་གྱོནམ་ཨིནམ་དང་ འདི་ཡང་ ཕོ་སྐྱེས་ཚུ་གིས་ གྱོན་ཆས་དཀརཔོ་ ཀན་ཌུ་ར་(Kandura)དང་ ཨམ་སྲུ་ཚུ་གིས་ ཨ་བཱ་ཡ་(abaya)དང་ ཤཱེ་ལ་(shayla)འདི་ གྱོནམ་ཨིན་པས། ལམ་སྲོལ་མི་ཉམས་རྒྱུན་སྐྱོང་འདི་ སྙན་རྩོམ་དང་ བྱ་ཁྲ་གསོ་སྐྱོང་ དེ་ལས་ མགྲོན་སྐྱོང་བརྒྱུད་དེ་ ཡར་རྒྱས་གཏངམ་ཨིན་པས།
'''ལྟ་བཤལ།'''
ལྟ་བཤལ་འདི་ དཔལ་འབྱོར་གྱི་ གནད་དོན་གཙོ་བོ་ཅིག་ཨིན། ལྟ་བཤལཔ་ཚུ་ དྷུ་བཱའི་དང་ ཨ་བུ་དཱ་བི་ལུ་ མཐུན་རྐྱེན་ཕུན་སུམ་ཚོགས་པའི་ ཚོང་འབྲེལ། མཚོ་མཐའ། བྱེ་ཐང་ལྟ་བཤལ། ལམ་སྲོལ་གྱི་ས་རྟགས། འཛམ་གླིང་གནས་ཚད་དང་ལྡན་པའི་དུས་སྟོན་ཚུ་གི་སྦེ་ འོང་དོ་ཡོདཔ་ཨིན་མས། སྤྲོ་བ་ཅན་གྱི་ ས་གོ་ཚུ་ཡང་ བུརཇ་ཁ་ལི་ཕ་དང་ ཤེཀ་ཛ་ཡེད་ག་རཱནཌ་མོསཀ་(Sheikh Zayed Grand Mosque) དེ་ལས་ པཱལམ་ཇུ་མི་རཱ་(Palm Jumeirah)བཟུམ་མའི་ མཚོ་གླིང་རྫུས་མ་ཚུ་ཡོདཔ་ཨིན་པས།
'''རྩེད་རིགས།'''
ཡོངས་གྲགས་ཅན་གྱི་རྩེད་རིགས་ནང་རྐང་རྩེད། གཡུག་རིལ། རྔ་མོང་རྒྱུག་འགྲན། བྱ་ཁྲ་གསོ་སྐྱོང་ཚུ་ ཚུདཔ་ཨིན། ཡིའུ་ཨེ་ཨི་གིས་ཡང་ རྒྱལ་སྤྱིའི་རྩེད་རིགས་རྩེད་སའི་ ས་གནས་ཀྱི་འགན་ཁུར་ འབགཔ་ཨིནམ་དང་ འདི་ཚུ་ཡང་ དུ་བཱའི་ཝརལ་ཀཱཔ་༼རྟ་རྒྱུག་འགྲན་བསྡུར་༽དང་ ཕོར་མུ་ལ་ཝཱན་གརན་པིརིཀསི་(Formula one Grand Prix) དེ་ལས་ ཡིའུ་ཨེཕ་སི་འཐབ་འཛིང་འགྲན་བསྡུར་(UFC fights)ཚུ་ འགོ་འདྲེན་འཐབ་ཨིན་པས།
'''བཞེས་སྒོ།'''
ཡིའུ་ཨེ་ཨི་བཞེས་སྒོ་ནང་ སྔར་སྲོལ་གྱི་བཞེས་སྒོ་ཚུད་མི་ཚུ་ཡང་ རྫས་སྦྱོར་བླུགས་པའི་ཆུམ་དང་ཤ་གི་བཟོ་བའི་ མཆ་བུའོསི་(machboos)། ཤཝ་ར་མ།(shawarma) ཧུ་མཱས།(hummus) ཌེཊ་(dates)ཚུ་ ཚུདཔ་ཨིན་པས། བཞེས་སྒོ་ཚུ་ཡང་ གནམ་མེད་ས་མེད་སྣ་ཚོགས་སྦེ་ཡོདཔ་དང་ དེ་ཡང་ རྒྱ་གར། ལེ་བ་ནིས། པར་ཤི་ཡཱན། ནུབ་ཕྱོགས་ཀྱི་བཞེས་སྒོ་ཚུ་ཡོདཔ་ཨིནམ་དང་ འདི་ཡང་གཙོ་བོ་རང་ རྒྱལ་སྤྱིའི་མི་རློབས་ཡོད་ནི་འདི་གིས་ཨིན་པས།
'''ཕྱི་འབྲེལ་མཐུན་ལམ།'''
ཡིའུ་ཨེ་ཨི་གིས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་དང་ མཐུན་ལམ་སྒྲིང་སྒྲི་སྦེ་ར་བཞགཔ་ཨིནམ་དང་ འདི་ཡང་ དམིགས་བསལ་གྱིས་ ཡུ་ནའི་ཊེཌ་ཨིས་ཊེཌས་དང་ ཡུ་རོབ་ དེ་ལས་ གཱལཕ་དང་ཨ་རབ་རྒྱལ་ཁབ་ཚུ་ཨིན་པས། ལུང་ཕྱོགས་ཀྱི་ ཕྱི་འབྲེལ་སྲིད་སྐྱོང་དང་ འགྲོ་བ་མིའི་གྲོགས་རམ་ དེ་ལས་ ཚོང་འབྲེལ་མཉམ་འབྲེལ་ཚུ་ནང་ ལཱ་འགན་ངར་ཡེང་ཡེ་སྦེ་ འབག་དོ་ཡོདཔ་མ་ཚད་ ཇི་སི་སི་(GCC)དང་ འཛམ་གླིང་སྤྱི་ཚོགས་ དེ་ལས་ ཨོ་པེག་(OPEC)གི་ འཐུས་མི་ཡང་ཨིན།
'''མཇུག་དོན།'''
ཡིའུ་ཨེ་ཨི་འདི་ གཞན་དང་མ་འདྲ་བའི་ ལམ་སྲོལ་དང་ ཡར་རྒྱས་གཅིག་ཁར་འགྱོ་ཡོད་པའི་ རྒྱལ་ཁབ་ཅིག་ཨིན་པས། རྒྱལ་ཁབ་འདི་ དཔལ་འབྱོར་སྒྲིང་སྒྲི། ལམ་སྲོལ་གྱི་སྲོལ་ཁྱུན། རྒྱལ་སྤྱིའི་གནས་སྟངས་ལུ་སྤྲོ་ཅན། མ་འོངས་པའི་དོན་ལུ་རེ་འདོད་སྦོམ་ཡོད་མི་ལུ་བརྟེན་ རྒྱལ་ཁབ་འདི་ མི་ཌཱལ་ཨིསིཊ་(Middle East)ནང་ལུ་ དྲག་ཤོས་ཅིག་དང་ དེང་སང་གི་འགྱུར་བའི་དཔེ་ཅིག་སྦེ་ཡོདཔ་ཨིན་པས།
'''རྒྱབ་རྟེན།'''
<nowiki>https://en.wikipedia.org/wiki/United</nowiki> Arab Emirates
----
* [[དུ་བ་ཡེ]]
{{Asia}}
{{stub}}
[[Category:རྒྱལ་ཁབ]]
[[Category:ཨེ་ཤི་ཡ]]
do51o6t82jhekk99n8gl5frst2fkf6n
སའུ་དི་ཨེ་ར་སྦི་ཡ་
0
2124
39542
38942
2026-03-29T11:20:24Z
~2026-19547-35
13305
39542
wikitext
text/x-wiki
{{Country2
|name = སའུ་དི་ཨེ་ར་སྦི་ཡ་
|flag = Flag of Saudi Arabia.svg
|map = Saudi Arabia in its region.svg
|capital =
|area = 2 149 690
|population = 33,702,731
}}
'''ས་ཆ་དང་རྒྱ་ཚད།'''
སཱའུ་དི་ཨ་ར་བི་ཡ་འདི་ ཨ་ར་བི་ཡ་ཕྱེད་གླིང་ཕྲན་ནང་ ཤར་དབུས་ཕྱོགས་ལུ་ཆགས་ཡོདཔ་ད་ བྱང་ཕྱོགས་ལུ་ ཇོར་ཌན་དང་ཨི་རག་གི་ས་མཚམས་ལུ་ཆགས་ཡོདཔ་ཨིན། བྱང་ཤར་ལུ་ཀུ་ཝེཊ་དང་ ཤར་ཕྱོགས་ལུ་ ཀ་ཏར་ བཱ་ཧ་རེན་ དེ་ལས་ ཡུ་ནའི་ཊེཊ་ཨ་རབ་ཨེ་མི་རེཊ་དང་ ཤར་ལྷོ་ལུ་ ཨོ་མཱན་ དེ་ལས་ ལྷོ་ཕྱོགས་ལུ་ ཡེ་མེན་ཚུ་ཨིན་པས། ནུབ་ཕྱོགས་ལུ་ མཚོ་དམརཔོ་དང་ ཤར་ཕྱོགས་ལུ་ ཨ་ར་བི་ཡན་མཚོ་ཁུག་ཡོདཔ་ཨིན། ས་ཆའི་རྒྱ་ཁྱོན་ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ་ ༢.༡༥ ༼མའིལ་གྲུ་བཞི་མ་ ༨༣༠,༠༠༠༽ ཡོད་པའི་རྒྱལ་ཁབ་འདི་ ཤར་དབུས་རྒྱལ་ཁབ་ནང་ རྒྱལ་ཁབ་སྦོམ་ཤོས་ཅིག་ཨིནམ་མ་ཚད་ འཛམ་གླིང་ནང་ རྒྱལ་ཁབ་སྦོམ་ཤོས་༡༣ པ་ཡང་ཨིན་པས།
'''གནམ་གཤིས།'''
སཱའུ་དི་ཨ་ར་བི་ཡ་གི་ས་ཆའི་གནས་སྟངས་འདི་ མང་ཤོས་ཅིག་རང་ བྱེ་ཐང་ཨིནམ་དང་ Rub' al Khali (Empty Quarter) འདི་ འཛམ་གླིང་ནང་ལུ་ བྱེམ་བྱེ་ཐང་སྦོམ་ཤོས་ཅིག་ཨིནམ་དང་ ལྷོ་ཕྱོགས་ལུང་ཕྱོགས་མང་ཤོས་ཅིག་རང་ ཁྱབ་སྟེ་ཡོདཔ་ཨིན། གནམ་གཤིས་འདི་ དྲོད་ཚད་མཐོ་དྲགས་སྦེ་ཡོདཔ་ལས་ གནམ་བྱཱར་གྱི་དྲོད་ཚད་འདི་ འཕྲལ་འཕྲལ་རང་ ༤༥°C (༡༡༣°F) ལས་ལྷག་སྟེ་ཡོདཔ་ཨིན། ཆར་ཆུ་འདི་ ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ ལོ་བསྟར་བཞིན་དུ་ སྤྱིར་སྙོམས་ལུ་ མི་ལི་མི་ཊར་༡༠༠ ལས་ཉུངམ་སྦེ་འབབ་དོ་ཡོདཔ་ཨིན། ཨིན་རུང་ ལྷོ་ནུབ་ཁ་ཐུག་ལུ་ཡོད་པའི་ ཨ་སིར་ལུང་ཕྱོགས་ནང་ གནམ་གཤིས་ཚ་དྲོད་ཆེ་བའི་ དུས་ཚོད་དང་ སྔོ་ཤིང་ཚུ་ མཐོ་དྲགས་སྦེ་ འཐོན་དོ་ཡོདཔ་ཨིན་པས།
'''ཧེ་མའི་འབྱུང་རབས་དང་མི་རིགས།'''
Arabian Peninsula འདི་ དུས་རབས་༧ པའི་ནང་ Mecca ལུ་ ལུང་སྟོན་པ་ Muhammad གིས་ གཞི་བཙུགས་འབད་མི་ ཨིསི་ལམ་བྱུང་ས་ཅིག་སྦེ་ ཆ་བཞགཔ་ཨིན། ལུང་ཕྱོགས་འདི་ནང་ བྱུང་རབས་དང་འཁྲིལ་ཏེ་ Bedouins རྩིས་ཏེ་ མི་རིགས་མ་འདྲཝ་ཚུ་གིས་ སྡོད་ཡོདཔ་ད་ ཤུལ་ལས་ དུས་རབས་༢༠ པ་འགོ་བཙུགས་ཚུན་ཚོད་ Ottoman གི་དབང་འོག་ལུ་སྡོད་ནུག། དེང་སང་གི་སཱའུ་དི་ཨ་ར་བི་ཡ་འདི་ སྤྱི་ལོ་༡༩༣༢ སྤྱི་ཟླ་༩ པའི་སྤྱི་ཚེས་༢༣ ལུ་ ནེཇད་དང་ཧེ་ཇཱཛ་( Nejd and Hejaz )རྒྱལ་ཁབ་ཚུ་ གཅིག་ཁར་བསྡོམས་ཏེ་ སའུ་དི་ཨ་ར་བི་ཡ་རྒྱལ་ཁབ་ལུ་ གཞི་བཙུགས་འབད་མི་ ཨབ་དུལ་ཨ་ཟི་ཟི་ཨིབ་སའུཌ་(Abdulaziz Ibn Saud) གིས་ གཞི་བཙུགས་འབད་ནུག། རྒྱལ་ཁབ་འདི་ Arab གི་'''མི་རིགས'''་སྦེ་རང་ ལུས་ཡོདཔ་ཨིན་རུང་ ལྷོ་ཨེ་ཤི་ཡ་དང་ ཤར་ལྷོ་ཨེ་ཤི་ཡ་ དེ་ལས་ Africa གི་ཕྱི་ཁར་འགྱོ་མི་ མི་རློབས་མང་ཤོས་ཅིག་རང་ ཚུད་དེ་ཡོདཔ་ཨིན།
'''མི་རློབས།'''
སྤྱི་ལོ་༢༠༢༤ ལུ་ སཱའུ་དི་ཨ་ར་བི་ཡ་གི་མི་རློབས་འདི་ ཧ་ལམ་ས་ཡ་༣༦.༣ དེ་ཅིག་ཡོདཔ་ད་ དེ་ལས་ ས་ཡ་༡༣.༤ དེ་ཅིག་ (བརྒྱ་ཆ་༣༧ དེ་ཅིག་) ཕྱི་རྒྱལ་གྱི་ ཕྱི་མི་ཚུ་ཨིན་མས། ཁྲོམ་ཚོགས་སྦོམ་ཤོས་ཚུ་ཡང་ Riyadh (རྒྱལ་ས་ལྟེ་བ་) དང་ Jeddah དེ་ལས་ མེ་ཀ་(Mecca) དང་ མེ་ཌི་ན་ (Medina) དང་ Dammam ཚུ་ཨིན་མས།
'''རི་ཡད། The capital city of Saudi Arabia.'''
སཱའུ་དི་ཨ་ར་བི་ཡ་གི་ '''རྒྱལ་ས་ལྟེ་བ'''་དང་ཁྲོམ་སྦོམ་ཤོས་ རི་ཡད་ འདི་ Najd ལུང་ཕྱོགས་དབུས་ཕྱོགས་ལུ་ཆགས་ཏེ་ བྱང་ཕྱོགས་ ༢༤.༧༡༣༦° དང་ ཤར་ཕྱོགས་ ༤༦.༦༧༥༣° ལུ་ཆགས་ཡོདཔ་ཨིན། རི་ཡད་འདི་ རྒྱ་མཚོའི་མཐོ་ཚད་མི་ཊར་༦༡༢ གི་ས་ཁར་ ཧ་ལམ་ ཀི་ལོ་མི་ཊར་གྲུ་བཞི་མ་༡༧༩༨ དེ་ཅིག་ ཁྱབ་སྟེ་ཡོདཔ་ཨིན་པས། '''རྒྱལ་རབས'''་དང་འཁྲིལ་བ་ཅིན་ རི་ཡད་འདི་ དུས་རབས་༣ པའི་ནང་ གཞི་བཙུགས་འབད་མི་ ཧེ་མའི་ཁྲོམ་ཚོགས་ ཧ་ཇར་ལས་ གོང་འཕེལ་འགྱོ་ཡོདཔ་དང་ སྤྱི་ལོ་༡༩༠༢ ལུ་ རྒྱལ་པོ་ཨབ་དུལ་ཛི་ཛི་ཨིབ་ན་སཱའུཌ་གིས་ བཙན་བཟུང་འབད་བའི་སྐབས་ སའུ་དི་མངའ་སྡེ་གི་འོག་ལུ་ གཅིག་སྒྲིལ་འབད་ཡོདཔ་ལས་ དེང་སང་གི་ སཱའུ་དི་ཨ་ར་བི་ཡ་འགོ་བཙུགས་ནུག།
སྤྱི་ལོ་༢༠༢༤ ལུ་ རི་ཡད་ཀྱི་'''མི་རློབས'''་ས་ཡ་༧.༥ ལས་བརྒལ་ཡོདཔ་ལས་ ཤར་དབུས་རྒྱལ་ཁབ་ནང་ ཡར་རྒྱས་མགྱོགས་དྲགས་འགྱོ་མི་ཁྲོམ་ཅིག་ལུ་འགྱུར་ཡོདཔ་ཨིན། མི་མང་ཤོས་རང་ མུ་ས་ལིམ་ཨིནམ་ལས་ རྒྱལ་ཡོངས་'''ཆོས་ལུགས'''་ ཨིསི་ལམ་འབདཝ་ཨིན་མས། ཨ་ར་བིཀ་འདི་ '''གཞུང་འབྲེལ་གྱི་སྐད་ཡིག'''་ཨིནམ་ད་ ཨིང་ལིཤ་འདི་ ཤེས་རིག་དང་ཚོང་འབྲེལ་གྱི་ནང་ལུ་ ཁྱབ་ཆེཝ་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན་མས།
ཕོ་སྐྱེས་ཚུ་གིས་ ཐོ་བེ་དང་ གུ་ཏྲ་གྱོན་དོ་ཡོདཔ་ད་ ཨམ་སྲུ་ཚུ་གིས་ ཨ་བ་ཡ་གྱོནམ་ཨིན་རུང་ འདས་པའི་ལོ་ཚུ་ནང་ '''གྱོན་ཆས'''་ཚུ་ བདེ་ཏོག་ཏོ་སྦེ་ འགྱོ་སྟེ་ཡོདཔ་ཨིན་པས།རི་ཡད་འདི་ ཁྲོམ་སྡེའི་རྫོང་ཁག་༡༥ ལུ་དབྱེ་སྟེ་ རྒྱལ་ཁབ་ཀྱི་སྲིད་དོན་དང་'''བདག་སྐྱོང་ལྟེ་བ'''་ཅིག་ཨིན། ཁྲོམ་སྡེའི་'''དཔལ་འབྱོར'''་དེ་ དངུལ་འབྲེལ་དང་གཞིས་ཁྱིམ་ བཟོ་བསྐྲུན་དང་འཕྲུལ་རིག་ལ་སོགས་པའི་ལས་ཁུངས་ཚུ་ཨིནམ་དང་ མི་ས་ཡ་ལས་བཅད་དེ་ལཱ་གཡོག་བྱིན་ཏེ་ རྒྱལ་ཡོངས་ཀྱི་ནང་འཁོད་ཐོན་སྐྱེད་ལུ་ ཕན་ཐོགས་སྦོམ་སྦེ་ར་བྱུང་དོ་ཡོདཔ་ཨིན།
'''ཆོས་ལུགས།'''
སཱའུ་དི་ཨ་ར་བི་ཡ་འདི་ཆོས་ལུགས་ ཨིསི་ལམ་གྱི་སྐྱོང་བའི་རྒྱལ་ཁབ་ཅིག་ཨིན། ཨིསི་ལམ་འདི་གཞུང་འབྲེལ་གྱི་ཆོས་ལུགས་ཅིག་ཨིནམ་དང་ རྒྱལ་ཁབ་འདི་གིས་ སུ་ནི་ཨིསི་ལམ་འདི་ དམིགས་བསལ་གྱིས་ ཝ་ཧ་བི་གྲུབ་མཐའ་འདི་ སཱ་ལ་ཕི་ཟམ་གྱི་ཡན་ལག་ཅིག་ཨིན་མས། ཨིསི་ལམ་གྱི་ཁྲོམ་ཚོགས་དམ་པ་གཉིས་ མེ་ཀ་དང་ མེ་ཌི་ན་གཉིས་ སཱའུ་དི་ཨ་ར་བི་ཡ་ལུ་ཆགས་ཡོདཔ་ཨིན་པས། ལོ་བསྟར་བཞིན་དུ་ ཨིསི་ལམ་གྱི་ གནས་སྐོར་གྱི་ ཧ་ཇི་ཟེར་མི་འདི་ ལོ་བསྟར་བཞིན་དུ་ འཛམ་གླིང་ནང་ལས་ མུ་ས་ལིམ་ས་ཡ་༢ ལྷགཔ་ཅིག་ འོང་དོ་ཡོདཔ་ཨིན་མས།
རིག་རྩལ།
སཱའུ་དི་ ལམ་སྲོལ་འདི་ ཨིསི་ལཱ་མིཀ་ལམ་སྲོལ་ནང་ གཏིང་ཟབ་སྦེ་ རྩ་བ་བཙུགས་ཏེ་ཡོདཔ་ཨིན། ཡིག་གཟུགས་དང་བཟོ་རིག་ སྙན་རྩོམ་ དེ་ལས་ སྙན་ཆ་ཚུ་ དམིགས་བསལ་གྱིས་ ནཱ་བཱ་ཏི་སྙན་རྩོམ་ (Nabati poetry )དང་ ཨའུཌ་སྙན་ཆ་ (oud music) ཚུ་ བརྩི་མཐོང་སྦོམ་སྦེ་ར་ བསྐྱེད་དོ་ཡོདཔ་ཨིན་པས། རྒྱལ་ཁབ་ནང་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ བཀག་ཆ་འབད་བའི་ཤུལ་ལས་ གློག་བརྙན་དང་ ཟློས་གར་ཁང་ དེ་ལས་ སྙན་ཆའི་དུས་སྟོན་ཚུ་གི་ སྒོ་ཕྱེ་སྟེ་ཡོད་མི་ འཆར་སྣང་༢༠༣༠ གི་ ལས་སྣ་དང་འཕྲིལ་ཐོག་ལས་ ལམ་སྲོལ་གོང་འཕེལ་གྱི་ གྲུབ་འབྲས་སྦོམ་སྦེ་ར་ ཐོན་ཡོདཔ་ཨིན་པས།
'''གྱོན༌ཆས།'''
རང་ལུགས་ཀྱི་གྱོན་ཆས་འདི་ སྤྱིར་བཏང་སྦེ་རང་ ལུས་ཡོདཔ་ཨིན། ཕོ་སྐྱེས་ཚུ་གིས་ གྱོན་ཆས་དཀརཔོ་རིངམོ་ཅིག་དང་ འདི་དང་གཅིག་ཁར་ གུ་ཏྲ་༼མགུ་ཏོ་གུ་བཀབ་ནི་༽ འདི་ ཨ་གཱལ་༼ཐགསཔ་ནགཔོ་༽ གིས་བསྡམ་ཨིན་མས། ཨམ་སྲུ་ཚུ་གིས་ ཨ་བ་ཡ་ཟེར་མི་ གྱོན་ཆས་ནགཔོ་རིངམོ་ཅིག་ གྱོནམ་ཨིནམ་ད་ དེ་དང་གཅིག་ཁར་ འཕྲལ་འཕྲལ་སྐབས་ ཧི་ཇབ་ཡང་ན་ ནི་ཀབ་ཡང་ གྱོནམ་ཨིན་པས། འདས་པའི་ལོ་ནང་ གྱོན་ཆས་སྒྲིག་གཞི་ཚུ་ ལྷོད་ལྷོད་སྦེ་ བཟོ་ཡོདཔ་ཨིན་པས། དམིགས་བསལ་གྱི་ ཕྱི་རྒྱལ་གྱི་ཨམ་སྲུ་དང་ཁྲོམ་ཚོགས་ནང་ལུ་སྡོད་མི་ཚུ་ལུ་ཨིན་མས།
'''རྩེད་རིགས།'''
རྐང་རིལ (soccer) འདི་ རྒྱལ་ཁབ་འདི་ནང་ ཡོངས་གྲགས་ཅན་གྱི་རྩེད་མོ་ཅིག་ཨིན། སཱའུ་དི་གི་རྒྱལ་ཡོངས་སྡེ་ཚན་གྱིས་ འཛམ་གླིང་རྐང་རྩེད་འགྲན་བསྡུར་ནང་ ཚར་༦ འཛུལ་ཞུགས་འབད་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ སྤྱི་ལོ་༢༠༢༢ ལུ་ རྒྱལ་ཁ་ཐོབ་ཡོདཔ་ད་ འགོ་ཐོག་རྩེད་འགྲན་ནང་ ཡོངས་གྲགས་ཅན་གྱི་ ཨར་ཇེན་ཊི་ན་ ཕམ་ཡོདཔ་ཨིན་པས། རྔ་མོང་འགྲན་བསྡུར་དང་ བྱ་ཕོ་དང་རྟ་རྒྱུག་ཚུ་ཡང་ རང་ལུགས་དང་ལམ་སྲོལ་གྱི་ཐོག་ལས་ གལ་གནད་ཅན་ཅིག་ཨིན། རྒྱལ་ཁབ་འདི་ནང་ འཛམ་གླིང་རྩེད་རིགས་ཀྱི་ལས་རིམ་ ཕོར་མུ་ལ་ཨི་དང་ ཌབ་ལུ་ཌབ་ལུ་ཨི་ དེ་ལས་ མདའ་རྩེད་འགྲན་བསྡུར་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན།
'''སྐད་ཡིག་དང་ཤེས་རིག།'''
གཞུང་འབྲེལ་གྱི་སྐད་ཡིག་ཨ་ར་བིཀ་ཨིནམ་ད་ ཚོང་འབྲེལ་དང་ ཤེས་རིག་ནང་ ཨིང་སྐད་འདི་ ཁྱབ་ཆེཝ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན། སྤྱི་ལོ་༢༠༢༣ ལུ་ བྲིས་ལྷག་ཤེས་ཡོན་གྱི་ཚད་གཞི་དེ་ བརྒྱ་ཆ་༩༧.༦ ལུ་ལྷོད་ཡོདཔ་ད་ སྐྱེས་ལོ་༦ ལས་༡༥ གི་བར་ན་འབད་མི་ ཨ་ལུ་ཚུ་ ཤེས་ཡོན་ལྷབ་དགོཔ་ཨིན་པས།
གཞུང་གིས་ ཤེས་རིག་ནང་ མ་རྩ་སྦོམ་སྦེ་ར་ བཙུགས་དོ་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༠༥ ལུ་ འགོ་བཙུགས་ཞིནམ་ལས་ཚུར་ སློབ་ཕྲུག་འབུམ་༢ ལྷགཔ་ཅིག་ ཕྱི་རྒྱལ་ལུ་ བཏང་དོ་ཡོདཔ་ཨིན་པས།
'''ཆབ་སྲིད་ལམ་ལུགས་དང་གཞུང་སྐྱོང་།'''
སཱའུ་དི་ཨ་ར་བི་ཡ་འདི་ རྒྱལ་བརྒྱུད་ཆ་ཚང་ཅིག་ཨིན། ད་རེས་ནངས་པའི་རྒྱལཔོ་ སཱལ་མཱན་བིན་ཨབ་དུལ་ཨ་ཟི་ཟི་ཨཱལ་སཱའུཌ་གིས་ སྤྱི་ལོ་༢༠༡༥ ལུ་ རྒྱལ་པོའི་ཁྲི་གུ་བཞུགས་ཡོདཔ་ད་ རྒྱལ་པོའི་སྲས་མོ་ཧ་མཱད་བིན་སཱལ་མཱན་གྱིས་ དམིགས་བསལ་གྱིས་ སྤྱི་ལོ་༢༠༣༠ གི་ མཐོང་ཚུལ་བསྐྱར་ཞིབ་ཀྱི་འོག་ལུ་ འགོ་ཁྲིད་ཀྱི་འགན་ཁུར་གཙོ་བོ་ཅིག་ འབག་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ནང་ ཤ་རི་ཡ་གི་ཁྲིམས་ལུགས་ལུ་ གཞི་བཞག་སྟེ་ ཁྲོམ་སྡེའི་བཙག་འཐུ་ཚུ་ འགོ་འདྲེན་འཐབ་རུང་ བཙག་འཐུ་གྲུབ་པའི་ རྒྱལ་ཡོངས་སྤྱི་ཚོགས་དང་ སྲིད་དོན་ཚོགས་པ་ཚུ་ མེདཔ་ཨིན་པས།
'''འཛིན་སྐྱོང་།'''
སཱའུ་དི་ཨ་ར་བི་ཡ་འདི་ བདག་སྐྱོང་ལུང་ཕྱོགས་༡༣ ལུ་དབྱེ་སྟེ་ཡོདཔ་ད་ ལུང་ཕྱོགས་རེ་རེ་ནང་ རྒྱལ་སྲས་ཡང་ན་ རྒྱལ་པོའི་བསྐོ་བཞག་འབད་མི་གིས་ གཞུང་སྐྱོང་འབདཝ་ཨིན་མས། ལུང་ཕྱོགས་གཙོ་བོ་ཚུ་ཡང་ མེ་ཀ་དང་ མེ་ཌི་ན་ ཤར་ཕྱོགས་མངའ་སྡེ་ (Ash Sharqiyah) དེ་ལས་ ཨ་སིར་ཚུ་ཨིན་མས།
'''དཔལ་འབྱོར་དང་དངུལ།'''
སཱའུ་དི་ཨ་ར་བི་ཡ་འདི་ ཤར་དབུས་རྒྱལ་ཁབ་ནང་ དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཅིག་ཨིན། སྤྱི་ལོ་༢༠༢༤ ཚུན་ ནང་འཁོད་ཐོན་སྐྱེད་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༡.༠༥ དེ་ཅིག་ཡོདཔ་ལས་ འཛམ་གླིང་ནང་ གནས་རིམ་༡༧ པའི་ནང་ ཚུད་ཡོདཔ་ཨིན་པས། དཔལ་འབྱོར་དེ་ མར་ཁུ་ལུ་ ཤུགས་སྦེ་ར་ བརྟེན་དོ་ཡོདཔ་ལས་ དེ་གིས་ རྒྱལ་ཡོངས་ནང་འདྲེན་གྱི་ བརྒྱ་ཆ་༤༠ ལྷགཔ་ཅིག་དང་ ཕྱིར་ཚོང་གི་འོང་འབབ་བརྒྱ་ཆ་༧༠ ལྷགཔ་ཅིག་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་པས།
སའུ་དི་ཨ་ར་བི་ཡན་རི་ཡལ་ (SAR) འདི་ རྒྱལ་ཡོངས་དངུལ་ཀྲམ་ཨིནམ་ད་ ཡུ་ཨེས་དྲོ་ལར་ལུ་ ཧ་ལམ་ ༣.༧༥ SAR/USD ལུ་ བཀལ་ཡོདཔ་ཨིན་པས། ཚོང་འབྲེལ་གྱི་མཉམ་འབྲེལ་པ་གཙོ་བོ་ཚུ་ཡང་ རྒྱ་ནག་དང་ ཡུ་ཨེས་ ཇ་པཱན་ རྒྱ་གར་ དེ་ལས་ ལྷོ་ཀོ་རི་ཡ་ཚུ་ཨིན་པས།
'''དམག་སྡེ།'''
སཱའུ་དི་ཨ་ར་བི་ཡ་ལུ་ ལུང་ཕྱོགས་ནང་ མ་དངུལ་ལེགས་ཤོམ་སྦེ་ བཏང་མི་ དམག་སྡེ་ཅིག་ཨིནམ་ད་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ཐེར་འབུམ་༦༩ དེ་ཅིག་ ཟད་འགྲོ་བཏང་དོ་ཡོདཔ་ལས་ འཛམ་གླིང་ནང་ སྲུང་སྐྱོབ་ཀྱི་དོན་ལུ་ ཟད་འགྲོ་བཏང་མི་ མཐོ་ཤོས་དྲུག་པ་ཨིན་པས། དམག་སྡེ་ནང་ལུ་ རྒྱལ་འཛིན་སཱའུ་དི་ས་དམག་དང་ མཚོ་དམག་ གནམ་དམག་ དེ་ལས་ རྒྱལ་ཡོངས་སྲུང་སྐྱོབ་དམག་སྡེ་ཚུ་ཡོདཔ་ད་ དེང་སང་གི་མཚོན་ཆ་ཚུ་ ངོ་མ་རང་ ཡུ་ཨེས་དང་ ཡུ་ཀེ་ དེ་ལས་ ཕཱརན་སི་ལས་ ཐོབ་ཡོདཔ་ཨིན་པས། རྒྱལ་ཁབ་འདི་གིས་ ཨིསི་ལཱ་མིཀ་དམག་སྡེ་ ངོ་རྒོལ་འགོག་ཐབས་མཉམ་འབྲེལ་ཚོགས་པ་ འགོ་འཁྲིད་འབད་དེ་ སྤྱི་ལོ་༢༠༡༥ ལས་ ཡེ་མེན་གྱི་ དཀའ་ངལ་ནང་ འགོ་ཁྲིད་ཀྱི་ འགན་ཁུར་འབག་སྟེ་ཡོདཔ་ཨིན་པས།
'''མཇུག༌དོན།'''
སཱའུ་དི་ཨ་ར་བི་ཡ་འདི་ སྔར་སྲོལ་ལམ་སྲོལ་དང་ དེང་སང་གི་ལམ་ལུགས་གཉིས་གཅིག་ཁར་ སླ་བསྲེ་ཡོདཔ་ཨིན། རྒྱལ་ཁབ་འདི་གིས་ བྱེ་ཐང་སྦོམ་དང་ ཆོས་དོན་གྱི་གལ་གནད་ མར་ཁུ་གསོག་འཇོག་ དེ་ལས་ བསྐྱར་ཞིབ་ཀྱི་གྲོས་གཞི་སྦོམ་ཡོད་མི་ཚུ་གིས་ རྒྱལ་ཁབ་འདི་གིས་ འཛམ་གླིང་ནང་ལུ་ གཟུགས་བརྙན་འདི་ བསྐྱར་བཟོ་འབད་དོ་ཡོདཔ་ཨིན། སྤྱི་ལོ་ ༡༩༣༢ ལུ་གཞི་བཙུགས་འབད་མི་ལས་ ད་རེས་ སྤྱི་ལོ་༢༠༣༠གི་འཆར་སྣང་འོག་ལུ་ བསྒྱུར་བཅོས་འགྱོ་མི་ཚུན་ཚོད་ སཱའུ་དི་ཨ་ར་བི་ཡ་གི་ མ་འོངས་པའི་རེ་བ་འགྲུབ་འཐབ་ལུ་ ལཱ་འབད་དོ་ཡོདཔ་ཨིན།
'''རྒྱབ་རྟེན་ཐོ།'''
<nowiki>https://simple.wikipedia.org/wiki/Saudi_Arabia</nowiki>
<nowiki>https://en.wikipedia.org/wiki/Saudi_Arabia</nowiki>
<nowiki>https://simple.wikipedia.org/wiki/Riyadh</nowiki>{{Asia}}
{{stub}}
[[Category:རྒྱལ་ཁབ]]
[[Category:ཨེ་ཤི་ཡ]]
caet73dlt2jlpbr1tuworlbr3a91hdd
བལ་ཡུལ་
0
2129
39546
39075
2026-03-29T11:54:33Z
~2026-19547-35
13305
39546
wikitext
text/x-wiki
{{Country2
|name = བལ་ཡུལ་
|flag = Flag of Nepal.svg
|map = Nepal in its region.svg
|capital = [[ཀཊི་མཱན་ཌུ]]
|area = 147 516
|population = 31 122 387
}}
ནེ་པཱལ་ རྒྱལ་ཁབ་འདི་ལྷོ་ཨེ་ཤི་ཡའི་ སྐོབས་ཚུད་ཀྱི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་ཀྱི་སའི་རྒྱ་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་ ༡༤༧༥༡༦ (༥༦༩༥༦ མའིལ་གཉིས་ལྟབ)་སྦེ་ཡོདཔ་ཨིན།<ref>ཝརལཌ་ཨེཌ་ལསི། (༢༠༢༤།) མེབསི་ཨོཕ་ནེ་པཱལ། <nowiki>https://www.worldatlas.com/maps/nepal</nowiki>
</ref> དེའི་ནང་ལས་ ཀི་ལོ་མི་ཊར་གྲུ་བཞི་ ༡༤༣༣༥༡ འདི་སའི་འཇལ་ཚད་ཨིནམ་དང་ ཆུའི་ཚད་གཞི་འདི་ གྲུ་བཞི་ཀི་ལོ་མི་ཊར་ ༣༨༣༠ ཡོདཔ་ཨིན།<sup>2</sup> རྒྱལ་ཁབ་འདི་སྤྱི་ལོ་ ༡༧༦༨ ལུ་པིརི་བི་ན་རཡན་ཤ་ཟེར་མི་གིས་ གཅིག་སྒྲིལ་བཟོ་སྟེ་ རང་དབང་རང་བཙན་སྦེ་བཟོ་གནང་ཡོདཔ་ཨིནམ་དང་ ཧི་མ་ལ་ཡའི་གངས་ལྗོངས་ས་གནས་ཀྱི་བར་ན་ཚུད་དེ་ཡོདཔ་ཨིན། དེ་མ་ཚད་ རྒྱལ་ཁབ་ཀྱི་ཆ་ཤས་དག་པ་ཅིག་ ཆུ་མོ་ཨིན་ཌསི་དང་གངྒ་གི་ཐང་གི་གྲངས་སུ་ཡང་ཚུད་དེ་ཡོདཔ་ཨིན།<ref>དྷ་ཝརལཌ་ཕེགཊ་བྷུག།(༢༠༢༥།) ནེ་པཱལ། <nowiki>https://www.cia.gov/the-world-factbook/countries/nepal/</nowiki></ref> བལ་པོའི་བྱང་ཕྱོགས་ཀྱི་ས་མཚམས་ལུ་ རྒྱ་ནག་རྒྱལ་ཁབ་ཀྱི་རང་དབང་ཅན་གྱི་བོད་ཡོདཔ་དང་ ཤར་ལྷོ་དང་ནུབ་ཕྱོགས་གསུམ་ལུ་ རྒྱ་གར་རྒྱལ་ཁལ་ཡོདཔ་ཨིན། དེ་ལས་ བྷང་ལ་དེཤ་དང་གཅིག་ཁར་སི་ལི་གུ་རི་གི་བར་ལམ་གིས་སོ་སོར་ཕྱེས་ཡོདཔ་དང་ འབྲུག་རྒྱལ་ཁབ་ལས་རྒྱ་གར་གྱི་མངའ་ཁོངས་སི་ཀིམ་གིས་སྦེ་སོ་སོར་ཕྱེས་ཡོདཔ་ཨིན།<ref>ཝི་ཀི་པི་ཌི་ཡ། (ལོ་མེད།) ནེ་པཱལ། <nowiki>https://en.wikipedia.org/wiki/Nepal</nowiki></ref>
རྒྱལ་ཁབ་འདི་ཡུན་རིངམོ་སྦེ་ རྒྱུད་པའི་བློན་ཆེན་རྣམས་ཀྱི་སྐྱོང་སྟེ་ ལུས་ཡོདཔ་དང་ རྒྱལ་ཁབ་འདི་གཞན་ཕྱི་རྒྱལ་ཁབ་ཚུ་དང་འབྲེལ་བ་མ་འཐབ་པར་ རང་རྐྱང་སྦེ་གནས་ཡོདཔ་ཨིན། ཨིན་རུང་ ༡༩༥༠ ལུ་ཕོ་བྲང་གི་ངོ་རྒོལ་ (palace revolt) འབད་ཞིནམ་ལས་ཚུར་ གཞན་མི་རྒྱལ་ཁབ་ཚུ་དང་འབྲེལ་བ་འཐབ་ནི་འགོ་བཙུགས་ཡོདཔ་ཨིན་མས། སྤྱི་ལོ་ ༡༩༥༡ ལོ་ རྒྱལ་བརྒྱུད་ཀྱི་རྒྱལ་ཁབ་སྦེ་ལོག་གཞི་བཙུགས་གནང་ནུག། སྤྱི་ལོ་ ༡༩༥༥ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་སྦེ་འཛུལ་ཞུགས་འབད་ཡོདཔ་་ཨིན། དེ་ལས་ སྤྱི་ལོ་ ༡༩༩༡ ལུ་ རྒྱལ་ཁབ་ནང་ ཚོགས་པ་མངམ་གི་སྐྱོང་པའི་སྤྱི་ཚོགས་ཀྱི་ལམ་ལུགས་ཅིག་གཞི་བཙུགས་འབད་ནུག། ཨིན་རུང་ དེའི་ཤུལ་ལུ་ གཞུང་དང་མ་ཝིསི་ གི་བར་ན་ ནང་འཁོད་འཛིང་འཁྲུགས་ བྱེལཝ་དང་དམག་དང་ ནང་འགྲིག་མང་རབས་བྱུང་པའི་ཤུལ་ལུ་ སྤྱི་ལོ་ ༢༠༠༨ ལུ་ རྒྱལ་བརྒྱུད་ཀྱི་རིང་ལུགས་འདི་ ཆ་མེད་བཏང་ནུག། དེ་ལས་ནེ་པཱལ་འདི་ དམངས་གཙོ་ཅན་གྱི་བཙག་འཐུའི་གཞུང་ལྡན་རྒྱལ་ཁབ་སྦེ་བཟོ་གནང་ནུག།<ref>བིརི་ཊ་ནི་ཀ། (༢༠༢༥།) ནེ་པཱལ། <nowiki>https://www.britannica.com/place/Nepal</nowiki></ref> སྔོན་མ་རྒྱལ་ཁབ་འདི་ འཛམ་གླིང་ནང་ཧིན་དུ་གི་ཆོས་ཀྱི་དབུ་ཁྲིད་ཀྱི་དབང་བའི་རྒྱལ་ཁབ་ཅིག་སྦེ་གནས་རུང་ ད་རེས་ཆོས་དང་མ་འབྲེལ་བའི་དབུ་ཁྲིད་ཀྱི་སྐྱོང་སྟེ་ཡོདཔ་ཨིན།
ནེ་པཱལ་ལུ་ སའི་ཆགས་ཚུལ་མ་འདྲཝ་ཡོད་མི་དེ་ཡང་ ས་བཅུད་ལྡན་པའི་ཐང་དང་ ས་ཁ་མཐོ་དམན་རན་པའི་ནགས་ཚལ་ དེ་ལས་ འཛམ་གླིང་གི་གངས་རི་སྦོམ་ཤོས་བརྒྱད་ཚུ་ཡོདཔ་ཨིན། འཛམ་གླིང་གི་གངས་རི་མཐོ་ཤོས་ མའུནཊ་ཨེ་ཝེ་རེསི་ཡང་བལ་པོ་ལུ་ཡོདཔ་མ་ཚད་ གངས་རི་མཐོ་དྲགས་ཀཱན་ཆན་ཇུང་ག་ཡང་ ནེ་པཱལ་ལུ་ཡོདཔ་ཨིན། བལ་པོ་གི་རྒྱལ་ས་ལྟེ་བ་འདི་ [[ཀཊི་མཱན་ཌུ|ཀཱཊ་མཱན་ཌུ་]]ཨིནམ་དང་ རྒྱལ་ས་འདི་རྒྱལ་ཁབ་ཀྱི་ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན། ནེ་པཱལ་འདི་ མི་རིགས་མ་འདྲཝ་དང་ཁ་སྐད་ཀྱི་ཕྱུགས་པའི་རྒྱལ་ཁབ་ཨིནམ་དང་ དེ་ནང་ལམ་སྲོལ་ཡང་སྣ་ཚོགས་ཡོདཔ་ཨིན། ནེ་པཱལ་གྱི་གཞུང་འབྲེལ་སྐད་ཡིག་འདི་ ནེ་པ་ལི་ཨིན།<ref>ཝི་ཀི་པི་ཌི་ཡ། (ལོ་མེད།) ནེ་པཱལ། <nowiki>https://en.wikipedia.org/wiki/Nepal</nowiki></ref> ནང་པའི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་སྐུ་བལྟམས་པའི་ས་གནས་ལུམ་བི་ནི་ཡང་ནེ་པཱལ་ལུ་ཡོདཔ་ཨིན།<ref>ཝི་ཀི་པི་ཌི་ཡ། (ལོ་མེད།) ནེ་པཱལ། <nowiki>https://simple.wikipedia.org/wiki/Nepal</nowiki></ref>
རྒྱལ་ཁབ་ནང་ གཙང་ཆུ་ཁག་ཆེ་ཏོག་ཏོ་དང་ཆུ་བོ་ཚུ་ཡོདཔ་ཨིན། གཙང་ཆུ་ཀོ་ཤི་ གན་ད་ཀི་དང་ཀར་ན་ལི་གསུམ་ ཧི་མ་ལ་ཡ་གངས་རིའི་ཁཝ་ལས་བརྒྱུད་དེ་ བྱག་ལས་ ཊེ་རའེ་ཐང་ལས་སྦེ་ མཐའ་མཇུག་ལུ་ ཆུ་མོ་གངྒ་དང་བསྡོམས་ཨིན། ཆུ་མོ་ཚུ་ཆུ་འབྲེལ་མཐུན་རྐྱེན་དང་ ཆུར་བརྟེན་གློག་མེ་ སོ་ནམ་ཞིང་ལཱ་དང་ འགྲུལ་སྐྱོད་ཀྱི་དོན་ལུ་མེད་ཐབས་མེདཔ་ཅིག་ཨིན་པས།<ref>ཝརལཌ་ཨེཌ་ལསི། (༢༠༢༤།) མེབསི་ཨོཕ་ནེ་པཱལ། <nowiki>https://www.worldatlas.com/maps/nepal</nowiki></ref> དེ་བཟུམ་སྦེ་ ར་ར་མཚོ་དང་ ཕི་ཡ་མཚོ་ ཏི་ལི་ཆོ་མཚོ་ཚུ་ཡོདཔ་ཨིན།
ནེ་པཱལ་རྒྱལ་ཁབ་འདི་བདག་སྐྱོང་གི་མངའ་ཁོངས་བདུན་ལུ་དབྱེ་སྟེ་ཡོདཔ་ཨིནམ་དང་ མངའ་ཁོངས་ཚུ་ཡན་ལག་རྫོང་ཁག་ལུ་བགོ་སྟེ་དབྱེ་ཡོདཔ་དང་ རྫོང་ཁག་ལས་ ཁྲོམ་སྡེ་དང་གྲོང་གསེབ་ཀྱི་ཁྲོམ་ལུ་དབྱེ་སྟེ་ཡོདཔ་ཨིན། མངའ་ཁོངས་བདུན་པོ་ཡང་ པརཱ་ཌེཤ་དང་ བག་མ་ཊི་ གཱན་ད་ཀི་ ཀར་ན་ལི་ ཀ་ཤི་ ལུམ་བི་ནི་ མ་དེཤ་དང་ སུ་དུར་པཤ་ཆིམ་ཚུ་ཨིན།<ref>དྷ་ཝརལཌ་ཕེགཊ་བྷུག། (༢༠༢༥།) ནེ་པཱལ། <nowiki>https://www.cia.gov/the-world-factbook/countries/nepal/</nowiki> </ref> རྒྱལ་ཁབ་ཀྱི་མི་རློབས་ཀྱི་གྱངས་ཁ་ ༢༨༦༠༨༧༡༠ ཡོདཔ་སྦེ་བཀོད་དེ་ཡོདཔ་དང་ མི་རློབས་ཚུ་ཡང་ ལྷོ་ཕྱོགས་ཊེ་རའེ་ལུང་པའི་ཐང་དང་ དབུས་ཕྱོགས་བྱག་ཡོད་པའི་ས་གནས་ཚུ་ནང་ བགོ་སྟེ་འདྲན་འདྲ་མཚམས་ཅིག་བཀྲམ་སྟེ་ཡོདཔ་ཨིན།<ref>དྷ་ཝརལཌ་ཕེགཊ་བྷུག། (༢༠༢༥།) ནེ་པཱལ། <nowiki>https://www.cia.gov/the-world-factbook/countries/nepal/</nowiki></ref> རྒྱལ་ཁབ་ཀྱི་མི་རློབས་ཀྱི་གྱངས་ཁ་འདི་ སྤྱིར་བཏང་ལུ་ཉུངམ་ཨིན་མས།<ref>ཝརལཌ་ཨེཌ་ལསི། (༢༠༢༤།) མེབསི་ཨོཕ་ནེ་པཱལ། <nowiki>https://www.worldatlas.com/maps/nepal</nowiki></ref> རྒྱལ་ཁབ་ཀྱི་ཏི་རུ་འདི་ ནེ་པཱལ་གྱི་རུ་པི་ཟེར་མི་འདི་ཨིན།
རྒྱལ་ཁབ་ཀྱི་གནམ་གཤིས་འདི་ ལ་ཁ་མཐོ་ས་འབད་བ་ཅིན་ གནམ་བྱཱར་ལུ་བསིལ་དྲོད་ལྡན་པའི་ཁར་ གནམ་དགུན་ལུ་གནམ་མེད་ས་མེད་གྱང་དོ་ཡོདཔ་ཨིན། དེ་བཟུམ་སྦེ་མཐའ་ས་ལུ་སྡོད་མི་ཚུ་ གནམ་བྱཱར་ལུ་ཚདཔ་འཚིགས་པའི་ཁར་ གནམ་དགུན་ལུ་ ཚ་དྲོད་རན་ཏོག་ཏོ་སྦེ་སྡོདཔ་ཨིན་པས། རང་བཞིན་གྱི་ཐོན་ཁུངས་ལས་ ཤེལ་རྡོ་དང་ ཆུ་ ཤིང་ཆས་ ཆུར་བརྟེན་གློག་མེ་ རྡོ་སོལ་ ཟངས་ ལྕགས་ཟས་ཀོ་བལཊ་ ལྕགས་གཞན་ཚུ་ཡོདཔ་ཨིན།<ref>དྷ་ཝརལཌ་ཕེགཊ་བྷུག། (༢༠༢༥།) ནེ་པཱལ། <nowiki>https://www.cia.gov/the-world-factbook/countries/nepal/</nowiki></ref>
ཆོགས་ལུགས་ཀྱི་ཐད་དུ་བཏང་པ་ཅིན་ ཧིན་དུ་དང་ནང་པའི་ཆོགས་ལུགས་འཛིན་མི་ མུཛ་ལིམ་དང་ ཀི་རཊ་ ཡེ་ཤུའི་ཆོགས་ལུགས་དང་ ཆོགས་ལུགས་གཞན་འཛིན་མི་ཚུ་ཡོདཔ་སྦེ་བཀོད་དེ་འདུག།<ref>དྷ་ཝརལཌ་ཕེགཊ་བྷུག། (༢༠༢༥།) ནེ་པཱལ། <nowiki>https://www.cia.gov/the-world-factbook/countries/nepal/</nowiki></ref><gallery class=center caption="བལ་ཡུལ་">
Kathmandu-Durbar Square-36-Jagannath-Vishnu-Kageshwor-2007-gje.jpg|ཀཊི་མཱན་ཌུ
Pashupatinath-Mrigasthali-42-Glocke-2014-gje.jpg|པཱ་ཤུ་པཏི་ནཱཐ།
Bhaktapur-Palast der 55 Fenster-20-Schnitzerei-2013-gje.jpg|བྷག་ཏ་པུར།
Changu Narayan-Skulptur-18-Narasimha Vishnu-2014-gje.jpg|ཅང་ནཱ་ར་ཡན།
Patan-Palastplatz-10-Yoganarendramallasaeule-2013-gje.jpg|པ་ཏན།
Dingboche to Chhukung-78-Imja Tse-Ama Dablam-Taboche-Panorama-2007-gje.jpg|ཧི་མ་ལ་ཡ།
Dzongla to Lobuche-84-Weg nach Lobuche-2007-gje.jpg|ཧི་མ་ལ་ཡ།
Mustang-Lo Gekar-28-Lhatos-Gebetsfahnen-2015-gje.jpg|མུ་སྟང་།
Mustang-Ghami to Lo Gekar-32-2015-gje.jpg|མུ་སྟང་།
</gallery>
== རྒྱབ་རྟེན། ==
<references/>
{{Asia}}
{{stub}}
[[Category:རྒྱལ་ཁབ]]
[[Category:ཨེ་ཤི་ཡ]]
[[Category:བལ་ཡུལ་]]
fww76x2u6mb9uiobdsndc3zz6xevr2d
བཀབ་ནེ།
0
5092
39534
29804
2026-03-29T10:59:54Z
~2026-19547-35
13305
39534
wikitext
text/x-wiki
[[Image:Gho.jpg|197px|right]]
'''བཀབ་ནེ'''་ཟེར་མི་འདི་ སྔོན་དང་ཕུ་ལས་ར་ གཞན་དང་མ་འདྲ་བའི་ཁྱད་ཆོས་ རང་ལུགས་སྒྲིག་ལམ་དང་མཐུནམ་སྦེ་ འབྲུག་མི་ཆེ་འབྲིང་ཆུང་གསུམ་གྱིས་ རང་སོའི་གོ་གནས་དང་འཁྲིལ་བཀབ་མི་ལུ་སླབ་ཨིན། '''སྤྱིར་འཛམ་གླིང་ནང་བཀབ་ནེ་དར་ཚུལ།'''
འཛམ་གླིང་ནང་བཀབ་ནེ་འགོ་ཐོག་དར་ཚུལ་དེ་ཡང་ ཧེ་མ་ སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་ འཁོར་རྣམ་པ་བཞི་ལུ་འདུལ་ཁྲིམས་བཅའ་སྟེ་གནངམ་ད་ ཆོས་གོས་རྣམ་གསུམ་གྱི་ཁྱད་པར་ཚུ་མཛད་དེ་ བཀབ་ནེ་འདི་གཙོ་བོ་ར་གུས་ཞབས་ཀྱི་དོན་ལུ་དང་ བསྙེན་རྗོགས་དང་བསྙེན་རྗོགས་མིན་པའི་དགེ་སློང་ཚུ་གི་བར་ན་ ཁྱད་པར་ཕྱེ་ནིའི་དོན་ལུ་བཀབ་དགོཔ་སྦེ་གསུངས་ཞིནམ་ལས་ཚུར་བཀབ་སྲོལ་བྱུང་ནུག།
'''འབྲུག་ཡུལ་འདི་ནང་བཀབ་ནེ་དར་ཚུལ།'''
རྒྱལ་གཟིམ་དྲགོས་རྡོ་རྗེ་རྒྱལ་མཚན་ (གནམ་ལོ་མེད་ ༡༩༩༩ ཤོག་གྲངས་ ༥༥) གྱིས “འབྲུག་ཡུལ་ལུ་ཡང་ ཧེ་མ་དུས་རབས་བརྒྱད་པའི་ནང་ གུ་རུ་རིན་པོ་ཆེ་བྱོན་ཏེ་ མོན་པ་འདི་ཚུ་ག་ར་ ཐེག་ཆེན་རྡོ་རྗེ་ཐེག་པའི་གདུལ་ཞིང་ལུ་གཟིགས་ཏེ་ སྲོག་མི་གཅད་པ་ལ་སོགས་པའི་དགེ་བསྙེན་གྱི་སྡོམ་པ་གནང་སྟེ་ སྐྲ་བཅད་སྔགས་ལམ་ལུ་ཞུགས་པའི་རྟགས་སུ་ མི་སྐྱ་ག་ར་ལུ་ བཀབ་ནེའི་ཚོས་གཞི་དཀརཔོ་དང་དགེ་སློང་གི་རིགས་ལུ་ འདུལ་བ་ལས་གསུངས་པའི་ཆོས་གོས་རང་འཇགས་མཛད་དེ་གནང་འདུག་པ་འདི་ལས་བཟུང་སྟེ་ གཙོ་བོར་ཆོས་ཀྱི་མཛད་སྒོ་དང་འབྲེལ་བའི་སྐབས་ གུས་ཞབས་ཀྱི་དོན་ལུ་བཀབ་སྲོལ་བཙུགས་བཙུགསཔ་ཨིན་མས།”
'''བཀབ་ནེའི་ལག་ལེན།'''
བཀབ་ནེ་འདི་ང་བཅས་རའི་རྒྱལ་ཁབ་ནང་ རྗོང་གཞི་ཁག་དང་ལྷ་ཁང་དགོན་སྡེ། གཞུང་གི་ཡིག་ཚང་ཚུ་ནང་འགྱོ་བའི་སྐབས་དང་ དེ་ལས་ མི་དབང་མངའ་བདག་རིན་པོ་ཆེ་དང་ རང་ལས་མཐོ་བའི་གོངམ་དེ་ཚུ་དང་ མཇལ་ཕྲད་འབད་བའི་སྐབས་ བཀབ་སྲོལ་ཡོདཔ་ཨིན།
བཀབ་ནེ་འདི་ སྤྱིར་བཏང་མི་སྐྱ་ལས་འགོ་བཟུང་སྟེ་ རྒྱལ་ཁབ་ཀྱི་དབུ་ཁྲིད་མཛད་མི་ མི་དབང་མངའ་བདག་རྒྱལ་པོ་ཚུན་ཚོད་ཀྱི་བར་ན་ རང་ར་སོ་སོའི་གོ་ས་དང་གོ་གནས་ཀྱི་ཐོབ་ལམ་དང་འཁྲིལ་ བཀབ་དགོཔ་ཨིན།
ཞབས་ཁྲ་རྐྱབ་མི་དང་ཆིབས་གྲལ་གྱི་སྐབས་སུ་ བཀབ་ནེ་འདི་བཀབ་སྲོལ་ཡོདཔ་དང་ ཧེ་མའི་དུས་ལུ་འབད་བ་ཅིན་ ཕར་ཚུར་འགྲོ་འགྲུལ་འབད་བའི་སྐབས་ ཅ་ལ་འདི་ཚུ་འབག་ནིའི་དོན་ལས་ཡང་ ལག་ལེན་འཐབ་སྲོལ་ཡོདཔ་ཨིན་མས།
'''གོ་གནས་དང་བསྟུན་ཏེ་བཀབ་ནེའི་དབྱེ་བ།'''
'''༡ མངའ་བདག་རིན་པོ་ཆེའི་ན་བཟའ།'''ན་བཟའི་ཚོས་གཞི་འདི་སེརཔོ་ཨིན། ན་བཟའ་གི་རྒྱ་ཚད་འདི་མཐོ་དྲུག་དང་ལག་གང་ དཀྱུས་ཚད་འདི་མཐོ་ཉེར་གཅིག་རལཔ་མེདཔ་སྦེ་ཨིན།
'''༢ ཀྲོང་གསར་དཔོན་སློབ་ཀྱི་ན་བཟའ།''' ན་བཟའི་ཚོས་གཞི་འདི་ལུང་སེར་ཨིན། ན་བཟའི་རྒྱ་ཚད་མཐོ་དྲུག་དང་ལག་གང་ དཀྱུས་ཚད་འདི་མཐོ་ཉེར་གཅིག་ རལཔ་མེདཔ་སྦེ་ཨིན།
'''༣ སྐུ་འཁོར་གྱི་ན་བཟའ།''' ན་བཟའི་ཚོས་གཞི་འདི་ལི་ཝང་ཁ་གནག་སུ་ཅིག་ཨིན། ན་བཟའི་རྒྱ་ཚད་མཐོ་དྲུག་དང་ལག་གང་ དཀྱུས་ཚད་མཐོ་ཉེར་གཅིག་རལཔ་མེདཔ་སྦེ་ཨིན།
'''༤ བློན་པོའི་ན་བཟའ།''' ན་བཟའི་ཚོས་གཞི་འདི་ལི་ཝང་ཨིན། རྒྱ་ཚད་མཐོ་དྲུག་དང་ལག་གང་ དཀྱུས་ཚད་མཐོ་ཉེར་གཅིག་རལཔ་མེདཔ་སྦེ་ཨིན།
'''༥ ལྷན་རྒྱས་འོག་མའི་ན་བཟའ།''' ན་བཟའི་ཚོས་གཞི་ལུང་དམར་ཨིན། རྒྱ་ཚད་མཐོ་ལྔ་དང་ལག་གང་ དཀྱུས་ཚད་མཐོ་ཉེར་གཅིག་རལཔ་མེདཔ་སྦེ་ཨིན།
'''༦ དཔོན་གཉིས་སྐལ་མའི་ན་བཟའ།''' ན་བཟའི་ཚོས་གཞི་དམརཔོ་ཨིན། རྒྱ་ཚད་མཐོ་ལྔ་དང་ལག་གང་ དཀྱུས་ཚད་མཐོ་ཉེར་གཅིག་རལཔ་མེདཔ་སྦེ་ཨིན།
'''༧ ཆེད་བསྟོད་ཅན་གྱི་འཐུས་མི།''' བཀབ་ནེའི་ཚོས་གཞི་ཧོནམ་ཨིན། རྒྱ་ཚད་མཐོ་ལྔ་དང་ལག་གང་ དཀྱུས་ཚད་མཐོ་ཉེར་གཅིག་རལཔ་མེདཔ་སྦེ་ཨིན།
'''༨ རྫོང་བདག།''' བཀབ་ནེའི་ཚོས་གཞི་དམར་པོའི་སྦུག་ལས་དཀརཔོ་ལག་གང་དང་ རྒྱ་ཚད་མཐོ་ལྔ་དང་ལག་གང་ དཀྱུས་ཚད་མཐོ་ཉེར་གཅིག་རལཔ་མེད་པ་ཨིན།
'''༩''' '''དྲང་དཔོན།''' བཀབ་ནེའི་ཚོས་གཞི་ལྕང་ཁ་དང་ རྒྱ་ཚད་མཐོ་ལྔ་དང་ལག་གང་ དཀྱུས་ཚད་མཐོ་ཉེར་གཅིག་རལཔ་མེད་པ་ཨིན།
'''༡༠ རྫོང་རབ།''' བཀབ་ནེའི་ཚོས་གཞི་འདི་དཀརཔོ་ཨིནམ་དང་ དཀར་པོའི་སྦུག་ལས་དམརཔོ་ལག་གང་ཡོདཔ་ཨིན། དཀྱུས་ཚད་རལཔ་དང་བཅས་མཐོ་ཉེར་གཅིག་ཨིན།
'''༡༡ ཁྲོམ་དཔོན།''' བཀབ་ནེའི་ཚོས་གཞི་དཀརཔོ་དང་ མཐའ་འཇའ་གཉིས་ལས་ཧོ་ཐིག་ཅན་ཨིནཅ་གཉིས་རེ་སྦེ་མི་གསུམ་ཡོདཔ་ཨིན། བཀབ་ནེའི་རྒྱ་ཚད་འདི་མཐོ་གསུམ་དང་ལག་གང་ཨིནམ་དང་ དཀྱུས་ཚད་རལཔ་དང་བཅས་མཐོ་ཉེར་གཅིག་ཨིན།
'''༡༢ དྲང་རབ།''' བཀབ་ནེའི་ཚོས་གཞི་འདི་དཀརཔོ་དང་ དཀར་པོའི་སྦུག་ལས་ལྕང་ཁ་ལག་གང་ཡོདཔ་ཨིན། བཀབ་ནེའི་རྒྱ་ཚད་འདི་མཐོ་གསུམ་དང་ལག་གང་ཨིནམ་དང་ དཀྱུས་ཚད་རལཔ་དང་བཅས་མཐོ་ཉེར་གཅིག་ཨིན།
'''༡༣ རྒཔོ།''' བཀབ་ནེའི་ ཚོས་གཞི་ཁ་དམར་ཨིནམ་དང་ རྒྱ་ཚད་མཐོ་བཞི་དང་ དཀྱུས་ཚད་རལཔ་དང་བཅས་མཐོ་ཉེར་གཅིག་ཨིན།
'''༡༤ སྤྱིར་བཏང་གི་བཀབ་ནེ།''' སྤྱིར་བཏང་གི་བཀབ་ནེ་འདི་ཚོས་གཞི་དཀརཔོ། རྒྱ་ཚད་མཐོ་གསུམ་དང་ལག་གང་ དཀྱུས་ཚད་འདི་རལཔ་དང་བཅས་མཐོ་ཉེར་གཅིག་ཨིན།
'''རྒྱབ་རྟེན།'''
༡ རྒྱལ་གཟིམ་དྲགོས་རྡོ་རྗེ་རྒྱལ་མཚན། (གནམ་ལོ་མེད་ ༡༩༩༩ ) ''ནོར་བུའི་འཕྲེང་བ།'' ཀུན་གསལ་རང་སྐྱོང་ལས་འཛིན།
[[Category:འབྲུག་པའི་གྱོན་ཆས།]]
adoze4hjvjne04y5em9q9f5dneehe5p
39535
39534
2026-03-29T11:00:03Z
~2026-19547-35
13305
39535
wikitext
text/x-wiki
[[Image:Gho.jpg|right]]

pphdwg7eei91p1bu2ozs3axys0fnkrm
ཝི་ཡཏ་ནམ
0
6538
39540
39440
2026-03-29T11:19:46Z
~2026-19547-35
13305
39540
wikitext
text/x-wiki
{{Country2
|name = ཝི་ཡཏ་ནམ
|flag = Flag of Vietnam.svg
|map = Vietnam (orthographic projection).svg
|capital =
|area = 331 344,82
|population = 102 300 000
}}
'''ངོ་སྤྲོད།'''
ཝེཊ་ནམ་འདི་ ཨེ་ཤི་ཡ་གི་ཤར་ལྷོ་ལུ་ཆགས་ཏེ་ཡོདཔ་དང་ བྱང་ཕྱོགས་ལུ་ རྒྱ་ནག་དང་ ས་མཚམས་ རྒྱ་ནག་དང་ལྡནམ་སྦེ་ཡོད། ནུབ་ཕྱོགས་ལུ་ ལ་ཨོསི་དང་ ཀེམ་བོ་ཌི་ཡ་དང་ ཤར་ཕྱོགས་ལུ་ ལྷོ་རྒྱ་ནག་གི་རྒྱ་མཚོ་ཚུ་བསྡོམས་ཏེ་ཡོདཔ་ཨིན། འདི་གི་རྒྱ་ཚད་ ས་གོ་གྲུ་བཞི་ཀི་ལོ་མི་ཊར་ ༣༣༡,༢༡༠ དེ་ཅིག་ཁྱབ་སྟེ་ཡོདཔ་ལས་ ལུང་ཕྱོགས་འདི་ནང་གི་རྒྱལ་ཁབ་ཆུང་ཤོས་ཅིག་ཨིན་མས། རྒྱལ་ཁབ་འདི་ འཛམ་གླིང་གི་ས་ཆ་མ་འདྲཝ་ཚུ་ཡོད་པའི་ཁར་ འདི་ཡང་ དྲོ་བ་ཚ་དྲོད་ཀྱི་ནགས་ཚལ་དང་ གངས་རི་རྒྱུད་ དེ་ལས་ ས་ཆ་མང་རབས་ཅིག་ཐོན་སྐྱེད་དང་ལྡན་པའི་མཚོ་འགྲམ་རིངམོ་ཅིག་ཨིནམ་དང་ དེ་ཡང་ མེ་ཀོང་ལུང་གཤོང་དང་ རེཌ་གཙང་ཆུའི་ལུང་གཤོང་ཚུ་ སོ་ནམ་གྱི་ས་གོ་གལ་ཅན་ཅིག་སྦེ་ཆ་བཞགཔ་ཨིན་མས།
'''རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ།'''
བྱང་ཕྱོགས་ཁ་ཐུག་ལུ་ཆགས་ཡོད་པའི་ཝེཊ་ནམ་གི་རྒྱལ་ས་ལྟེ་བ་འདི་ཧ་ནོའི་ཨིན། ཧཱ་ནོའི་འདི་ བྱུང་རབས་ཕྱུགཔོ་ སྔར་སྲོལ་གྱི་བཟོ་བཀོད་རིག་པ་དང་ སྤྲོ་ཤུགས་ཅན་གྱི་ལམ་སྲོལ་ལུ་ཡོངས་གྲགས་ཡོད། ཁྲོམ་སྡེ་སྦོམ་ཤོས་འདི་ ལྷོ་ཕྱོགས་ལུ་ཆགས་ཡོད་པའི་ ཧོ་ཅི་མིན་ཁྲོམ་སྡེ་ ༼སའི་གཱོན༽ འདི་ དཔལ་འབྱོར་གྱི་ལྟེ་བ་གཙོ་བོ་ཅིག་ཨིནམ་དང་ དེང་སང་གི་མི་སྣ་སྣ་མང་གི་ཚོར་བ་ཡོདཔ་ཨིན། གལ་གནད་ཅན་གྱི་ཁྲོམ་སྡེ་གཞན་ཡང་ ཝེཊ་ནམ་གྱི་དབུས་ཕྱོགས་ལུ་ མཚོ་འགྲམ་གྱི་ཁྲོམ་སྡེ་ ཌ་ན་ང་དང་ དང་ཕུའི་རྒྱལ་འཛིན་གྱི་དོན་ལུ་ཡོངས་གྲགས་ཡོད་པའི་ ཧིཝ་ཚུ་ཨིན།
'''མི་རློབས།'''[[File:Vietnam (orthographic projection).svg|thumb|236x236px|'''ཝི་ཡཏ་ནམི་ས་གནས།''']]བེཊ་ནམ་ལུ་ མི་ས་ཡ་ ༩༧ ལྷགཔ་ཅིག་གི་མི་རློབས་ཡོདཔ་ལས་ རྒྱལ་ཁབ་འདི་ འཛམ་གླིང་ནང་ མི་རློབས་མཐོ་ཤོས་ཀྱི་གྲལ་ལས་ ༡༥ པ་ནང་ཚུད་དེ་ཡོད། མི་རློབས་འདི་ མང་ཆེ་བ་ར་ ཝིཊ་ན་མིསི་གི་མི་རིགས་ཨིནམ་ད་ མི་རློབས་བརྒྱ་ཆ་༨༥ དེ་ཅིག་ ཀོན་གི་མི་སེར་གྱིས་བཟོཝ་ཨིན་མས། དེ་ཁར་མི་རིགས་ཆུང་བའི་རིགས་ ཊེ་ ཧཱེམ་ཨོང་དང་ཁེ་མཱར་ལ་སོགས་པ་ཚུ་ཡང་མ་འདྲཝ་ལེ་ཤ་ར་ཡོདཔ་ཨིན། མི་རློབས་འདི་ གཞོནམ་ཅིག་ཨིནམ་དང་ སྐྱེས་ལོ་ཕྱེད་ཀ་དང་ཕྱེད་ཀ་འདི་ སྐྱེས་ལོ་༣༠ དེ་ཅིག་གི་བར་ན་ཨིནམ་དང་ དམིགས་བསལ་གྱིས་ ཁྲོམ་ཚོགས་ཚུ་ནང་ལས་ཕར་ཡང་ ཁྲོམ་གྱི་རྒྱ་སྐྱེད་ཡར་སེང་འགྱོ་དོ་ཡོདཔ་ཨིན་མས།
'''མི་རིགས།'''
བེཊ་ནཱམ་གྱི་མི་རློབས་འདི་ ཧ་ལས་སི་སི་སྦེ་ བེཊ་ནཱམ་གྱི་མི་རིགས་ ༼ཀིན༽ ཟེར་མི་འདི་ལུ་ ཆ་བཞགཔ་མ་ཚད་ རྒྱལ་ཁབ་འདི་ནང་མི་རིགས་མ་འདྲཝ་ ༥༠ ལྷགཔ་ཅིག་ཡང་ སྡོད་དོ་ཡོདཔ་ཨིན། སྡེ་ཚན་དེ་ཚུ་ གཙོ་བོ་ར་ བྱང་ཕྱོགས་དང་ དབུས་ཕྱོགས་ས་ཁ་མཐོ་ས་ཀྱི་ གངས་རི་ཅན་གྱི་ལུང་ཕྱོགས་ཚུ་ནང་ འབྲེལ་གཏོགས་འབད་དེ་ཡོདཔ་ཨིན། གྲངས་ཉུང་སྡེ་ཚན་སྦོམ་ཤོས་དག་པ་ཅིག་ནང་ཊེ་ཧཱེམ་མཱོང་དང་ཁེ་མཱར་ཚུ་ཚུདཔ་ཨིན། བེཊ་ནམ་གི་ལམ་སྲོལ་སྣ་ཚོགས་འདི་ཁོང་གི་གཞན་དང་མ་འདྲ་བའི་ལུགས་སྲོལ་དང་ཁ་སྐད་ དེ་ལས་དུས་སྟོན་ཚུ་ནང་བརྡ་མཚོན་སྟོནམ་ཨིན།
'''སྐད་ཡིག།'''
བེཊ་ནམ་གི་གཞུང་འབྲེལ་ཁ་སྐད་འདི་ཧ་ལམ་མི་རློབས་ག་ར་གིས་སླབ་མི་བེཊ་ནམ་གྱི་ཁ་སྐད་འདི་ཨིན། འདི་བཟུམ་སྦེ་མི་རིགས་ཀྱི་སྡེ་ཚན་ཚུ་གི་ནང་ལས་ ཧི་མོང་དང་ཏེའེ་དེ་ལས་ཁེ་མཱར་ཚུ་བརྩིས་ཏེ་ གྲངས་ཉུང་གི་ཁ་སྐད་ལེ་ཤ་ར་སླབ་སྟེ་འདུག། ཝེཊ་ན་མིསི་གི་ཁ་སྐད་འདི་སྒྲ་གདངས་མ་འདྲཝ་དྲུག་དང་འདི་ལེ་ཊིན་གསལ་བྱེད་འདི་ལག་ལེན་འཐབ་ཨིན།
'''རྒྱལ་རབས་དང་ཆོས་ལུགས།'''
ཝེཊ་ནམ་ལུ་ ལོ་ ༤༠༠༠ གི་སྔོན་མའི་བྱུང་རབས་རིངམོ་ཡོད། རྒྱལ་ཁབ་འདི་རྒྱ་ནག་དང་ཕེརེནཆི་གཉིས་ཆ་ར་གིས་དབང་ལུ་བསྡུ་ནུག། རྒྱ་ནག་གིས་ ལོ་བརྒྱ་སྟོང་ལྷགཔ་ཅིག་སྐྱོང་མི་འདི་གིས་ བེཌ་ནཱམ་གྱི་ལམ་སྲོལ་དང་གཞུང་སྐྱོང་གི་ལམ་ལུགས་ཚུ་བསྒྱུར་བཅོས་འབད་ཡོདཔ་དང་ དེ་དང་ཕྱདཔ་ད་ དུས་རབས་ ༡༩ པ་དང་ ༢༠ པའི་ནང་ལུ་ ཕེརེནཆི་གིས་དབང་བའི་ཤུལ་ལུ་ བཟོ་བཀོད་རིག་པ་དང་ཤེས་རིག་གི་ལམ་ལུགས་ཚུ་ནང་ འགྱུར་བ་འགྱོ་སྟེ་ར་ཡོདཔ་ཨིན་མས། བེཊ་ནམ་དམག་འཁྲུག་འདི་ བྱང་ཕྱོགས་དམངས་སྙོམས་རིང་ལུགས་དང་ལྷོ་ཕྱོགས་མ་རྩའི་རིང་ལུགས་ཀྱི་བར་ན་བྱུང་མི་འདི་ཡང་ སྤྱི་ལོ་༡༩༧༥ ལུ་རྒྱལ་ཁབ་འདི་དམངས་སྙོམས་རིང་ལུགས་ཀྱི་དབང་འོག་ལུ་ ལོག་གཅིག་བསྡོམས་འབད་དེ་མཇུག་བསྡུ་ནུག། ཝེཊ་ནམ་ལུ་ ཆོས་ལུགས་མང་ཆེ་བ་ནང་པའི་ཆོས་ལུགས་ རྗེས་སུ་འཇུག་དེ་ ཡེ་ཤུ་པ་དང་རྒྱལ་ཁབ་ཀྱི་ཡིད་ཆེས་ཚུ་ཡོདཔ་ཨིན། དེ་ཁར་མུཛ་ལིམ་ ཧིིན་དྷུ་དང་ཀོའུ་ཌའི་གི་མི་སྡེ་ཆུང་ཀུ་ཚུ་ཡང་འདུག།
'''གནམ་གཤིས།'''
ཝེཊ་ནམ་ལུ་བསིལ་དྲོད་གནས་སྟངས་ཀྱི་ས་དྲོ་སའི་ས་ཁོངས་དང་བསིལ་དང་སྐམ་ཀྲོག་ཀྲོ་གི་དུས་སོ་སོ་ཡོདཔ་ཨིན། བྱང་ཕྱོགས་ཀྱི་ལུང་ཕྱོགས་ཚུ་ནང་ གནམ་དགུན་གྱི་གྲང་བསིལ་བརྩིས་ཏེ་ ནམ་དུས་མ་འདྲཝ་བཞི་མྱོངམ་ཨིནམ་དང་ བྱང་ཕྱོགས་དང་དབུས་ཕྱོགས་ཀྱི་ལུང་ཕྱོགས་ཚུ་ནང་འབད་བ་ཅིན་ ལོ་གཅིག་གི་རིང་ལུ་ ས་དྲོ་སའི་དྲོད་ཚད་མང་སུ་སྦེ་འོངམ་ཨིན། གནམ་བྱཱར་གྱི་དུས་ལུ་ དམིགས་བསལ་གྱིས་ སྤྱི་ཟླ་ལྔ་པ་ལས་བཅུ་པ་ལུ་ ཆརཔ་ཤུགས་སྦེ་རྐྱབ་ཨིན།
'''གཞུང་སྐྱོང་།'''
ཝེཊ་ནམ་འདི་དམངས་དབང་རིང་ལུགས་ཀྱི་མི་སེར་རྒྱལ་ཁབ་ཅིག་ཨིནམ་དང་ཝེཊ་ནམ་གི་དམངས་སྙོམས་རིང་ལུགས་ཚོགས་པ་འདི་སྲིད་དོན་ཚོགས་པ་གཅིག་སྦེ་ཡོད། སྲིད་འཛིན་འདི་རྒྱལ་ཁབ་ཀྱི་དབུ་ཁྲིདཔ་ཨིན་པའི་ཁར་ བློན་ཆེན་འདི་གཞུང་གི་དབུ་ཁྲིདཔ་ཨིན། རྒྱལ་ཁབ་འདི་ ཚོགས་པ་གཅིག་གི་ལམ་ལུགས་ཀྱི་འོག་ལུ་ལཱ་འབདཝ་ཨིནམ་དང་ དམངས་སྙོམས་རིང་ལུགས་ཚོགས་པ་གིས་ སྲིད་དོན་གྱི་གནས་སྟངས་ཚུ་ ཚད་འཛིན་འབད་ཚུགས་ཏེ་ཡོདཔ་ཨིན། བེཊ་ནམ་གི་སྲིད་དོན་རིམ་ལུགས་འདི་ འདས་པའི་ལོ་ངོ་བཅུ་ཕྲག་ཚུ་ནང་ དཔལ་འབྱོར་གོང་འཕེལ་མགྱོགས་དྲགས་སྦེ་འགྱོ་སྟེ་ཡོད་རུང་ དམངས་གཙོའི་རིང་ལུགས་ཀྱི་རང་དབང་དང་ སྲིད་དོན་སྣ་ཚོགས་མེད་མི་ལུ་བརྟེན་ སྐྱོན་བརྗོད་འབད་ནུག།
'''དཔལ་འབྱོར།'''
ཝེཊ་ནམ་ལུ་རྒྱལ་ཁབ་དང་སྒེར་གྱི་ཚོང་ལས་གཉིས་ཆ་ར་ཡོད་པའི་དཔལ་འབྱོར་སླ་བསྲེ་བསྲེཔ་སྦེ་ཡོད། སྤྱི་ལོ་ ༢༠༢༣ ཚུན་འཁོད་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཌོ་ལར་ཐེར་འབུམ་ ༣༨༠ དེ་ཅིག་དང་གཅིག་ཁར་ རྒྱལ་ཁབ་ཀྱིས་ འདས་པའི་ལོ་ངོ་བཅུ་ཕྲག་དག་པ་ཅིག་ནང་ དཔལ་འབྱོར་གྱི་གོང་འཕེལ་འདི་ ཡ་མཚན་ཆེ་ཏོག་ཏོ་འགྱོ་ནུག། བཟོ་སྐྲུན་དང་སོ་ནམ་ དེ་ལས་ཞབས་ཏོག་ཚུ་ལས་སྡེ་གཙོ་བོ་ཨིན། རྒྱལ་ཁབ་ཀྱི་ཕྱིར་ཚོང་གཙོ་བོ་ར་ གློག་འཕྲུལ་དང་ཐགས་རིགས་དང་ཀཱ་ཕི་དང་མཚོ་ཟས་ཚུ་ཨིནམ་ད་ ནང་འདྲེན་འབད་མི་ཚུ་ཡང་ འཕྲུལ་ཆས་དང་མར་ཁུ་ དེ་ལས་ རྫས་སྦྱོར་ཚུ་ཨིན་མས། ཝེཊ་ནམ་འདི་ཡང་ ལས་མི་གི་རིན་ངོ་ཧ་ཅང་གིས་ཉུང་སུ་དང་ གཞི་རྟེན་མཁོ་ཆས་ཡར་དྲག་འགྱོ་མི་ལུ་བརྟེན་ ཕྱི་རྒྱལ་གྱི་མ་རྩ་བཙུགས་སའི་ས་གོ་ཡོངས་གྲགས་ཅན་ཅིག་ལུ་འགྱུར་ཏེ་ཡོདཔ་ཨིན།
'''ལམ་སྲོལ།'''
བེཊ་ན་མིསི་གི་ལམ་སྲོལ་འདི་ ནང་འཁོད་ལམ་སྲོལ་དང་ ཕྱི་ཁའི་ཤན་ཞུགས་ སླ་བསྲེ་རྐྱབ་སྟེ་ཡོདཔ་དང་ ལྷག་པར་དུ་ རྒྱ་ནག་དང་ཕརནསི་ལས་ཨིན་མས། ཝེཊ་ན་མིསི་གི་སྔར་སྲོལ་གྱི་སྒྱུ་རྩལ་དང་ རྩོམ་རིག་ དེ་ལས་ འཁྲབ་སྟོན་གྱི་རིག་རྩལ་ཚུ་ལུ་ གུས་ཞབས་ཡོདཔ་མ་ཚད་ དུས་སྟོན་ ཊེཊ་ཟེར་མིའི་ཟླཝ་གསར་ཚེས་འདི་ སྤྲོ་བ་སྦོམ་བསྐྱེད་དེ་ བརྩི་སྲུང་འབད་དེ་འདུག། བཞེས་སྒོ་ཕོ་དང་བཱན་མའེ་ དེ་ལས་ སེར་ཁའི་བཞེས་སྒོ་ཚུ་ རྒྱལ་སྤྱི་ལུ་ངོས་འཛིན་འབད་དེ་ཡོད་མི་འདི་གིས་ བཞེས་སྒོ་ཚུ་ཡང་ ཝེཊ་ན་མིསི་གི་ལམ་སྲོལ་གྱི་ཆ་ཤས་ཉེར་མཁོ་ཅན་ཅིག་ཨིན་མས།
'''ལྟ་བཤལ།'''
བེཊ་ནམ་ལུ་ ལྟ་བཤལ་གྱི་ལས་དོན་འདི་ འཕྲལ་ཁམས་ཅིག་ཁར་ གོང་འཕེལ་འགྱོ་ཡོདཔ་དང་ དེ་ཡང་ ཧ་ལོང་མཚོ་ཁུག་ ཧོའི་ཨན་དང་ སཱ་པ་ལུ་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ལས་ ལྟ་བཤལཔ་ཚུ་འོང་དོ་ཡོདཔ་ལས་ཨིན་མས། རྒྱལ་ཁབ་ཀྱི་ལམ་སྲོལ་དང་ རང་བཞིན་མཛེས་ཆ་ དེ་ལས་ རྒྱལ་རབས་ཅན་གྱི་ས་གོ་ཚུ་གིས་ ལྟ་བཤལཔ་ཚུ་ལུ་ སྤྲོ་བཤལ་དང་ མཚོ་མཐའི་བྱེ་ཐང་ཚུ་ནང་ ངལ་གསོ་འགྱོ་ནི། དེ་ལས་ དང་ཕུའི་ལྷ་ཁང་ཚུ་ བལྟ་བཤལ་འབད་ནིའི་ཉམས་མྱོང་ཚུ་ འཐོབ་ཚུགས་དོ་ཡོདཔ་ཨིན་མས།
'''གྱོན་ཆས།'''
བེཊ་ན་མིསི་གི་སྔར་སྲོལ་གྱི་གྱོན་ཆས་ཀྱི་གྲངས་སུ་ ཨའུ་ཌའི་ཟེར་དོརམ་གུར་གྱོན་མི་གོ་ལ་རིངམོ་འདི་ དུས་སྟོན་དང་གཉེན་གྱི་རྟེན་འབྲེལ་ཚུ་ནང་ མཐོང་དོ་ཡོདཔ་ཨིན་མས། དེང་སང་གི་བེཊ་ན་མིསི་ཚུ་གིས་ ཨ་རྟག་གི་མི་ཚེ་ནང་ སྤྱིར་བཏང་གི་ནུབ་ཕྱོགས་ཀྱི་ལུགས་སྲོལ་གྱི་གྱོན་ཆས་ཚུ་གྱོན་དོ་ཡོད་རུང་ ཨའུ་ཌའི་འདི་ ལམ་སྲོལ་གྱི་དཔའ་ཉམས་ཀྱི་བརྡ་མཚོན་སྦེ་ར་ལུསཔ་མས།
'''རྩེད་རིགས།'''
རྐང་རྩེད་(རྐང་རྩོ)འདི་ ཝེཊ་ནམ་ལུ་ཡོངས་གྲགས་ཡོད་པའི་རྩེདམོ་ཨིནམ་དང་ ད་རེས་ཀྱི་ལོ་ཚུ་ནང་ རྒྱལ་ཡོངས་སྡེ་ཚན་གྱི་དྲན་པ་ལེ་ཤ་བཀུག་སྟེ་ཡོད། སྒྲོ་རིལ་རྩེདམོ་དང་ལག་རིལ་རྩེདམོ་ཚུ་ཡང་ ཡོངས་གྲགས་ཅན་ཅིག་ཨིནམ་དང་ སྔར་སྲོལ་གྱི་དམག་རྩལ་གྱི་རྩེདམོ་ འོ་ཝི་ནམ་འདི་ཡང་ རྒྱལ་ཁབ་ཀྱི་ས་གནས་ཁག་ཚུ་ནང་ལས་ཕར་ སྦྱང་བ་འབད་དེ་འདུག།
'''བཞེས་སྒོ།'''
ཝེཊ་ན་མིསི་གི་བཞེས་སྒོ་འདི་ནང་རྫས་གསརཔ་དང་བྲོཝ་ལེགས་ཤོམ་ཡོདཔ་ལས་ཡོངས་གྲགས་ཡོདཔ་ཨིན། ཕོ་༼ནུའུཌ་ལུ༽ བན་མི་ ༼ཝེཊ་ན་མིསི་སེན་ཝིཅ༽ དང་ གོའི་ཀུའུན་ ༼སེརཔརིང་རོལ༽ ཚུ་ རྒྱ་ཆེ་དྲགས་སྦེ་ལོངས་སྤྱོད་དེ་ཡོད། ཁྲོམ་ལམ་གྱི་བཞེས་སྒོ་གི་ལམ་སྲོལ་འདི་ ཝེཊ་ན་མིསི་གི་མི་ཚེ་ནང་མེད་ཐབས་མེདཔ་ཅིག་ཨིནམ་དང་ འདི་ཡང་ ཚོང་པ་ཚུ་གིས་ བཞེས་སྒོ་དང་ཁ་ཟས་ལག་ཟས་ཞིམ་ཏོང་ཏོ་ཚུ་ རྒྱ་ཆེ་དྲགས་སྦེ་ གོ་རིམ་བསྒྲིག་སྟེ་བྱིན་དོ་ཡོདཔ་ལས་ཨིན་མས།
'''ཕྱི་འབྲེལ་མཐུན་ལམ།'''
ཝེཊ་ནམ་འདི་ རྒྱལ་སྤྱིའི་ཕྱི་འབྲེལ་སྲིད་སྐྱོང་གི་འཐུས་མི་ངར་ཡེང་ཡེ་སྦེ་འགྱོ་སྟེ་ཡོདཔ་དང་ ཨེ་ཤི་ཡ་ཡན་དང་ འཛམ་གླིང་ཚོང་འབྲེལ་ལས་ཁུངས་ ༼ཌབ་ལུ་ཊ༽ དེ་ལས་ ཨེ་ཤི་ཡ་དང་ཞི་བདེའི་དཔལ་འབྱོར་མཉམ་འབྲེལ་ ༼ཨེ་པི་ཨི་སི༽ ཚུ་ནང་ བཅའ་མར་གཏོགས་ཏེ་འདུག། རྒྱ་ནག་དང་ཀེམ་བོ་ཌི་ཡ་གི་ཁྱིམ་ཚང་རྒྱལ་ཁབ་ཚུ་དང་གཅིག་ཁར་ མཐུན་ལམ་འདི་ མང་ཤོས་ཅིག་ར་ མཉམ་འབྲེལ་ཅན་ཅིག་ཨིན་རུང་ ལྷོ་རྒྱ་ནག་གི་རྒྱ་མཚོ་ནང་ ས་མཚམས་ཀྱི་རྩོད་རྙོག་གིས་ ཚ་གྱང་ལང་པའི་གནད་དོན་ཚུ་ཐོན་ཏེ་འདུག།
'''མཇུག་དོན།'''
ཝེཊ་ནམ་འདི་གདོང་ལེན་ནུས་ཤུགས་སྦོམ་དང་ལམ་སྲོལ་ཕྱུགཔོ་ཡོད་པའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་གཞན་གྱི་རྒྱལ་ཁབ་ནང་དབང་བའི་བྱུང་རབས་དང་ དམག་འཁྲུག་གི་དུས་དེ་ལས་ཚུར་ དེང་སང་དཔལ་འབྱོར་གྱི་གནས་སྟངས་འདི་ འགྱུར་བ་ཅན་ཅིག་ལུ་འགྱུར་ཏེ་ཡོད་མི་དང་འབྲེལ་ ཝི་ཊན་ཨེམ་འདི་ སྔར་སྲོལ་དང་དེང་སང་གི་དུས་ལུ་ སེམས་ཤོར་སི་སི་གི་ཁྱད་པར་བཟོ་སྟེ་ གོང་འཕེལ་དང་གོང་འཕེལ་འགྱོ་ནི་གི་དོན་ལུ་ འཛམ་གླིང་གི་དྲན་བཀུག་འབད་དོ་ཡོདཔ་ཨིན།
'''རྒྱབ་རྟེན།'''
<nowiki>https://en.wikipedia.org/wiki/Vietnam</nowiki>
'''སྤྱི་ཚོགས་རིང་ལུགས་ཝི་ཡཏ་ནམ་སྤྱི་མཐུན་རྒྱལ་ཁབ།''' ([[ཝི་ཡཏ་ནམ་མི།]]: Cộng hòa Xã hội chủ nghĩa Việt Nam) ཡང་ན་ འཇམ་ཏོང་ཏོ་སྦེ་ '''ཝི་ཡཏ་ནམ'''འདི་ ཤར་ལྷོ་ཨེ་ཤི་ཡ་གི་རྒྱལ་ཁབ་ཅིག་ཨིན། ཝི་ཡཏ་ནམི་ཁྱིམ་མཚེས་རྒྱལ་ཁབ་ཚུ་ཡང་ [[རྒྱ་ནག]]་དང་[[ལའོ་སི།]][[ཀམ་བོ་ཌི་ཡ་|ཀམ་བོ་ཌི་ཡ]]. །ཝི་ཡཏ་ནམི་རྒྱལ་ས་ལྟེ་བ་ནི་ཧ་ནོའི་ཡིན། གྲོང་ཁྱེར་ཆེ་ཤོས་ནི་ཧོ་ཆི་མིན་གྲོང་ཁྱེར་(སྔོན་མའི་སའི་གོན་)ཡིན། ཝི་ཡཏ་ནམ་ནང་མི་གྲངས་ ༩༩༤༩༧༦༨༠ ཙམ་ཡོད།<ref>{{Cite web|title=Vietnam Population 1950-2023|url=https://www.macrotrends.net/countries/VNM/vietnam/population|access-date=2023-08-18|website=www.macrotrends.net}}</ref>
== པར་རིས། ==
<gallery>
File:Hanoi Montage.jpg|ཧ་ནོའི། - ཝི་ཡཏ་ནམ་གྱི་རྒྱལ་ས་ལྟེ་བ།
File:Vista de Ciudad Ho Chi Minh desde Bitexco Financial Tower, Vietnam, 2013-08-14, DD 13.JPG|ཧོ་ཆི་མིན་གྲོང་ཁྱེར། - ཝི་ཡཏ་ནམི་གྲོང་ཁྱེར་ཆེ་ཤོས།
</gallery>
== རྒྱབ་རྟེན། ==
<references/>
{{Asia}}
[[Category:Stub]]
[[Category:རྒྱལ་ཁབ]]
[[Category:ཨེ་ཤི་ཡ]]
eqqpakr05sujsykb01wt7lpincmtwv9
39541
39540
2026-03-29T11:20:04Z
~2026-19547-35
13305
39541
wikitext
text/x-wiki
{{Country2
|name = ཝི་ཡཏ་ནམ
|flag = Flag of Vietnam.svg
|map = Vietnam (orthographic projection).svg
|capital =
|area = 331 344,82
|population = 102 300 000
}}
'''ངོ་སྤྲོད།'''
ཝེཊ་ནམ་འདི་ ཨེ་ཤི་ཡ་གི་ཤར་ལྷོ་ལུ་ཆགས་ཏེ་ཡོདཔ་དང་ བྱང་ཕྱོགས་ལུ་ རྒྱ་ནག་དང་ ས་མཚམས་ རྒྱ་ནག་དང་ལྡནམ་སྦེ་ཡོད། ནུབ་ཕྱོགས་ལུ་ ལ་ཨོསི་དང་ ཀེམ་བོ་ཌི་ཡ་དང་ ཤར་ཕྱོགས་ལུ་ ལྷོ་རྒྱ་ནག་གི་རྒྱ་མཚོ་ཚུ་བསྡོམས་ཏེ་ཡོདཔ་ཨིན། འདི་གི་རྒྱ་ཚད་ ས་གོ་གྲུ་བཞི་ཀི་ལོ་མི་ཊར་ ༣༣༡,༢༡༠ དེ་ཅིག་ཁྱབ་སྟེ་ཡོདཔ་ལས་ ལུང་ཕྱོགས་འདི་ནང་གི་རྒྱལ་ཁབ་ཆུང་ཤོས་ཅིག་ཨིན་མས། རྒྱལ་ཁབ་འདི་ འཛམ་གླིང་གི་ས་ཆ་མ་འདྲཝ་ཚུ་ཡོད་པའི་ཁར་ འདི་ཡང་ དྲོ་བ་ཚ་དྲོད་ཀྱི་ནགས་ཚལ་དང་ གངས་རི་རྒྱུད་ དེ་ལས་ ས་ཆ་མང་རབས་ཅིག་ཐོན་སྐྱེད་དང་ལྡན་པའི་མཚོ་འགྲམ་རིངམོ་ཅིག་ཨིནམ་དང་ དེ་ཡང་ མེ་ཀོང་ལུང་གཤོང་དང་ རེཌ་གཙང་ཆུའི་ལུང་གཤོང་ཚུ་ སོ་ནམ་གྱི་ས་གོ་གལ་ཅན་ཅིག་སྦེ་ཆ་བཞགཔ་ཨིན་མས།
'''རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ།'''
བྱང་ཕྱོགས་ཁ་ཐུག་ལུ་ཆགས་ཡོད་པའི་ཝེཊ་ནམ་གི་རྒྱལ་ས་ལྟེ་བ་འདི་ཧ་ནོའི་ཨིན། ཧཱ་ནོའི་འདི་ བྱུང་རབས་ཕྱུགཔོ་ སྔར་སྲོལ་གྱི་བཟོ་བཀོད་རིག་པ་དང་ སྤྲོ་ཤུགས་ཅན་གྱི་ལམ་སྲོལ་ལུ་ཡོངས་གྲགས་ཡོད། ཁྲོམ་སྡེ་སྦོམ་ཤོས་འདི་ ལྷོ་ཕྱོགས་ལུ་ཆགས་ཡོད་པའི་ ཧོ་ཅི་མིན་ཁྲོམ་སྡེ་ ༼སའི་གཱོན༽ འདི་ དཔལ་འབྱོར་གྱི་ལྟེ་བ་གཙོ་བོ་ཅིག་ཨིནམ་དང་ དེང་སང་གི་མི་སྣ་སྣ་མང་གི་ཚོར་བ་ཡོདཔ་ཨིན། གལ་གནད་ཅན་གྱི་ཁྲོམ་སྡེ་གཞན་ཡང་ ཝེཊ་ནམ་གྱི་དབུས་ཕྱོགས་ལུ་ མཚོ་འགྲམ་གྱི་ཁྲོམ་སྡེ་ ཌ་ན་ང་དང་ དང་ཕུའི་རྒྱལ་འཛིན་གྱི་དོན་ལུ་ཡོངས་གྲགས་ཡོད་པའི་ ཧིཝ་ཚུ་ཨིན།
'''མི་རློབས།'''བེཊ་ནམ་ལུ་ མི་ས་ཡ་ ༩༧ ལྷགཔ་ཅིག་གི་མི་རློབས་ཡོདཔ་ལས་ རྒྱལ་ཁབ་འདི་ འཛམ་གླིང་ནང་ མི་རློབས་མཐོ་ཤོས་ཀྱི་གྲལ་ལས་ ༡༥ པ་ནང་ཚུད་དེ་ཡོད། མི་རློབས་འདི་ མང་ཆེ་བ་ར་ ཝིཊ་ན་མིསི་གི་མི་རིགས་ཨིནམ་ད་ མི་རློབས་བརྒྱ་ཆ་༨༥ དེ་ཅིག་ ཀོན་གི་མི་སེར་གྱིས་བཟོཝ་ཨིན་མས། དེ་ཁར་མི་རིགས་ཆུང་བའི་རིགས་ ཊེ་ ཧཱེམ་ཨོང་དང་ཁེ་མཱར་ལ་སོགས་པ་ཚུ་ཡང་མ་འདྲཝ་ལེ་ཤ་ར་ཡོདཔ་ཨིན། མི་རློབས་འདི་ གཞོནམ་ཅིག་ཨིནམ་དང་ སྐྱེས་ལོ་ཕྱེད་ཀ་དང་ཕྱེད་ཀ་འདི་ སྐྱེས་ལོ་༣༠ དེ་ཅིག་གི་བར་ན་ཨིནམ་དང་ དམིགས་བསལ་གྱིས་ ཁྲོམ་ཚོགས་ཚུ་ནང་ལས་ཕར་ཡང་ ཁྲོམ་གྱི་རྒྱ་སྐྱེད་ཡར་སེང་འགྱོ་དོ་ཡོདཔ་ཨིན་མས།
'''མི་རིགས།'''
བེཊ་ནཱམ་གྱི་མི་རློབས་འདི་ ཧ་ལས་སི་སི་སྦེ་ བེཊ་ནཱམ་གྱི་མི་རིགས་ ༼ཀིན༽ ཟེར་མི་འདི་ལུ་ ཆ་བཞགཔ་མ་ཚད་ རྒྱལ་ཁབ་འདི་ནང་མི་རིགས་མ་འདྲཝ་ ༥༠ ལྷགཔ་ཅིག་ཡང་ སྡོད་དོ་ཡོདཔ་ཨིན། སྡེ་ཚན་དེ་ཚུ་ གཙོ་བོ་ར་ བྱང་ཕྱོགས་དང་ དབུས་ཕྱོགས་ས་ཁ་མཐོ་ས་ཀྱི་ གངས་རི་ཅན་གྱི་ལུང་ཕྱོགས་ཚུ་ནང་ འབྲེལ་གཏོགས་འབད་དེ་ཡོདཔ་ཨིན། གྲངས་ཉུང་སྡེ་ཚན་སྦོམ་ཤོས་དག་པ་ཅིག་ནང་ཊེ་ཧཱེམ་མཱོང་དང་ཁེ་མཱར་ཚུ་ཚུདཔ་ཨིན། བེཊ་ནམ་གི་ལམ་སྲོལ་སྣ་ཚོགས་འདི་ཁོང་གི་གཞན་དང་མ་འདྲ་བའི་ལུགས་སྲོལ་དང་ཁ་སྐད་ དེ་ལས་དུས་སྟོན་ཚུ་ནང་བརྡ་མཚོན་སྟོནམ་ཨིན།
'''སྐད་ཡིག།'''
བེཊ་ནམ་གི་གཞུང་འབྲེལ་ཁ་སྐད་འདི་ཧ་ལམ་མི་རློབས་ག་ར་གིས་སླབ་མི་བེཊ་ནམ་གྱི་ཁ་སྐད་འདི་ཨིན། འདི་བཟུམ་སྦེ་མི་རིགས་ཀྱི་སྡེ་ཚན་ཚུ་གི་ནང་ལས་ ཧི་མོང་དང་ཏེའེ་དེ་ལས་ཁེ་མཱར་ཚུ་བརྩིས་ཏེ་ གྲངས་ཉུང་གི་ཁ་སྐད་ལེ་ཤ་ར་སླབ་སྟེ་འདུག། ཝེཊ་ན་མིསི་གི་ཁ་སྐད་འདི་སྒྲ་གདངས་མ་འདྲཝ་དྲུག་དང་འདི་ལེ་ཊིན་གསལ་བྱེད་འདི་ལག་ལེན་འཐབ་ཨིན།
'''རྒྱལ་རབས་དང་ཆོས་ལུགས།'''
ཝེཊ་ནམ་ལུ་ ལོ་ ༤༠༠༠ གི་སྔོན་མའི་བྱུང་རབས་རིངམོ་ཡོད། རྒྱལ་ཁབ་འདི་རྒྱ་ནག་དང་ཕེརེནཆི་གཉིས་ཆ་ར་གིས་དབང་ལུ་བསྡུ་ནུག། རྒྱ་ནག་གིས་ ལོ་བརྒྱ་སྟོང་ལྷགཔ་ཅིག་སྐྱོང་མི་འདི་གིས་ བེཌ་ནཱམ་གྱི་ལམ་སྲོལ་དང་གཞུང་སྐྱོང་གི་ལམ་ལུགས་ཚུ་བསྒྱུར་བཅོས་འབད་ཡོདཔ་དང་ དེ་དང་ཕྱདཔ་ད་ དུས་རབས་ ༡༩ པ་དང་ ༢༠ པའི་ནང་ལུ་ ཕེརེནཆི་གིས་དབང་བའི་ཤུལ་ལུ་ བཟོ་བཀོད་རིག་པ་དང་ཤེས་རིག་གི་ལམ་ལུགས་ཚུ་ནང་ འགྱུར་བ་འགྱོ་སྟེ་ར་ཡོདཔ་ཨིན་མས། བེཊ་ནམ་དམག་འཁྲུག་འདི་ བྱང་ཕྱོགས་དམངས་སྙོམས་རིང་ལུགས་དང་ལྷོ་ཕྱོགས་མ་རྩའི་རིང་ལུགས་ཀྱི་བར་ན་བྱུང་མི་འདི་ཡང་ སྤྱི་ལོ་༡༩༧༥ ལུ་རྒྱལ་ཁབ་འདི་དམངས་སྙོམས་རིང་ལུགས་ཀྱི་དབང་འོག་ལུ་ ལོག་གཅིག་བསྡོམས་འབད་དེ་མཇུག་བསྡུ་ནུག། ཝེཊ་ནམ་ལུ་ ཆོས་ལུགས་མང་ཆེ་བ་ནང་པའི་ཆོས་ལུགས་ རྗེས་སུ་འཇུག་དེ་ ཡེ་ཤུ་པ་དང་རྒྱལ་ཁབ་ཀྱི་ཡིད་ཆེས་ཚུ་ཡོདཔ་ཨིན། དེ་ཁར་མུཛ་ལིམ་ ཧིིན་དྷུ་དང་ཀོའུ་ཌའི་གི་མི་སྡེ་ཆུང་ཀུ་ཚུ་ཡང་འདུག།
'''གནམ་གཤིས།'''
ཝེཊ་ནམ་ལུ་བསིལ་དྲོད་གནས་སྟངས་ཀྱི་ས་དྲོ་སའི་ས་ཁོངས་དང་བསིལ་དང་སྐམ་ཀྲོག་ཀྲོ་གི་དུས་སོ་སོ་ཡོདཔ་ཨིན། བྱང་ཕྱོགས་ཀྱི་ལུང་ཕྱོགས་ཚུ་ནང་ གནམ་དགུན་གྱི་གྲང་བསིལ་བརྩིས་ཏེ་ ནམ་དུས་མ་འདྲཝ་བཞི་མྱོངམ་ཨིནམ་དང་ བྱང་ཕྱོགས་དང་དབུས་ཕྱོགས་ཀྱི་ལུང་ཕྱོགས་ཚུ་ནང་འབད་བ་ཅིན་ ལོ་གཅིག་གི་རིང་ལུ་ ས་དྲོ་སའི་དྲོད་ཚད་མང་སུ་སྦེ་འོངམ་ཨིན། གནམ་བྱཱར་གྱི་དུས་ལུ་ དམིགས་བསལ་གྱིས་ སྤྱི་ཟླ་ལྔ་པ་ལས་བཅུ་པ་ལུ་ ཆརཔ་ཤུགས་སྦེ་རྐྱབ་ཨིན།
'''གཞུང་སྐྱོང་།'''
ཝེཊ་ནམ་འདི་དམངས་དབང་རིང་ལུགས་ཀྱི་མི་སེར་རྒྱལ་ཁབ་ཅིག་ཨིནམ་དང་ཝེཊ་ནམ་གི་དམངས་སྙོམས་རིང་ལུགས་ཚོགས་པ་འདི་སྲིད་དོན་ཚོགས་པ་གཅིག་སྦེ་ཡོད། སྲིད་འཛིན་འདི་རྒྱལ་ཁབ་ཀྱི་དབུ་ཁྲིདཔ་ཨིན་པའི་ཁར་ བློན་ཆེན་འདི་གཞུང་གི་དབུ་ཁྲིདཔ་ཨིན། རྒྱལ་ཁབ་འདི་ ཚོགས་པ་གཅིག་གི་ལམ་ལུགས་ཀྱི་འོག་ལུ་ལཱ་འབདཝ་ཨིནམ་དང་ དམངས་སྙོམས་རིང་ལུགས་ཚོགས་པ་གིས་ སྲིད་དོན་གྱི་གནས་སྟངས་ཚུ་ ཚད་འཛིན་འབད་ཚུགས་ཏེ་ཡོདཔ་ཨིན། བེཊ་ནམ་གི་སྲིད་དོན་རིམ་ལུགས་འདི་ འདས་པའི་ལོ་ངོ་བཅུ་ཕྲག་ཚུ་ནང་ དཔལ་འབྱོར་གོང་འཕེལ་མགྱོགས་དྲགས་སྦེ་འགྱོ་སྟེ་ཡོད་རུང་ དམངས་གཙོའི་རིང་ལུགས་ཀྱི་རང་དབང་དང་ སྲིད་དོན་སྣ་ཚོགས་མེད་མི་ལུ་བརྟེན་ སྐྱོན་བརྗོད་འབད་ནུག།
'''དཔལ་འབྱོར།'''
ཝེཊ་ནམ་ལུ་རྒྱལ་ཁབ་དང་སྒེར་གྱི་ཚོང་ལས་གཉིས་ཆ་ར་ཡོད་པའི་དཔལ་འབྱོར་སླ་བསྲེ་བསྲེཔ་སྦེ་ཡོད། སྤྱི་ལོ་ ༢༠༢༣ ཚུན་འཁོད་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཌོ་ལར་ཐེར་འབུམ་ ༣༨༠ དེ་ཅིག་དང་གཅིག་ཁར་ རྒྱལ་ཁབ་ཀྱིས་ འདས་པའི་ལོ་ངོ་བཅུ་ཕྲག་དག་པ་ཅིག་ནང་ དཔལ་འབྱོར་གྱི་གོང་འཕེལ་འདི་ ཡ་མཚན་ཆེ་ཏོག་ཏོ་འགྱོ་ནུག། བཟོ་སྐྲུན་དང་སོ་ནམ་ དེ་ལས་ཞབས་ཏོག་ཚུ་ལས་སྡེ་གཙོ་བོ་ཨིན། རྒྱལ་ཁབ་ཀྱི་ཕྱིར་ཚོང་གཙོ་བོ་ར་ གློག་འཕྲུལ་དང་ཐགས་རིགས་དང་ཀཱ་ཕི་དང་མཚོ་ཟས་ཚུ་ཨིནམ་ད་ ནང་འདྲེན་འབད་མི་ཚུ་ཡང་ འཕྲུལ་ཆས་དང་མར་ཁུ་ དེ་ལས་ རྫས་སྦྱོར་ཚུ་ཨིན་མས། ཝེཊ་ནམ་འདི་ཡང་ ལས་མི་གི་རིན་ངོ་ཧ་ཅང་གིས་ཉུང་སུ་དང་ གཞི་རྟེན་མཁོ་ཆས་ཡར་དྲག་འགྱོ་མི་ལུ་བརྟེན་ ཕྱི་རྒྱལ་གྱི་མ་རྩ་བཙུགས་སའི་ས་གོ་ཡོངས་གྲགས་ཅན་ཅིག་ལུ་འགྱུར་ཏེ་ཡོདཔ་ཨིན།
'''ལམ་སྲོལ།'''
བེཊ་ན་མིསི་གི་ལམ་སྲོལ་འདི་ ནང་འཁོད་ལམ་སྲོལ་དང་ ཕྱི་ཁའི་ཤན་ཞུགས་ སླ་བསྲེ་རྐྱབ་སྟེ་ཡོདཔ་དང་ ལྷག་པར་དུ་ རྒྱ་ནག་དང་ཕརནསི་ལས་ཨིན་མས། ཝེཊ་ན་མིསི་གི་སྔར་སྲོལ་གྱི་སྒྱུ་རྩལ་དང་ རྩོམ་རིག་ དེ་ལས་ འཁྲབ་སྟོན་གྱི་རིག་རྩལ་ཚུ་ལུ་ གུས་ཞབས་ཡོདཔ་མ་ཚད་ དུས་སྟོན་ ཊེཊ་ཟེར་མིའི་ཟླཝ་གསར་ཚེས་འདི་ སྤྲོ་བ་སྦོམ་བསྐྱེད་དེ་ བརྩི་སྲུང་འབད་དེ་འདུག། བཞེས་སྒོ་ཕོ་དང་བཱན་མའེ་ དེ་ལས་ སེར་ཁའི་བཞེས་སྒོ་ཚུ་ རྒྱལ་སྤྱི་ལུ་ངོས་འཛིན་འབད་དེ་ཡོད་མི་འདི་གིས་ བཞེས་སྒོ་ཚུ་ཡང་ ཝེཊ་ན་མིསི་གི་ལམ་སྲོལ་གྱི་ཆ་ཤས་ཉེར་མཁོ་ཅན་ཅིག་ཨིན་མས།
'''ལྟ་བཤལ།'''
བེཊ་ནམ་ལུ་ ལྟ་བཤལ་གྱི་ལས་དོན་འདི་ འཕྲལ་ཁམས་ཅིག་ཁར་ གོང་འཕེལ་འགྱོ་ཡོདཔ་དང་ དེ་ཡང་ ཧ་ལོང་མཚོ་ཁུག་ ཧོའི་ཨན་དང་ སཱ་པ་ལུ་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ལས་ ལྟ་བཤལཔ་ཚུ་འོང་དོ་ཡོདཔ་ལས་ཨིན་མས། རྒྱལ་ཁབ་ཀྱི་ལམ་སྲོལ་དང་ རང་བཞིན་མཛེས་ཆ་ དེ་ལས་ རྒྱལ་རབས་ཅན་གྱི་ས་གོ་ཚུ་གིས་ ལྟ་བཤལཔ་ཚུ་ལུ་ སྤྲོ་བཤལ་དང་ མཚོ་མཐའི་བྱེ་ཐང་ཚུ་ནང་ ངལ་གསོ་འགྱོ་ནི། དེ་ལས་ དང་ཕུའི་ལྷ་ཁང་ཚུ་ བལྟ་བཤལ་འབད་ནིའི་ཉམས་མྱོང་ཚུ་ འཐོབ་ཚུགས་དོ་ཡོདཔ་ཨིན་མས།
'''གྱོན་ཆས།'''
བེཊ་ན་མིསི་གི་སྔར་སྲོལ་གྱི་གྱོན་ཆས་ཀྱི་གྲངས་སུ་ ཨའུ་ཌའི་ཟེར་དོརམ་གུར་གྱོན་མི་གོ་ལ་རིངམོ་འདི་ དུས་སྟོན་དང་གཉེན་གྱི་རྟེན་འབྲེལ་ཚུ་ནང་ མཐོང་དོ་ཡོདཔ་ཨིན་མས། དེང་སང་གི་བེཊ་ན་མིསི་ཚུ་གིས་ ཨ་རྟག་གི་མི་ཚེ་ནང་ སྤྱིར་བཏང་གི་ནུབ་ཕྱོགས་ཀྱི་ལུགས་སྲོལ་གྱི་གྱོན་ཆས་ཚུ་གྱོན་དོ་ཡོད་རུང་ ཨའུ་ཌའི་འདི་ ལམ་སྲོལ་གྱི་དཔའ་ཉམས་ཀྱི་བརྡ་མཚོན་སྦེ་ར་ལུསཔ་མས།
'''རྩེད་རིགས།'''
རྐང་རྩེད་(རྐང་རྩོ)འདི་ ཝེཊ་ནམ་ལུ་ཡོངས་གྲགས་ཡོད་པའི་རྩེདམོ་ཨིནམ་དང་ ད་རེས་ཀྱི་ལོ་ཚུ་ནང་ རྒྱལ་ཡོངས་སྡེ་ཚན་གྱི་དྲན་པ་ལེ་ཤ་བཀུག་སྟེ་ཡོད། སྒྲོ་རིལ་རྩེདམོ་དང་ལག་རིལ་རྩེདམོ་ཚུ་ཡང་ ཡོངས་གྲགས་ཅན་ཅིག་ཨིནམ་དང་ སྔར་སྲོལ་གྱི་དམག་རྩལ་གྱི་རྩེདམོ་ འོ་ཝི་ནམ་འདི་ཡང་ རྒྱལ་ཁབ་ཀྱི་ས་གནས་ཁག་ཚུ་ནང་ལས་ཕར་ སྦྱང་བ་འབད་དེ་འདུག།
'''བཞེས་སྒོ།'''
ཝེཊ་ན་མིསི་གི་བཞེས་སྒོ་འདི་ནང་རྫས་གསརཔ་དང་བྲོཝ་ལེགས་ཤོམ་ཡོདཔ་ལས་ཡོངས་གྲགས་ཡོདཔ་ཨིན། ཕོ་༼ནུའུཌ་ལུ༽ བན་མི་ ༼ཝེཊ་ན་མིསི་སེན་ཝིཅ༽ དང་ གོའི་ཀུའུན་ ༼སེརཔརིང་རོལ༽ ཚུ་ རྒྱ་ཆེ་དྲགས་སྦེ་ལོངས་སྤྱོད་དེ་ཡོད། ཁྲོམ་ལམ་གྱི་བཞེས་སྒོ་གི་ལམ་སྲོལ་འདི་ ཝེཊ་ན་མིསི་གི་མི་ཚེ་ནང་མེད་ཐབས་མེདཔ་ཅིག་ཨིནམ་དང་ འདི་ཡང་ ཚོང་པ་ཚུ་གིས་ བཞེས་སྒོ་དང་ཁ་ཟས་ལག་ཟས་ཞིམ་ཏོང་ཏོ་ཚུ་ རྒྱ་ཆེ་དྲགས་སྦེ་ གོ་རིམ་བསྒྲིག་སྟེ་བྱིན་དོ་ཡོདཔ་ལས་ཨིན་མས།
'''ཕྱི་འབྲེལ་མཐུན་ལམ།'''
ཝེཊ་ནམ་འདི་ རྒྱལ་སྤྱིའི་ཕྱི་འབྲེལ་སྲིད་སྐྱོང་གི་འཐུས་མི་ངར་ཡེང་ཡེ་སྦེ་འགྱོ་སྟེ་ཡོདཔ་དང་ ཨེ་ཤི་ཡ་ཡན་དང་ འཛམ་གླིང་ཚོང་འབྲེལ་ལས་ཁུངས་ ༼ཌབ་ལུ་ཊ༽ དེ་ལས་ ཨེ་ཤི་ཡ་དང་ཞི་བདེའི་དཔལ་འབྱོར་མཉམ་འབྲེལ་ ༼ཨེ་པི་ཨི་སི༽ ཚུ་ནང་ བཅའ་མར་གཏོགས་ཏེ་འདུག། རྒྱ་ནག་དང་ཀེམ་བོ་ཌི་ཡ་གི་ཁྱིམ་ཚང་རྒྱལ་ཁབ་ཚུ་དང་གཅིག་ཁར་ མཐུན་ལམ་འདི་ མང་ཤོས་ཅིག་ར་ མཉམ་འབྲེལ་ཅན་ཅིག་ཨིན་རུང་ ལྷོ་རྒྱ་ནག་གི་རྒྱ་མཚོ་ནང་ ས་མཚམས་ཀྱི་རྩོད་རྙོག་གིས་ ཚ་གྱང་ལང་པའི་གནད་དོན་ཚུ་ཐོན་ཏེ་འདུག།
'''མཇུག་དོན།'''
ཝེཊ་ནམ་འདི་གདོང་ལེན་ནུས་ཤུགས་སྦོམ་དང་ལམ་སྲོལ་ཕྱུགཔོ་ཡོད་པའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་གཞན་གྱི་རྒྱལ་ཁབ་ནང་དབང་བའི་བྱུང་རབས་དང་ དམག་འཁྲུག་གི་དུས་དེ་ལས་ཚུར་ དེང་སང་དཔལ་འབྱོར་གྱི་གནས་སྟངས་འདི་ འགྱུར་བ་ཅན་ཅིག་ལུ་འགྱུར་ཏེ་ཡོད་མི་དང་འབྲེལ་ ཝི་ཊན་ཨེམ་འདི་ སྔར་སྲོལ་དང་དེང་སང་གི་དུས་ལུ་ སེམས་ཤོར་སི་སི་གི་ཁྱད་པར་བཟོ་སྟེ་ གོང་འཕེལ་དང་གོང་འཕེལ་འགྱོ་ནི་གི་དོན་ལུ་ འཛམ་གླིང་གི་དྲན་བཀུག་འབད་དོ་ཡོདཔ་ཨིན།
'''རྒྱབ་རྟེན།'''
<nowiki>https://en.wikipedia.org/wiki/Vietnam</nowiki>
'''སྤྱི་ཚོགས་རིང་ལུགས་ཝི་ཡཏ་ནམ་སྤྱི་མཐུན་རྒྱལ་ཁབ།''' ([[ཝི་ཡཏ་ནམ་མི།]]: Cộng hòa Xã hội chủ nghĩa Việt Nam) ཡང་ན་ འཇམ་ཏོང་ཏོ་སྦེ་ '''ཝི་ཡཏ་ནམ'''འདི་ ཤར་ལྷོ་ཨེ་ཤི་ཡ་གི་རྒྱལ་ཁབ་ཅིག་ཨིན། ཝི་ཡཏ་ནམི་ཁྱིམ་མཚེས་རྒྱལ་ཁབ་ཚུ་ཡང་ [[རྒྱ་ནག]]་དང་[[ལའོ་སི།]][[ཀམ་བོ་ཌི་ཡ་|ཀམ་བོ་ཌི་ཡ]]. །ཝི་ཡཏ་ནམི་རྒྱལ་ས་ལྟེ་བ་ནི་ཧ་ནོའི་ཡིན། གྲོང་ཁྱེར་ཆེ་ཤོས་ནི་ཧོ་ཆི་མིན་གྲོང་ཁྱེར་(སྔོན་མའི་སའི་གོན་)ཡིན། ཝི་ཡཏ་ནམ་ནང་མི་གྲངས་ ༩༩༤༩༧༦༨༠ ཙམ་ཡོད།<ref>{{Cite web|title=Vietnam Population 1950-2023|url=https://www.macrotrends.net/countries/VNM/vietnam/population|access-date=2023-08-18|website=www.macrotrends.net}}</ref>
== པར་རིས། ==
<gallery>
File:Hanoi Montage.jpg|ཧ་ནོའི། - ཝི་ཡཏ་ནམ་གྱི་རྒྱལ་ས་ལྟེ་བ།
File:Vista de Ciudad Ho Chi Minh desde Bitexco Financial Tower, Vietnam, 2013-08-14, DD 13.JPG|ཧོ་ཆི་མིན་གྲོང་ཁྱེར། - ཝི་ཡཏ་ནམི་གྲོང་ཁྱེར་ཆེ་ཤོས།
</gallery>
== རྒྱབ་རྟེན། ==
<references/>
{{Asia}}
[[Category:Stub]]
[[Category:རྒྱལ་ཁབ]]
[[Category:ཨེ་ཤི་ཡ]]
ns3daoo3hj822ubexw5k006wzc9umup
User talk:Kinleyg
3
8147
39533
39453
2026-03-29T10:58:21Z
~2026-19547-35
13305
/* Some things */
39533
wikitext
text/x-wiki
{{Welcome}} --[[User:Kelly zhrm|Kelly zhrm]] ([[User talk:Kelly zhrm|talk]]) ༠༨:༤༩, ༡༠ སྤྱི་ཟླ་དགུ་པ། ༢༠༢༥ (UTC)
== Translation request ==
Hi,
Could you please create an article about [[:en:Ugyen_Dorji|Ugyen Dorji]]? [[User:Caro de Segeda|Caro de Segeda]] ([[User talk:Caro de Segeda|talk]]) ༠༩:༡༥, ༣༠ སྤྱི་ཟླ་དགུ་པ། ༢༠༢༥ (UTC)
:ugyen dorji? There are many ugen dorji [[Special:Contributions/~2025-27225-74|~2025-27225-74]] ([[User talk:~2025-27225-74|talk]]) ༡༢:༠༦, ༣༠ སྤྱི་ཟླ་དགུ་པ། ༢༠༢༥ (UTC)
::I just linked the article. [[User:Caro de Segeda|Caro de Segeda]] ([[User talk:Caro de Segeda|talk]]) ༡༢:༢༩, ༣༠ སྤྱི་ཟླ་དགུ་པ། ༢༠༢༥ (UTC)
:::How do you say "Politics of Bhutan" in Dzongka? [[User:Caro de Segeda|Caro de Segeda]] ([[User talk:Caro de Segeda|talk]]) ༡༢:༤༣, ༣༠ སྤྱི་ཟླ་དགུ་པ། ༢༠༢༥ (UTC)
::::Its sidoen སྲིད'དོན [[Special:Contributions/~2025-27225-74|~2025-27225-74]] ([[User talk:~2025-27225-74|talk]]) ༡༤:༤༩, ༣༠ སྤྱི་ཟླ་དགུ་པ། ༢༠༢༥ (UTC)
:::::Thanks, that means "politics", how about "politics of Bhutan"? [[User:Caro de Segeda|Caro de Segeda]] ([[User talk:Caro de Segeda|talk]]) ༠༨:༡༩, ༡ སྤྱི་ཟླ་བཅུ་པ། ༢༠༢༥ (UTC)
::::::it is 'འབྲུག་གི་སྲིད་དོན' [[User:Kinleyg|Kinleyg]] ([[User talk:Kinleyg|talk]]) ༠༢:༡༨, ༢ སྤྱི་ཟླ་བཅུ་པ། ༢༠༢༥ (UTC)
:::::::Thanks. I have created [[Template:འབྲུག་གི་སྲིད་དོན|this template]] about Bhutanese politics. Would you be able to please translate it? [[User:Caro de Segeda|Caro de Segeda]] ([[User talk:Caro de Segeda|talk]]) ༡༠:༡༠, ༢ སྤྱི་ཟླ་བཅུ་པ། ༢༠༢༥ (UTC)
I would like to ask you whether you could please tell me what these articles are about so that I can link them to the same articles on Wikipedia:
* [[རྒྱལ་པོ་འཇིགས་མེད་ཁེ་གསར་རྣམ་རྒྱལ་དབང་པྱུག་]]
* [[འཇམ་དཔལ་དབྱངས་]]
* [[རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས།]]
* [[སོ་ནམ་འཁོར་ལོ་]]
* [[འཛམ་གླིང་གཅིག་འགྱུར་ནང་གི་ལམ་སྲོལ་ཉམས་སྲུང་།]]
* [[འབྲུག་ཨོ་ལིམ་པིག་ཚོགས་པ།]]
* [[དགོན་གཞས།]]
* [[བརྡ་བརྒྱུད་ཀྱི་ལཱ་འགན།]]
* [[ལཱ་གཡོག་མ་ཐོབ་པའི་དཀའ་ངལ།]]
* [[རྒྱལ་ཡོངས་ལས་རྟགས་ཀྱི་བཤད་པ་དང་ལག་ལེན།]]
--[[User:Caro de Segeda|Caro de Segeda]] ([[User talk:Caro de Segeda|talk]]) ༡༠:༥༤, ༤ སྤྱི་ཟླ་བཅུ་པ། ༢༠༢༥ (UTC)
:on diverse topics as follow:
:Jigme khesar namgyal wangchuck (Present HM)
:Jampelyang (bodhisattva Manjushri)
:Zung of Dorji Naljorma (skt. Vajravarahi bodhisatva)
:Cycle of agriculture
:Globalization and preservation of culture
:Bhutan olympic commitee
:Goenzhe (traditional dance)
:responsibilities of media
:Unemployment issues
:National logo: explanation and usage [[Special:Contributions/~2025-27225-74|~2025-27225-74]] ([[User talk:~2025-27225-74|talk]]) ༡༡:༤༦, ༤ སྤྱི་ཟླ་བཅུ་པ། ༢༠༢༥ (UTC)
::Same with these, what do they mean?
::* བྲག་དཀར་པོ།
::* ཚོང་འབྲེལ་འཇལ་ཚད་རིམ་ལུགས།
::* སྡོམ་གསུམ་སྨོན་ལམ་རྣམ་གྲོལ་ལམ་བཟང་།
::* ཟས་མཆོད།
::* རྟ་མགོ་ཆོས་དབྱིངས་ཕོ་བྲང་།
::* སྨད་སྟབས་ཁ
::[[User:Caro de Segeda|Caro de Segeda]] ([[User talk:Caro de Segeda|talk]]) ༡༡:༡༢, ༥ སྤྱི་ཟླ་བཅུ་པ། ༢༠༢༥ (UTC)
:::drak karpo monastery
:::Business success indicator
:::Text on 3 levels of ordination
:::Offering ritual
:::Tango choying phodrang (tango monastery) [[Special:Contributions/~2025-27225-74|~2025-27225-74]] ([[User talk:~2025-27225-74|talk]]) ༠༦:༥༡, ༧ སྤྱི་ཟླ་བཅུ་པ། ༢༠༢༥ (UTC)
== Cleaning Bhutan Commons Category ==
Hello, could you help me recategorize the images in the Commons [[commons:Category:Bhutan]] ? No images should be in it as they should be in children categories
Thanks [[User:CreativeC|CreativeC]] ([[User talk:CreativeC|talk]]) ༢༠:༢༧, ༡༥ སྤྱི་ཟླ་བཅུ་པ། ༢༠༢༥ (UTC)
== ཡཱ་རེན། ==
Hi, I believe that article is about the Yaren District, in Nauru. May I ask you to please add a link in the article to the word Nauru? You just need to put <nowiki>[[Name of the article (Nauru in Dzongka in this case)]]</nowiki>. [[User:Caro de Segeda|Caro de Segeda]] ([[User talk:Caro de Segeda|talk]]) ༡༡:༢༠, ༤ སྤྱི་ཟླ་གཉིས་པ། ༢༠༢༦ (UTC)
:yes it is yaren and i will do. Thank for the suggestion. [[Special:Contributions/~2026-76849-6|~2026-76849-6]] ([[User talk:~2026-76849-6|talk]]) ༡༢:༣༥, ༤ སྤྱི་ཟླ་གཉིས་པ། ༢༠༢༦ (UTC)
::Hi, sorry to bother you with this but, could you please translate this to Dzongka?
::* Glosa
::* Glosa is an artificial auxiliary language designed for international communication. It has several characteristics:
::* Its pronunciation is regular, and its spelling is phonetic.
::* Its structure is very simple and based on meaning.
::Thanks. [[User:Caro de Segeda|Caro de Segeda]] ([[User talk:Caro de Segeda|talk]]) ༠༩:༥༥, ༡༣ སྤྱི་ཟླ་གཉིས་པ། ༢༠༢༦ (UTC)
Hi again, how would you say "[https://en.wikipedia.org/wiki/Oceania Oceania]" (the continent) in Dzongka? --[[User:Caro de Segeda|Caro de Segeda]] ([[User talk:Caro de Segeda|talk]]) ༠༩:༤༨, ༡༤ སྤྱི་ཟླ་གཉིས་པ། ༢༠༢༦ (UTC)
:in dzongkha for 'continent' is གླིང་ཆེན། [[User:Kinleyg|Kinleyg]] ([[User talk:Kinleyg|talk]]) ༠༦:༢༩, ༡༦ སྤྱི་ཟླ་གཉིས་པ། ༢༠༢༦ (UTC)
== Some things ==
* Hi, I've found that there are two articles for Croatia: [[ཀྲོ་ཨེ་ཤ། Croatia]] and [[ཀུརོ་ཤི་ཡ]]. Could you please put all the information in one and create a redirection. If you don't know how to rediret and article, just leave it empty and I will do it myself.
* Another duplicate is [[རྒྱལ་པོ་འཇིགས་མེད་ཁེ་གསར་རྣམ་རྒྱལ་དབང་པྱུག་]] and [[འཇིགས་མེད་ཁེ་སར་རྣམ་རྒྱལ་དབང་ཕྱུག]] (I think)
* Maybe these two as well [[རྒྱལ་ཡོངས་ལས་རྟགས་ཀྱི་བཤད་པ་དང་ལག་ལེན།]] and [[རྒྱལ་ཡོངས་ ལས་རྟགས།]]
* [[ཨཕ་རི་ཀ|This]] page has redirect to nowhere.
* Is [[ཁྱི་མེད་ལྷ་ཁང།]] the same as [[:en:Chimi Lhakhang]]?
**yes it is Chimi Lhakhang but spelled as ཁྱི་མེད་ལྷ་ཁང་།. [[User:Kinleyg|Kinleyg]] ([[User talk:Kinleyg|talk]]) ༠༩:༥༤, ༡༧ སྤྱི་ཟླ་གཉིས་པ། ༢༠༢༦ (UTC)
* Would you be able to please create an article about [[:en:I, the Song]]?
* These two pages link to a non-existing article: [[ཡུ་ནའི་ཊེཊ་ཀིང་ཌམ་]] and [[གིརིསི་]]. They should be deleted.
* The article about [[ནིའུ་ལྡི་ལི།|New Delhi]] has the first phrase in English. --[[User:Caro de Segeda|Caro de Segeda]] ([[User talk:Caro de Segeda|talk]]) ༡༠:༢༡, ༡༧ སྤྱི་ཟླ་གཉིས་པ། ༢༠༢༦ (UTC)
*:changes incorporated.
*:[[User:Kinleyg|Kinleyg]] ([[User talk:Kinleyg|talk]]) [[User:Kinleyg|Kinleyg]] ([[User talk:Kinleyg|talk]]) ༡༠:༣༩, ༡༧ སྤྱི་ཟླ་གཉིས་པ། ༢༠༢༦ (UTC)
*::How do you say:
*::* Cities
*::* Capital cities
*::* Gewogs - I think the singular is ཝང་ལྕང་, but the idea is to create the category in plural, unless you tell me to put it in singular, same with cities and capital cities. --[[User:Caro de Segeda|Caro de Segeda]] ([[User talk:Caro de Segeda|talk]]) ༡༠:༤༩, ༡༧ སྤྱི་ཟླ་གཉིས་པ། ༢༠༢༦ (UTC)
*:::for city its ཁྲོམ [[Special:Contributions/~2026-10617-23|~2026-10617-23]] ([[User talk:~2026-10617-23|talk]]) ༡༠:༥༩, ༡༧ སྤྱི་ཟླ་གཉིས་པ། ༢༠༢༦ (UTC)
*::::Gewog : རྒེད'འོག [[Special:Contributions/~2026-10617-23|~2026-10617-23]] ([[User talk:~2026-10617-23|talk]]) ༡༡:༣༠, ༡༧ སྤྱི་ཟླ་གཉིས་པ། ༢༠༢༦ (UTC)
*::What does this mean? [[:Category:གྲོང་]]?
*::I want to create a ategory for cities, apparently the translation is ཁྲོམ, but there is already a category whih the one I just asked you about. I looks to me like the second symbol is wrong. [[User:Caro de Segeda|Caro de Segeda]] ([[User talk:Caro de Segeda|talk]]) ༠༩:༣༠, ༡༨ སྤྱི་ཟླ་གཉིས་པ། ༢༠༢༦ (UTC)
*:::གྲོང'གསེབ. Village [[Special:Contributions/~2026-10617-23|~2026-10617-23]] ([[User talk:~2026-10617-23|talk]]) ༠༩:༣༥, ༡༨ སྤྱི་ཟླ་གཉིས་པ། ༢༠༢༦ (UTC)
*::::Could you please create an article about the [[:en:Second Battle of Simtokha Dzong]] and [[:en:Kabney]]? [[User:Caro de Segeda|Caro de Segeda]] ([[User talk:Caro de Segeda|talk]]) ༡༨:༠༨, ༢༠ སྤྱི་ཟླ་གཉིས་པ། ༢༠༢༦ (UTC)
*:::::okay [[User:Kinleyg|Kinleyg]] ([[User talk:Kinleyg|talk]]) ༠༩:༡༥, ༢༤ སྤྱི་ཟླ་གཉིས་པ། ༢༠༢༦ (UTC)
*::::::I have created a [[:Category:ཨཕ་རི་ཀ།|category for Africa]]. [[User:Caro de Segeda|Caro de Segeda]] ([[User talk:Caro de Segeda|talk]]) ༠༨:༤༩, ༢༥ སྤྱི་ཟླ་གཉིས་པ། ༢༠༢༦ (UTC)
*:::::::Hi, how do you say
*:::::::* References
*:::::::* Bibliography
*:::::::in Dzongka? I have seen that most articles have those sections in English or they are not using the wiki format so I will try to improve them. [[User:Jon Gua|Jon Gua]] ([[User talk:Jon Gua|talk]]) ༠༩:༡༢, ༩ སྤྱི་ཟླ་གསུམ་པ། ༢༠༢༦ (UTC)
*::::::::References - རྒྱབ་རྟེན།
*::::::::Bibliography - རྒྱལ་རྟེན་དེབ་ཐོ། [[User:Kinleyg|Kinleyg]] ([[User talk:Kinleyg|talk]]) ༠༩:༢༠, ༩ སྤྱི་ཟླ་གསུམ་པ། ༢༠༢༦ (UTC)
*:::::::::Thanks. [[User:Jon Gua|Jon Gua]] ([[User talk:Jon Gua|talk]]) ༡༢:༡༧, ༡༠ སྤྱི་ཟླ་གསུམ་པ། ༢༠༢༦ (UTC)
* How would you say [https://en.wikipedia.org/wiki/Oceania Oceania] in Dzongka? --[[Special:Contributions/~2026-19547-35|~2026-19547-35]] ([[User talk:~2026-19547-35|talk]]) ༡༠:༥༨, ༢༩ སྤྱི་ཟླ་གསུམ་པ། ༢༠༢༦ (UTC)
8trhmyg1s7v44wlf9e4v9nrmb2e36lj
ཀི་རི་བྷ་ཊི།
0
8665
39531
39512
2026-03-29T10:55:49Z
~2026-19547-35
13305
39531
wikitext
text/x-wiki
{{Country2
|name = ཀི་རི་བྷ་ཊི།
|flag = Flag of Kiribati.svg
|map = Kiribati map LOC.jpg
|capital =
|area = 811,19
|population = 116 545
}}
'''ངོ་སྤྲོད་དང་ཆགས་རབས།'''
ཀི་རི་བྷ་ཊི་འདི་ མཚོ་གླིང་༣༣ ལས་གྲུབ་མི་ པེ་སི་ཕིཀ་(Pacific) རྒྱ་མཚོ་ལྟེ་བའི་ནང་ མཚོ་གླིང་རྒྱལ་ཁབ་ཅིག་ཨིནམ་ད་ དེ་གི་གྲས་ལས་༢༠ རྐྱངམ་གཅིག་ མི་སྡོད་ཡོདཔ་ཨིན་པས། ས་ཆ་ཆུང་ཀུ་ཡོད་རུང་ མཚོ་གླིང་ཚུ་ ཁྱབ་ཆེཝ་སྦེ་ ཁ་སྟོར་ཏེ་ཡོདཔ་ཨིན་པས། མཚོ་གླིང་མང་ཤོས་རང་ ཧ་ཅང་དམའ་བའི་ མཚོ་གླིང་(coral reefs) ཡོདཔ་ཨིན། ས་ཆ་ཡོངས་བསྡོམས་འདི་ ཀི་ལོ་མི་ཊར་༨༡༡ གི་ས་ཁར་ རྒྱ་མཚོའི་ཀི་ལོ་མི་ཊར་༣,༤༤༡,༨༡༠ ལས་ལྷག་སྟེ་ ཡོདཔ་ཨིན། ཀི་རི་བྷ་ཊི་འདི་ གིལ་བརཊ་(Gilbert) དང་ ཨེ་ལིས་(Ellice) མཚོ་གླིང་ཟེར་མི་ བིརི་ཏིཤ་(British) གི་དབང་འོག་ལུ་ཡོད་པའི་ ཆ་ཤེས་ཅིག་ཨིན་པས། སྤྱི་ལོ་༡༩༧༥ ལུ་ གིལ་བརཊ་(Gilbert) གླིང་ཕྲན་གྱི་མི་ཚུ་གིས་ ཨེ་ལིས་(Ellice) མཚོ་གླིང་ལས་ སོ་སོ་སྦེ་ རང་སོའི་རྒྱལ་ཁབ་ལུ་ ཚོགས་རྒྱན་བཙུགས་ནུག། མཐའ་མཇུག་ཁར་ སྤྱི་ལོ་༡༩༧༩ སྤྱི་ཟླ་༧ པའི་ཚེས་༡༢ ལུ་ གིལ་བརཊ་(Gilbert) གླིང་ཕྲན་འདི་ རང་དབང་ཅན་ཅིག་ལུ་འགྱུར་ཏེ་ ཀི་རི་བྷ་ཊི་ཟེར་ མིང་གསརཔ་བཏགས་ནུག། ཀི་རི་བྷ་ཊི་འདི་ ལོ་གཅིག་གི་རིང་ལུ་ ཚ་དྲོད་དང་ རློན་གཤེར་ཅན་ཅིག་ཨིནམ་ལས་ དུས་ཚོད་རློནམ་དང་ སྐམ་པའི་དུས་ཚོད་ཡོདཔ་ཨིན།<ref>https://thecommonwealth.org/our-member-countries/kiribat</ref>
'''མི་རློབས་དང་མི་རིགས།'''
སྤྱི་ལོ་ ༢༠༢༤ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ གནས་སྡུད་གསརཔ་ལུ་བཞག་སྟེ་འབདཝ་ད་ ཀི་རི་བྷ་ཊི་ལུ་ མི་རློབས་༡༣༥,༩༣༣ ཡོདཔ་ཨིན་པས། ཀི་རི་བྷ་ཊི་གི་ མི་རློབས་ཀྱི་ རྒྱལ་ཁབ་ཀྱི་ཐོ་ནང་ཨང་༡༩༢ པ་འཐོན་ཡོདཔ་ཨིན་པས། ཀི་རི་བྷ་ཊི་གི་མི་རིགས་འདི་ མང་ཤོས་རང་ མའི་ཀོརོ་ནེ་ཤི་ཡཱན་(Micronesian) ཨིན་རུང་ ཁོང་ལུ་ པོ་ལི་ནི་ཤི་ཡཱན་(Polynesian) དང་ མེ་ལ་ནི་ཤ་ཡེན་(Melanesian) གྱི་རིགས་བརྒྱུད་ཡང་ཡོདཔ་ཨིན། འདི་ཡང་ ཁོང་གི་ཕ་བརྒྱུད་ཚུ་གིས་ པེ་ཤི་ཕིཀ་(Pacific) མཚོ་གླིང་གི་ ས་གནས་མ་འདྲཝ་ཚུ་ནང་ལས་ མི་ཚུ་དང་གཅིག་ཁར་ འགྲུལ་སྐྱོད་འབད་དེ་ སླ་བསྲེ་རྐྱབ་སྟེ་ འགྱོ་མི་ལུ་བརྟེན་ཏེ་ཨིན་པས། <ref>https://www.worldometers.info/world-population/kiribati-population/</ref>
'''གཞུང་སྐྱོང་ལམ་ལུགས།'''
ཀི་རི་བྷ་ཊི་ཟེར་མི་འདི་ དམངས་གཙོའི་རྒྱལ་ཁབ་ཅིག་ཨིནམ་ལས་ མི་སེར་ཚུ་གིས་ འགོ་ཁྲིདཔ་གདམ་ཁ་རྐྱབ་ཨིན། སྲིད་འཛིན་འདི་ འགོ་ཁྲིདཔ་ཁག་ཆེ་ཤོས་ཅིག་ཨིནམ་ལས་ རྒྱལ་ཁབ་དང་གཞུང་གཉིས་ཆ་རའི་ འགན་ཁུར་འབག་སྟེ་ཡོདཔ་ཨིན་པས། མི་ཚུ་གིས་ ཚོགས་རྒྱན་བཙུགས་ཚུགས་པའི་ སྲིད་དོན་ཚོགས་པ་ སོ་སོ་ཡོདཔ་ཨིན་པས། སྲིད་འཛིན་གྱིས་ བསླབ་སྟོན་པ་སྡེ་ཚན་ཅིག་དང་གཅིག་ཁར་ ལཱ་འབད་དོ་ཡོདཔ་ཨིན་པས། སྤྱི་ཚོགས་ཀྱིས་ རྒྱལ་ཁབ་ཀྱི་དོན་ལུ་ ཁྲིམས་ལུགས་ཚུ་ བརྩམ་དོ་ཡོདཔ་ཨིན་པས། ཁྲིམས་ཁང་ཚུ་ རང་དབང་ཐོག་ལས་ ལཱ་འབད་དོ་ཡོདཔ་མས།
སྤྱི་ལོ་༡༩༧༩ ལུ་ ཀི་རི་བྷ་ཊི་རང་དབང་ཅན་ལུ་ འགྱུར་བའི་སྐབས་ རྒྱལ་ཁབ་ཀྱི་རྩ་ཁྲིམས་འདི་ནང་ མི་སེར་ག་ར་གི་ཐོབ་དབང་སྲུང་སྐྱོབ་འབདཝ་ཨིན། སྲིད་འཛིན་འདི་ རྒྱལ་ཡོངས་ནང་ བཙག་འཐུ་འབད་དེ་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ནང་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་འཐུས་མི་ཚུ་ བསྐོ་བཞག་འབདཝ་ཨིན། སྤྱི་ཚོགས་ཀྱི་འཐུས་མི་མེན་མི་ ཚོགས་དཔོན་དེ་ འཐུས་མི་ཚུ་གིས་ བཙག་འཐུ་འབད་ཡོདཔ་ཨིན་པས། ད་རེས་ནངས་པའི་སྤྱི་ཚོགས་ནང་ འཐུས་མི་༤༦ ཡོདཔ་ད་ བཙག་འཐུ་གྲུབ་པའི་འཐུས་མི་༤༤ དང་ ར་བི་(Rabi) ལས་ འཐུས་མི་༡ དང་ རྒྱབ་སྣོན་གྱི་འཐུས་མི་༡ ཡོདཔ་ཨིན་པས། སྤྱི་ལོ་༢༠༠༧ གྱི་བཙག་འཐུ་ལས་ བཙག་འཐུ་གྲུབ་མི་ འཐུས་མི་ཚུ་གི་ གྱངས་ཁ་ཡར་སེང་སོང་ཡོདཔ་ཨིན་པས། <ref>https://en.m.wikipedia.org/wiki/Politics_of_Kiribati</ref>
'''སྐད་ཡིག་དང་ལམ་སྲོལ།'''
ཀི་རི་བྷ་ཊི་ལུ་སླབ་མི་ སྐད་ཡིག་ངོ་མ་འདི་ གིལ་བར་ཊིས་(Gilbertese) ཟེར་ཨིནམ་ད་ འདི་ལུ་ ཀི་རི་བྷ་ཊིས་(Kiribatese) ཡང་ན་ ཨི་ཀི་རི་བྷ་ཊི་(I-kiribati) ཟེར་ཡང་སླབ་ཨིན་པས། ཨིང་སྐད་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཅིག་ཨིན་རུང་ རྒྱལ་ས་ལྟེ་བ་ ལྷོ་ཏ་ར་ཝ་གི་ཕྱི་ཁར་ ལག་ལེན་འཐབ་ནི་མེདཔ་ཨིན། མི་ཚུ་གིས་ ཁ་སླབ་པའི་སྐབས་ ཨིང་སྐད་དང་ གིལ་བར་ཊིས་(Gilbertese) གཅིག་ཁར་ སླ་བསྲེ་རྐྱབ་ཨིན། ཀི་རི་བྷ་ཊི་(kiribati) གི་མི་རྒས་ཤོས་ཚུ་གིས་ གིལ་བར་ཊིས་(Gilbertese) སྐད་ཡིག་འདི་ མགུ་རྙོག་དྲགས་ཅན་ཅིག་ཨིན་རུང་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས། <ref name=":0">https://en.m.wikipedia.org/wiki/Kiribati</ref>
ཀི་རི་བྷ་ཊི་གི་ལམ་སྲོལ་འདི་ རང་ལུགས་དང་བཟའ་ཚང་གི་སྐོར་ལས་ཨིན། མི་ཚུ་གིས་ ཁོང་རའི་ལོ་རྒྱུས་དང་ལམ་སྲོལ་ཚུ་ལུ་ བརྩི་མཐོང་ཡོདཔ་ལས་ ཁོང་གིས་ དུས་རྒྱུན་འབད་བའི་ལཱ་ལུ་ དང་འདོད་ཡོདཔ་ཨིན། ཏི་རུ་ག་དེམ་ཅིག་ཡོདཔ་ཨིན་ན་དང་ ཡང་ན་ ག་དེ་སྦེ་མཐར་འཁྱོལ་ཅན་ཨིན་ན་ སྟོན་ནི་ལུ་ སྤྲོ་བ་མེདཔ་ཨིན་པས། དེ་གི་ཚབ་ལུ་ ཁོང་གིས་ མི་སྡེ་ཅིག་སྦེ་ ལཱ་ཚུ་གཅིག་ཁར་འབད་ནི་ལུ་ གཙོ་བོར་བཏོནམ་ཨིན།
རང་ལུགས་ཀྱི་གྲུ་ཚུ་ བཟོ་སྐྲུན་དང་ རྒྱུག་འགྲན་འབད་ནི་འདི་ ཁོང་རའི་ལམ་སྲོལ་གྱི་ ཆ་ཤས་སྦོམ་ཅིག་ཨིནམ་ལས་ ཁོང་གིས་ ཁོང་རའི་སྙན་ཆ་དང་ ཞབས་ཁྲ་རྐྱབ་ནི་ལུ་ དགའ་དོ་ཡོདཔ་ཨིན། དེ་ལས་ ཁོང་གིས་འདི་ཚུ་ ག་འདི་དྲག་ཤོས་ཨིན་ན་ བལྟ་ནིའི་དོན་ལུ་ འགྲན་བསྡུར་ཚུ་ཡང་ འབད་དོ་ཡོདཔ་ད་ དེང་སང་གི་རྩེད་རིགས་ བོ་ལི་བཱོལ་དང་ རྐང་རྩེད་ བཟུམ་སྦེ་ སྤྲོ་བ་བསྐྱེདཔ་ཨིན་པས། ཁོང་གིས་ དུས་རྒྱུན་དུ་ ཁོང་རའི་ལམ་སྲོལ་ཚུ་ བདག་འཛིན་འབད་བཞག་དོ་ཡོདཔ་ཨིན། དེ་འབདཝ་ལས་ ཀི་རི་བྷ་ཊི་གི་ལམ་སྲོལ་འདི་ རྙིངམ་དང་གསརཔ་གི་ སླ་བསྲེ་ཡོད་མི་ཅིག་ཨིན་པས།<ref name=":0" />
'''དཔལ་འབྱོར་དང་ཚོང་འབྲེལ།'''
ཀི་རི་བྷ་ཊི་གི་དཔལ་འབྱོར་འདི་ གཙོ་བོ་ར་ ཉ་བཟུང་ནི་དང་ བེ་ཏ་ཕྱིར་ཚོང་འབད་མི་ལུ་ གཞི་བཞག་སྟེ་ཨིན་པས། བ་ན་བ་(Banaba) གླིང་ཕྲན་ནང་ སྐྱུར་ཚྭ་(phosphate) གི་དངུལ་བཙུགས་འདི་ ཧེ་མ་ འོང་འབབ་གཙོ་བོ་ཅིག་ཨིན་རུང་ ད་རེས་ ཉམས་ཏེ་འགྱོ་ཡོདཔ་ཨིན། རྒྱལ་ཁབ་འདི་ ཉ་བཟུང་ནིའི་ཆོག་ཐམ་དང་ ཕྱི་རྒྱལ་གྱི་གྲོགས་རམ་ ཕྱི་རྒྱལ་ལུ་ལཱ་འབད་མི་ མི་སེར་ཚུ་ལས་དངུལ་བསྐྱལ་ནི་ དེ་ལས་ ལྟ་བཤལ་ལས་སྡེ་ཆུང་ཀུ་ཅིག་ལུ་ བརྟེན་ཏེ་སྡོད་དོ་ཡོདཔ་ཨིན་པས།
རྒྱལ་ཁབ་ཀྱི་ཚོང་འབྲེལ་མཉམ་འབྲེལ་པ་གཙོ་བོ་ཚུ་ཡང་ [[ཨཱསི་ཊེ་ལི་ཡ།|ཨཱོས་ཊེ་ལི་ཡ་]](Australia), [[ནིའུ་ཟི་ལེནཌ།|ནིའུ་ཛི་ལེནཌ་]](New Zealand), [[ཇ་པཱན|ཇཱ་པཱན]]་(Japan) དེ་ལས་ ཡུ་ཨེས་(USA) ཚུ་ཨིན་པས། ཀི་རི་བྷ་ཊི་ལུ་ དཔལ་འབྱོར་སྣ་ཚོགས་བཟོ་ནི་དང་ ནང་འདྲེན་ལུ་བརྟེན་སྡོད་མི་ལུ་ བློ་གཏད་མར་ཕབ་འབད་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། དཔལ་འབྱོར་གོང་འཕེལ་ཡར་དྲག་གཏང་ནིའི་དོན་ལུ་ ཉ་གསོ་སྐྱོང་ལས་སྡེ་དང་ ལྟ་བཤལ་བཟོ་གྲྭ་ཚུ་ གོང་འཕེལ་བཏང་ནིའི་དོན་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས། <ref>https://thecommonwealth.org/our-member-countries/kiribati</ref>
'''དཀའ་ངལ་དང་གདོང་ལེན།'''
ཀི་རི་བྷ་ཊི་འདི་ པེ་སི་ཕིག་ལུ་ཡོད་པའི་ མཚོ་གླིང་རྒྱལ་ཁབ་ཆུང་ཀུ་ཅིག་ཨིནམ་ལས་ ཡུན་བརྟན་གོང་འཕེལ་གྱི་དོན་ལུ་ གདོང་ལེན་སྦོམ་སྦེ་ར་བྱུང་དོ་ཡོདཔ་ཨིན། དེ་གི་ཐག་རིང་དང་ ཐོན་ཁུངས་ཚད་ཅིག་ལས་བརྒལ་མེད་མི་ལུ་བརྟེན་ གཞི་རྟེན་ཡར་དྲག་གཏང་ནི་དང་ དཔལ་འབྱོར་སྒྲིང་སྒྲི་བཟོ་ནི་ལུ་ ལཱ་ཁག་བཏངམ་ཨིན་པས། ལྟ་བཤལ་གྱིས་ འོང་འབབ་འབག་འོང་པའི་སྐབས་ མཐའ་འཁོར་ལུ་གནོད་པ་ཡང་ བྱུང་དོ་ཡོདཔ་ཨིན་པས། ཀི་རི་བྷ་ཊི་གིས་ དཔལ་འབྱོར་སྣ་མང་བཟོ་ནི་དང་ རང་བཞིན་གྱི་མཛེས་ཆ་ཉམས་སྲུང་འབད་བའི་སྐབས་ འོང་འབབ་བཟོ་ནི་གི་ ཐབས་ལམ་གསརཔ་འཚོལ་དགོཔ་ཨིན་པས། འདི་གི་དོན་ལུ་ གསར་གཏོད་ཀྱི་ཐབས་ཤེས་དང་ རྒྱལ་སྤྱིའི་མཉམ་འབྲེལ་ཚུ་ དགོཔ་ཨིནམ་ད་ དེ་ཡང་ མི་སེར་ཚུ་ལུ་ ཡུན་བརྟན་གྱི་མ་འོངས་པ་བཟོ་ཐབས་ལུ་ཨིན་པས། <ref>https://farandawayadventures.com/kiribatis-challenges-and-triumphs-in-climate-resilience/</ref>
'''རྒྱལ་ས་ལྟེ་བ་ ཏ་ར་ཝ་ཨ་ཊེལ།'''
ཀི་རི་བྷ་ཊི་འདི་ མཚོ་གླིང་སྡེ་ཚན་༣༣ གྱིས་བཟོ་ཡོདཔ་ད་ མཚོ་གླིང་ཚུ་ལུ་ མངའ་སྡེ་ཟེར་སླབ་ཨིནམ་ད་ ཏ་ར་ཝ་འདི་ རྒྱལ་ས་ལྟེ་བ་ཅིག་ཨིན། འདི་ཡང་ བྱང་ཏ་ར་ཝ་འདི་ ས་གནས་གཞན་གྱི་མཚོ་གླིང་ཚུ་བཟུམ་སྦེ་ དབྱེ་བ་ཕྱེ་སྟེ་ཡོདཔ་ཨིན། ལྷོ་ཏ་ར་ཝ་འདི་ མི་མང་གིས་ འཛོམས་ཏེ་ཡོདཔ་ལས་ སྤྱི་ལོ་༢༠༡༠ ལུ་ མི་༥༠,༡༨༢ དེ་ཅིག་ སྡོད་ཡོདཔ་ཨིན། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ དམག་འཁྲུག་སྦོམ་བྱུང་མི་ལུ་བརྟེན་ ཏ་ར་ཝ་ཡང་ ཡོངས་གྲགས་ཅན་ཅིག་ཨིན། དེ་ཡང་ མཚོ་གླིང་སྦོམ་ཅིག་དང་ ཆུ་ཀི་ལོ་མི་ཊར་༥༠༠ དེ་ཅིག་ དེ་ལས་ དེ་གི་མཐའ་འཁོར་ལུ་ རྡོ་སྦོམ་ཡོདཔ་ཨིན་པས། <ref>https://www.kiribatitourism.gov.ki/islands-to-explore/tarawa-island/</ref>
'''མཇུག་དོན།'''
ཀི་རི་བྷ་ཊི་འདི་ མཚོ་གླིང་༣༣ ཡོད་པའི་རྒྱལ་ཁབ་དང་ ལམ་སྲོལ་ཕྱུག་པོའི་རྒྱལ་ཁབ་ཅིག་ཨིན། མི་ཚུ་ སྒྲིང་སྒྲི་ཡོདཔ་ལས་ དཀའ་ངལ་ག་བཟུམ་ཅིག་ཡོད་རུང་ ད་ལྟོ་ཡང་ གནས་སྟངས་འདི་ཚུ་ལས་ ཐར་ཐབས་ལུ་ རེ་བ་དང་ནུས་ཤུགས་ ལེ་ཤ་ཅིག་རང་ ཡོདཔ་ཨིན་པས།
རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
'''རྒྱབ་རྟེན།'''
<references />
Source : Department of Culture and Dzongkha Development.
tras4hfcg762xgbu31jkbqufwohzd8k
39532
39531
2026-03-29T10:56:35Z

5gxxn1ws8fxdkol2qp0k7ano4dx62rt
ཅཱཌ། Chad
0
8966
39529
39521
2026-03-29T10:27:40Z
~2026-19547-35
13305
39529
wikitext
text/x-wiki
{{Country2
|name = ཅཱཌ།
|flag = Flag of Chad.svg
|map = Locator map of Chad in Africa.svg
|capital =
|area = 1 280 000
|population = 19 093 595
}}
'''ཅཱཌ་རྒྱལ་ཁབ་ཀྱི་ངོ་སྤྲོད།'''
༉ ཅཱཌ་འདི་ཨཕ་རི་ཀའི་རྒྱལ་ཁབ་ཅིག་ཨིན། ལུགས་མཐུན་གྱི་སྒྲིག་སྟངས་ནང་ ཅཱཌ་སྤྱི་མཐུན་རྒྱལ་ཁབ་ཟེར་ཡང་སླབ་ཨིན། རྒྱལ་ཁབ་འདི་ཐང་སྦོམ་དང་ དམའ་དྲགས་སྦེ་ཡོད་པའི་ བྱང་དང་ཤར་དང་ ལྷོ་ཕྱོགས་ལུ་གང་རི་གིས་སྐོར་ཏེ་ཡོདཔ་ཨིན་མས། ཅཱཌ་འདི་ཨཕ་རི་ཀའི་རྒྱལ་ཁབ་སྦོམ་ཤོས་ལྔ་པ་ ཀི་ལོ་མི་ཊར་ ༡,༢༨༤,༠༠༠ གི་ས་ཁོངས་ནང་ ཁྱབ་སྟེ་ཡོདཔ་ཨིནམ་དང་ ཅཱཌ་ལུ་ས་ཁོངས་མ་འདྲཝ་གསུམ་ཡོདཔ་ཨིན། དེ་ཡང་ལྷོ་ཕྱོགས་ལུ་ ཤིང་ཆས་ཡོད་པའི་ ས་ཝ་ན་དང་ འཛམ་གླིང་ལྷོ་བྱང་གི་ནགས་ཚལ་སྦོམ་ཡོད་པའི་ ཚ་དྲོད་ཀྱི་ས་ཁོངས་ཅིག་ཨིན། གཉིས་པ་སྦུག་གི་ཆ་ཤས་ནང་ ས་ཧེལ་གྱི་ས་ཁོངས་དང་ཚེར་ཤིང་དང་བཱོ་བཱ་བབ་ཤིང་ཚུ་དབང་འཛིན་འབད་ནུག། བྱང་ཕྱོགས་ལུ་ ས་ཧ་རཱན་འབྲོག་སྟོང་གི་ས་ཁོངས་ཨིན་མས། ཅཱཌ་རྒྱལ་ཁབ་ཀྱི་གནམ་ཤིས་འདི་བྱང་ཕྱོགས་བྱེ་ཐང་འདི་ ལོ་གཅིག་གི་རིང་ལུ་ སྐམ་དྲགས་སྦེ་ཡོདཔ་ཨིནམ་དང་ དབུས་ཀྱི་ཐང་འདི་ ཚ་དྲོད་དང་ སྐམ་སྟེ་ ཆརཔ་གི་དུས་ཚོད་ སྤྱི་ཟླ་ ༦ པའི་བར་ལས་ སྤྱི་ཟླ་ ༩ པའི་བར་ཁམས་ཅིག་ཁར་ཨིན། ལྷོ་ཕྱོགས་ཀྱི་ ས་ཁ་དམའ་ས་ཚུ་ནང་ དྲོད་ཤུགས་དང་ རློན་གཤེར་ཅན་ཚུ་ སྤྱི་ཟླ་ ༥ པའི་ཟླ་མཇུག་ལས་ སྤྱི་ཟླ་ ༡༠ པའི་ཟླ་འགོ་བཙུགས་ཁམས་ཚུན་ ཆརཔ་གི་དུས་ཚོད་ཨིན་པས། དུས་རབས་ ༢༠ པ་འགོ་བཙུགས་ཁམས་ཅིག་ཁར་ ཅཱཌ་འདི་ ཕཱརནསི་གི་དབང་འོག་ཅིག་ལུ་འགྱུར་ཏེ་ ཤུལ་ལས་ སྤྱི་ལོ་ ༡༩༦༠ ལུ་ རང་དབང་ཐོབ་ནུག། རྒྱལ་ཁབ་འདི་ ལམ་སྲོལ་དང་མི་རིགས་དང་སྐད་ཡིག་ དེ་ལས་ ཆོས་ལུགས་མ་འདྲཝ་ལེ་ཤ་ཅིག་གིས་ གྲུབ་ཡོདཔ་ཨིན།
'''མི་རློབས་དང་མི་རིགས་མ་འདྲཝ།'''
སྤྱི་ལོ་ ༢༠༢༥ ཟླ་ ༡ པའི་ཚེས་ ༡ ཚུན་ ཅཱཌ་གི་མི་རློབས་འདི་ མི་ ༡༩,༠༤༢,༦༨༧ ལུ་ ལྷོད་ཡོདཔ་སྦེ་ ཚོད་དཔག་འབད་དེ་ཡོད་མི་དེ་ཡང་ ལོ་གཅིག་གི་ཧེ་མ་ མི་རློབས་ ༡༨,༤༣༣,༩༩༦ དང་ཕྱདཔ་ད་ ༣.༣༠ % (༦༠༨,༦༩༡) ཡར་སེང་སོང་ཡོདཔ་ཨིན་པས། ཅཱཌ་འདི་མི་རིགས་མ་འདྲཝ་ ༢༠༠ དེ་ཅིག་ཡོད་པའི་རྒྱལ་ཁབ་ཅིག་ཨིན། འདི་ནང་ལས་ས་ར་མི་རིགས་འདི་ སྦོམ་ཤོས་ཅིག་ཨིནམ་ལས་ ས་ར་གི་མི་ཚུ་གིས་ ཁོང་གི་ཕ་བརྒྱུད་འདི་ ནིལ་གཙང་ཆུ་གི་བྱང་ཤར་ཁ་ཐུག་ལུ་ ཨ་ར་བི་ཡའི་བྱ་རོགས་ཚོང་པ་ཚུ་གིས་ སྤོ་བཤུད་འབད་དེ་ དུས་རབས་ ༡༦ པའི་ནང་ ཅཱཌ་ལུ་གཞི་བཅག་ནུག།
'''གཞུང་སྐྱོང་།'''
ཅཱཌ་འདི་ ཆོས་དང་འབྲེལ་བ་མེད་པའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཨིནམ་ལས་ རྒྱལ་ཁབ་དང་ཆོས་ལུགས་ཀྱི་བར་ན་ ཐ་དད་འདི་ ངེས་གཏན་བཟོཝ་ཨིན། རང་དབང་འདི་ མི་སེར་གྱི་ལག་པར་ བཙུགས་ཏེ་ཡོདཔ་དང་ ཁོང་གིས་ མི་མང་འོས་འདེམས་དང་ ཡང་ན་ ངོ་ཚབ་ཀྱི་བཙག་འཐུ་ཚུ་ ཡོངས་ཁྱབ་ཀྱི་ འོས་འབབ་ཐོག་ལས་ བཙུགསཔ་ཨིན། བཀོད་ཁྱབ་དབང་ཚད་འདི་ སྲིད་འཛིན་དང་གཞུང་གིས་ ལག་ལེན་འཐབ་ཨིན་མས། ཁྲིམས་བཟོའི་དབང་ཚད་དེ་ རྒྱལ་ཡོངས་ཚོགས་འདུ་དང་ ཚོགས་ཁང་གི་ལག་ཐོག་ཁར་ཨིན་མས། དྲང་ཁྲིམས་ལྷན་སྡེ་འདི་ ཁྲིམས་བཟོའི་དོན་ལུ་ཨིནམ་ལས་ ཁྲིམས་ཁང་དང་ བཀོད་ཁྱབ་འགོ་དཔོན་ཚུ་ལས་ རང་དབང་ཡོདཔ་ལས་ ཆེ་མཐོ་ཁྲིམས་འདུན་དང་ ཁྲིམས་འདུན་གྱི་ མཐོ་གཏུགས་ཁྲིམས་ཁང་ དེ་ལས་ ཞི་བདེ་གི་ཁྲིམས་དཔོན་ཚུ་གིས་ ལག་ལེན་འཐབ་ཨིན་མས། སྤྱི་ལོ་ ༡༩༩༦ ལུ་ ཆ་འཇོག་འབད་མི་ ཅཱཌ་གི་རྩ་ཁྲིམས་ཆེན་མོ་འདི་ ཅཱཌ་གི་ཁྲིམས་ལུགས་མཐོ་ཤོས་ཅིག་ཨིནམ་དང་ སྤྱི་ལོ་ ༢༠༠༥ ལུ་ བསྐྱར་བཅོས་འབད་ཡོདཔ་ཨིན་མས།
'''ཆོས་ལུགས།'''
ཅཱཌ་རྒྱལ་ཁབ་ནང་ཨིསི་ལམ་དང་ཡེ་ཤུའི་ཆོས་ལུགས་འདི་ ཁྱབ་ཆེ་ཤོས་སྦེ་ལག་ལེན་འཐབ་མི་ཆོས་ལུགས་ཨིན་མས། ཨིསི་ལམ་འདི་ དད་པ་མང་ཤོས་ཅིག་ཨིནམ་ལས་ དེ་གི་ཤུལ་ལས་ ཡེ་ཤུའི་ཆོས་ལུགས་འདི་ལག་ལེན་འཐབ་དོ་ཡོདཔ་ཨིན་མས། དེ་ལས་ རང་ལུགས་ཀྱི་ཆོས་ལུགས་ཚུ་དང་གཅིག་ཁར་ ངོས་འཛིན་འབད་མི་ མི་ཉུང་སུ་ཅིག་དང་ ཡང་ན་ ཆོས་ལུགས་དང་འབྲེལ་བའི་ འབྲེལ་བ་མེདཔ་མི་ཡང་ཡོདཔ་ཨིན་པས། མུ་ས་ལིམ་སྦོམ་ཤོས་འདི་ ཅཱཌ་གི་བྱང་དང་ཤར་ཁ་ཐུག་ལུ་མཐོངམ་ཨིན། བརྒྱ་ཆ་ལས་འབད་བར་ཅིན་ཨིསི་ལམ་གྱི་ཆོས་ལུགས་ལུ་གཙོ་བོ་བསྟོན་མི་ ༥༢.༡% ཡོདཔ་ཨིན་མས།
'''སྐད་ཡིག་དང་ལམ་སྲོལ་གྱི་སྐོར།'''
ཅཱཌ་ལུ་ གཞུང་འབྲེལ་གྱི་སྐད་ཡིག་གཉིས་ ཕེརེནཆི་དང་དེང་སང་གནས་ཚད་ཨ་ར་བིག་ དེ་ལས་ སྐད་ཡིག་ ༡༢༠ ལྷགཔ་ཅིག་ཡོདཔ་ཨིན། ཕེརེནཆི་འདི་ ཁྲོམ་ཚོགས་ངོ་མ་ཚུ་ནང་ ཁྱབ་ཆེཝ་སྦེ་སླབ་དོ་ཡོདཔ་དང་ དེ་ཡང་ ཨེན་ཇ་མེ་ན་དང་ རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ལུ་ ཕོ་སྐྱེས་མང་ཤོས་ཅིག་གིས་ར་ སླབ་ཨིན། ཕ་རཱན་སིའི་སྐད་ཡིག་འདི་ གཞུང་དང་ཤེས་ཡོན་གཉིས་ཆ་རའི་སྐད་ཡིག་ཨིན། ཨ་ར་བིག་འདི་ རྒྱལ་ཁབ་ཀྱི་བྱང་ཕྱོགས་ལུ་ ཉིན་བསྟར་གྱི་བརྒྱུད་འབྲེལ་དང་ རེ་ཌིའོ་རྒྱང་བསྒྲགས་ཀྱི་ཐོག་ལས་ ལག་ལེན་འཐབ་སའི་ རྒྱལ་ཁབ་ཀྱི་ བྱང་ཕྱོགས་ལུ་ གཙོ་བོར་བསྟེནམ་ཨིན།
ཅཱཌ་འདི་ ལམ་སྲོལ་སྣ་ཚོགས་དང་ སྔོན་ལུགས་ཀྱི་ལམ་སྲོལ་ དེ་ལས་ དྲོད་ཤུགས་ཅན་གྱི་ མགྲོན་བསུ་ཚུ་ ཕྱུགཔོ་སྦེ་ཡོདཔ་ཨིན། རྒས་ཤོས་ཚུ་ལུ་གུས་ཞབས་འབད་ནི་འདི་ ཅཱཌ་ལམ་སྲོལ་གྱི་ གཞི་རྩའི་རྣམ་པ་ཅིག་ཨིནམ་དང་ ན་གཞོན་མི་རབས་ཚུ་གིས་ རྒས་ཤོས་ཚུ་ལུ་ ཁ་སླབ་ནི་དང་ བྱ་སྤྱོད་གཉིས་ཆ་རའི་ནང་ལུ་ ཕར་འགྱངས་འབད་ནི་གི་རེ་བ་ཡོདཔ་ཨིན། འཚམས་འདྲི་འདི་ ཆ་ཌི་ཡཱན་གྱི་ཐབས་ལམ་གྱི་ ཁག་ཆེ་བའི་ཆ་ཤས་ཅིག་ཨིནམ་དང་ དེ་ཡང་ ལགཔ་གིས་ མགུ་ཏོ་ དེ་ལས་ ཁ་སླབ་ཀྱི་འཚམས་འདྲི་ཚུ་ འབྲེལ་འཐབ་ཀྱི་ སྤྱིར་བཏང་གི་ རྣམ་པ་ཅིག་ཨིན། ལོ་གཅིག་གི་རིང་ལུ་ ཅཱཌ་གིས་ རྒྱལ་ཁབ་ཀྱི་ སྲོལ་ཁྱུན་དང་ལམ་སྲོལ་ཕྱུགཔོ་ཚུ་ སྟོན་མི་ ལམ་སྲོལ་གྱི་དུས་སྟོན་དང་ མཛད་སྒོ་མ་འདྲཝ་ཚུ་ བརྩི་སྲུང་འབདཝ་ཨིན། དུས་སྟོན་འདི་བཟུམ་གཅིག་འདི་ སཱ་ཧེལ་ལུང་ཕྱོགས་ནང་ལུ་ ཝོ་ཌབ་མི་ཚུ་གིས་ བརྩི་སྲུང་འབད་མི་ གེ་རེ་ཝོལ་དུས་སྟོན་འདི་ཨིན། དུས་སྟོན་འདི་ མཛེས་སྡུག་དང་ མཐུན་སྒྲིལ་གྱི་ དུས་སྟོན་ཅིག་ཨིནམ་དང་ དེ་ནང་ རང་ལུགས་ཀྱི་ སྙན་ཆ་དང་ཞབས་ཁྲ་ དེ་ལས་ རྒྱས་བཤད་ཅན་གྱི་ གྱོན་ཆས་ཚུ་ བཀྲམ་སྟོན་འབདཝ་ཨིན་པས། གཞན་ཡང་ གལ་གནད་ཅན་གྱི་ལས་རིམ་འདི་ རྒྱལ་ས་ལྟེ་བ་ལུ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་མི་ ཨེན་ཌི་ཇ་མི་ན་རྒྱལ་སྤྱིའི་ལམ་སྲོལ་དུས་སྟོན་འདི་ཨིན། དུས་སྟོན་འདི་གིས་ ཅཱཌ་དང་ དེ་ལས་ལྷག་སྟེ་ སྒྱུ་རྩལ་མཁས་མཆོག་དང་ སྙན་ཆ་བཏང་མི་ དེ་ལས་ ཞབས་ཁྲ་འཐེན་མི་ཚུ་ གཅིག་ཁར་བསྡུ་སྟེ་ སྙན་ཆ་དང་ཞབས་ཁྲ་ གློག་བརྙན་ཁང་ དེ་ལས་ པར་རིས་ཀྱི་སྒྱུ་རྩལ་ཚུ་གི་ཐོག་ལས་ ཆ་ཌི་ཡཱན་གྱི་ལམ་སྲོལ་མ་འདྲཝ་ཚུ་ སྟོན་དོ་ཡོདཔ་ཨིན།
'''དཔལ་འབྱོར།'''
ཅཱཌ་ལུ་ དཔལ་འབྱོར་ལམ་ལུགས་སླ་བསྲེ་སྟེ་ཡོདཔ་དང་ མི་རློབས་མང་ཤོས་ཅིག་ར་ འཚོ་བའི་གནས་སྟངས་སྐྱོ་དྲགས་སྦེ་ སོ་ནམ་དང་ སྒོ་ནོར་ཚུ་ལུ་ བརྟེན་ཏེ་ཡོདཔ་ཨིན་རུང་ སྒེར་སྡེ་གོང་འཕེལ་འདི་ ཕྱི་རྒྱལ་གྱི་མ་རྩ་ལུ་རག་ལསཔ་ཨིན་མས། ཅཱཌ་གི་དཔལ་འབྱོར་གྱི་ཐོན་ཤུགས་གཙོ་བོ་འདི་མར་ཁུ་དང་སོ་ནམ་ཨིན། མར་ཁུ་གིས་ ཕྱིར་ཚོང་གི་འོང་འབབ་བརྒྱ་ཆ་ ༦༠ དེ་ཅིག་ བྱིན་དོ་ཡོདཔ་དང་ ཀ་བལ་དང་ སྒོ་ནོར་ དེ་ལས་ གུམ་ཨ་ར་བིཀ་གིས་ ཅཱཌ་གི་ མར་ཁུ་མེན་པའི་ ཕྱིར་ཚོང་གི་ འོང་འབབ་མང་ཤོས་ཅིག་ བྱིན་དོ་ཡོདཔ་ཨིན་པས། ཞབས་ཏོག་ལས་སྡེ་གིས་ རྒྱལ་ཡོངས་ནང་འདྲེན་གྱི་ ཕན་འདེབས་འབད་མི་ གསུམ་དཔྱད་ ༡ ལས་ ཉུངམ་སྦེ་ ཕན་ཐོགས་ཡོདཔ་དང་ མང་ཤོས་ཅིག་ བརྒྱུད་འཕྲིན་དང་ དངུལ་ཁང་ཚུ་གི་ཐོག་ལས་ ཕྱི་རྒྱལ་གྱི་ མ་རྩ་གཞི་བཙུགས་འབད་ཡོདཔ་ཨིན་པས། ཅཱཌ་གིས་ མི་དམངས་དང་ སྒེར་སྡེ་ལས་སྡེ་མང་ཤོས་ཅིག་ཕྱི་རྒྱལ་གྱི་གྲོགས་རམ་དང་ ཕྱི་རྒྱལ་གྱི་ མ་རྩ་ཚུ་ལུ་ བརྟེན་དོ་ཡོདཔ་ཨིན་པས། ཅཱཌ་ལུ་ མ་རྩ་བཙུགས་ནི་འདི་ གཞི་རྟེན་མཐུན་རྐྱེན་ཚད་ཅིག་ལས་བརྒལ་མེད་མི་དང་ སྦྱོང་བརྡར་ཐོབ་མི་ ལས་མི་མེད་མི་ དེ་ལས་ གཞུང་གི་ཡིག་ཚང་རྒྱ་ཆེཝ་སྦེ་ཡོད་མི་ལུ་བརྟེན་ ལཱ་ཁག་གཏངམ་ཨིན་མས། དཔལ་འབྱོར་གྱི་མཐོང་ཚུལ་འདི་ ལེགས་ཤོམ་ཅིག་ཨིནམ་ལས་ སྤྱི་ལོ་༢༠༢༤ ལུ་ བརྒྱ་ཆ་ ༥.༢ དང་ སྤྱི་ལོ་ ༢༠༢༥ ལུ་ བརྒྱ་ཆ་ ༥.༣ ཡར་སེང་སོང་ཡོདཔ་དང་ དེ་ཡང་ མར་ཁུ་ལས་སྡེ་གིས་ བསྐུལ་མ་འབད་ཡོདཔ་ཨིན། སྤྱི་ལོ་༢༠༠༥ ལས་ ༢༠༢༣ ཚུན་ སོ་ནམ་གྱི་ལཱ་ནང་ རྒྱལ་ཡོངས་ནང་འདྲེན་གྱི་ བརྒྱ་ཆ་ ༥༠ དེ་ཅིག་ཡོདཔ་དང་ དེ་གི་ཤུལ་ལས་ ཞབས་ཏོག་དང་ བཟོ་གྲྭ་ཚུ་ཨིན་པས།
'''ཅཱཌ་གི་མངའ་སྡེའི་སྐོར།'''
ཨོན་ཇཱ་མི་ན་འདི་ ཅཱཌ་གི་རྒྱལ་ས་ལྟེ་བ་ སྦོམ་ཤོས་ཅིག་ཨིན་མས། ཁྲོམ་སྡེ་གིས་ ཅཱཌ་ལུ་ དཔལ་འབྱོར་གྱི་ལཱ་གི་ལྟེ་བ་ཅིག་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན་མས། དེ་ཡང་ ཀ་བལ་འཛུགས་སྐྱོང་འབད་མི་དང་ སྒོ་ནོར་གསོ་སྐྱོང་ དེ་ལས་ ཉ་བཟུང་སའི་ས་ཁོངས་ཚུ་གི་སྦུག་ལུ་ཡོདཔ་ལས་ ཁྲོམ་གྱི་ས་ཁོངས་ཁག་ཆེ་ཤོས་ཅིག་ཨིན་མས། རྒྱལ་ས་ལྟེ་བ་འདི་ནང་མི་འབོར་ ༧༢༡༠༨༡ ལྷགཔ་ཅིག་འདུག།
'''རྒྱབ་རྟེན།'''
Where is Chad in the World?. (2025-03-14). World Population Review.
Where is Chad in the World?
Ariana Cole, Kevin Newton. (2023). chad ethnic group overview. study.com.
<nowiki>https://study.com/academy/lesson/chad-ethnic-groups.html</nowiki>
<nowiki>https://www.anothertravel.com/africa/chad/culture/</nowiki>
[[Category:ཨཕ་རི་ཀ།]]
6e2yl4lb9hf65oipw8tlc2ptl14tj6b
39530
39529
2026-03-29T10:47:13Z

2xljedczxt5b5r2i8es80uktt7bzxy1
ཅི་ལི། Chili
0
8967
39528
39525
2026-03-28T18:21:04Z
~2026-19547-35
13305
Redirected page to [[ཅི་ལི།]]
39528
wikitext
text/x-wiki
#REDIRECT [[ཅི་ལི།]]
gi4ohjopmrhf629gb55yy6sx1qvs5ok
ཅི་ལི།
0
8968
39527
2026-03-28T18:20:50Z
~2026-19547-35
13305
Created page with "{{Country2 |name = ཅི་ལི། |flag = Flag of Chile.svg |map = CHL orthographic.svg |capital = |area = 756 102 |population = 20 152 948 }} '''ཅི་ལི་རྒྱལ་ཁབ།''' ༉ ཅི་ལི་འདི་ ལྷོའ་ཨ་མི་རི་ཀའི་ནུབ་ཕྱོགས་མཚོ་འགྲམ་བདའ་སྟེ་ཡོད་པའི་རྒྱལ་ཁབ་ཅིག་ཨིན། ཅི་..."
39527
wikitext
text/x-wiki
{{Country2
|name = ཅི་ལི།
|flag = Flag of Chile.svg
|map = CHL orthographic.svg
|capital =
|area = 756 102
|population = 20 152 948
}}
'''ཅི་ལི་རྒྱལ་ཁབ།'''
༉ ཅི་ལི་འདི་ ལྷོའ་ཨ་མི་རི་ཀའི་ནུབ་ཕྱོགས་མཚོ་འགྲམ་བདའ་སྟེ་ཡོད་པའི་རྒྱལ་ཁབ་ཅིག་ཨིན། ཅི་ལི་འདི་ འཛམ་གླིང་ནང་ རྒྱལ་ཁབ་རིང་ཤོས་དང་ སྲབ་ཤོས་ཅིག་ཨིནམ་དང་ དེ་ཡང་ ཨེན་ཌིས་རི་དང་ པེ་སི་ཕིག་རྒྱ་མཚོའི་བར་ན་ བསྣར་ཏེ་ཡོདཔ་ཨིན། འདི་ཡང་ འཛམ་གླིང་ནང་ལུ་ བྱེ་ཐང་སྐམ་པ་ལས་ མི་ལོ་སྟོང་ཕྲག་ལས་བཅད་དེ་ འཁྱེག་མཚོ་ཚུན་ཚོད་ ད་ལྟོ་ཡང་ གསར་འཚོལ་འབད་ནི་ལུ་ བསྒུགས་ཏེ་ཡོད་མི་ བྱེ་ཐང་སྐམ་ཤོས་ཚུན་ཚོད་ ལུགས་སྲོལ་མ་འདྲཝ་ཡོདཔ་ཨིན། ལམ་སྲོལ་དང་གནམ་གཤིས་ཁྱད་པར་འདི་གིས་ རྒྱལ་ཁབ་དང་མི་སེར་ཚུ་གི་ངོ་རྟགས་འདི་ རྟགས་བཀོད་དེ་ཡོད་པའི་རྒྱལ་ཁབ་ཅིག་ཨིན་མས། དེ་ཡང་ ས་ཆ་ཡོངས་བསྡོམས་ཀི་ལོ་མི་ཊར་ གྲུ་བཞི་ ༢༠༠༦,༠༩༦ ཡོདཔ་ཨིན་མས། ཅི་ལི་གི་མི་ཚུ་གིས་ སྤྱི་ལོ་༡༨༡༠ ཟླ་ ༩ པའི་ཚེས་ ༡༨ ལུ་ ཨིསི་པེན་ལས་ རང་དབང་གི་ཉིནམ་སྦེ་ གསལ་བསྒྲགས་འབད་ནུག།
'''ཅི་ལི་རྒྱལ་ཁབ་མངའ་སྡེའི་སྐོར།'''
སཱན་ཊི་གཱོ་ འདི་ ཅི་ལི་གི་རྒྱལ་ས་ལྟེ་བ་ཨིན། སན་ཊི་ཡ་གོ་འདི་ ཅི་ལི་གི་ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིནམ་མ་ཚད་ ལེ་ཊིན་ཨ་མི་རི་ཀ་ལུ་ མི་རློབས་མང་ཤོས་ཡོད་མི་ཅིག་ཡང་ཨིན། ཁྲོམ་སྡེ་འདི་ནང་ རྒྱལ་ཡོངས་གཏན་མཛོད་དང་ དཔེ་མཛོད་དང་འགྲེམས་སྟོན་ཁང་ལེ་ཤ་ཅིག་ཡོདཔ་ཨིན། སཱན་ཊི་གཱོ་གིས་ ཅི་ལི་ གཞུང་སྐྱོང་ནང་ གལ་ཆེ་བའི་འགན་ཁུར་འབགཔ་ཨིན། དེ་ཡང་ ལ་མོན་ཌེ་ཕོ་བྲང་ (སྲིད་འཛིན་ཕོ་བྲང་) རྒྱལ་ཡོངས་སྲིད་དོན་ཚོགས་པདང་ མངོན་མཐོ་ཁྲིམས་འདུན་ཚུ་ཚུདཔ་ཨིན།ཁྲོམ་གྱི་གནམ་སྟོང་འདི་ དེང་སང་གི་མཁའ་དབྱིངས་དང་ རྒྱལ་རབས་ཀྱི་བཟོ་རིགས་ཚུ་ སླ་བསྲེ་རྐྱབ་སྟེ་ འདི་གི་འབྱུང་རབ་མ་འདྲཝ་ཚུ་ཡང་ཡོདཔ་ཨིན། ཁྲོམ་སྡེ་གིས་ སཱན་ཊི་ཡ་གོ་རྒྱལ་སྤྱི་གློག་བརྙན་དུས་སྟོན་དང་ སྙན་ཆ་དང་ཞབས་ཁྲ་རྐྱབ་ནིའི་ འཁྲབ་སྟོན་མ་འདྲཝ་ཚུ་ འགོ་འདྲེན་འཐབ་སྟེ་ སྒྱུ་རྩལ་གྱི་མཐོང་སྣང་ཚུ་ ལྟདམོ་ཨིན། སཱན་ཊི་གཱོ་ གི་ལམ་སྲོལ་གྱི་སེམས་འདི་ དུས་སྟོན་དང་དུས་སྟོན་ལེ་ཤ་ཅིག་ནང་ལུ་ མཐོང་ཚུགསཔ་ཨིན། དེ་ཡང་སྤྱི་ཟླ་དང་པའི་ནང་ དུས་སྟོན་གྱི་ ཆོས་ལུགས་བར་མའི་ de Teatro Santiago གིས་ ཁྲོམ་ཚོགས་འདི་ ཁྲོམ་ལམ་ཁར་ རིན་མེད་སྟོང་པ་སྦེ་ འཁྲབ་སྟོན་འབད་དེ་ ཁྲོམ་འདི་ ཕྱེ་སྟེ་ཡོད་པའི་ སྒྱུ་རྩལ་གྱི་ གནས་རིམ་ཅིག་ལུ་ འགྱུར་བཅོས་འབདཝ་ཨིན་མས།<ref>https://www.macrotrends.net/global-metrics/countries/chl/chile/population</ref>
'''མི་རློབས་དང་མི་རིགས།'''
སྤྱ་ིལོ་ ༢༠༢༥ ལུ་ ཅི་ལི་གི་ད་ལྟོའི་མི་རློབས་འདི་ ༡༩,༦༩༠,༣༢༣ ཨིནམང་ད་ སྤྱི་ ལོ་༢༠༢༤ ལས་ ༠.༡༦% ཡར་སེང་སོང་ཡོདཔ་ཨིན་མས། ཅི་ལི་ལུ་མི་རིགས་ལེ་ཤ་ཡོདཔ་དང་ མི་རིགས་ཆེ་ཤོས་འདི་ཡུ་རོབ་དང་མེསི་ཊི་ཟོ་ མ་པུ་ཅེ་ དེ་ལས་ ཆི་ལི་སྣ་མང་ཚུ་ཨིན་མས། རྒྱལ་ཁབ་ཀྱི་མི་རློབས་བརྒྱ་ཆ་ ༥༩ དེ་ཅིག་ ཡུ་རོབ་ཀྱི་མི་རིགས་ཡོདཔ་ཨིན་མས། ཡུ་རོབ་ཀྱི་མི་ཁུངས་ཚུ་ ཨིསི་པེ་ནིཤ་གི་རྒྱལ་ཁབ་ནང་ དབང་དུ་བསྡུ་བའི་སྐབས་ ཨིསི་པེན་ལས་ ཅི་ལི་ལུ་འོང་ཡོདཔ་ཨིན། དེ་ལས་ མེསི་ཊི་ཟོ་གི་མི་རིགས་སྦོམ་ཤོས་གཉིས་པ་བཟོཝ་ཨིན་མས། དེ་ཡང་ མི་རིགས་འདི་གིས་ ཅི་ལི་གི་མི་རློབས་བརྒྱ་ཆ་༢༥ དེ་ཅིག་ཡོདཔ་ཨིན། མཱ་པུ་ཅེ་ འདི་ ལྷོ་སེནཊ་རཱལ་ ཅི་ལི་ དང་ ཨར་ཇེན་ཊི་ནཊ་གི་ལྷོ་ཕྱོགས་ལུ་སྡོད་མི་ ས་གནས་ཀྱི་མི་ཚུ་ཨིན་མས། མཱ་པུ་ཅེ་ ཟེར་མི་འདི་ མི་རིགས་སྡེ་ཚན་མ་འདྲཝ་ཚུ་ལུ་ མི་སྡེ་དཔལ་འབྱོར་དང་ སྐད་ཡིག་ དེ་ལས་ ཆོས་ལུགས་ཀྱི་གཞི་བཀོད་ཚུ་ བརྗེ་སོར་འབད་དེ་ཡོད་མི་ཅིག་ལུ་སླབ་ཨིན་མས། ཅི་ལི་སྣ་མང་ཚུ་མི་རིགས་གྲངས་ཉུང་མི་རིགས་འདི་ ཅི་ལི་གི་མི་རློབས་བརྒྱ་ཆ་༧ ཡོདཔ་ཨིན་མས། <ref>https://www.worldatlas.com/articles/largest-ethnic-groups-in-chile.html</ref>
'''ཆོས་ལུགས།'''
ཅི་ལི་གི་མི་མང་ཤོས་ར་ རོ་མཱན་ཀེ་ཐོ་ལིག་གི་ཆོས་འདི་ཉམས་སུ་ལེན་ཨིན་མས། བརྒྱ་ཆ་༡༥ དེ་ཅིག་ ཀིརིསི་ཊི་ཡན་ པོརོ་ཊེས་ཊེནཊ་ཨིནམ་དང་ དེ་གིས་ ལེ་ཊིན་ཨ་མི་རི་ཀ་གི་ རྒྱལ་ཁབ་ཅིག་ཨིནམ་ལས་ ཆོས་ལུགས་ཀྱི་ ཤན་ཞུགས་སྦོམ་ཤོས་ཅིག་ཡོདཔ་ཨིན་པས། ཅི་ལི་ཡཱན་གྱི་བརྒྱ་ཆ་ ༢༥ དེ་ཅིག་ ཆོས་ལུགས་དང་འབྲེལ་བའི་ འབྲེལ་བ་མེད་པའི་ རྒྱལ་ཁབ་དང་ ཆོས་ལུགས་འདི་ ཁོང་གི་མི་ཚེ་ནང་ལུ་ ཁག་ཆེཝ་མེདཔ་སྦེ་ཨིན་མས། ཅི་ལི་ལུ་ ཆོས་ལུགས་ཀྱི་ དུས་སྟོན་འདི་ འཕྲལ་འཕྲལ་སྦེ་ར་ འབྱུང་དོ་ཡོདཔ་ལས་ ཆོ་གའི་སྦྱོར་བ་དང་ ཞབས་ཁྲ་ཚུ་གིས་ ལམ་སྲོལ་མ་འདྲཝ་ཚུ་ མཉམ་སྦྱོར་འབད་ཚུགསཔ་སྦེ་ སྟོན་དོ་ཡོདཔ་ཨིན་མས། མི་རིགས་ཆུང་བའི་ཆོས་ལུགས་ཚུ་ཡང་ ཨིསི་ལམ་དང་ ཇིའུ་ཆོས་ལུགས་ ཧིན་དྷུའི་ཆོས་ལུགས་ དེ་ལས་ ནང་པའི་ཆོས་ཚུ་ཚུདཔ་ཨིན།<ref><nowiki>https://www.adventure-life.com/chile/articles/culture-of</nowiki> chile#:~:text=Religion%20in%20Chile,with%20the%20greatest%20Protestant%20influence.</ref>
'''སྐད་ཡིག་དང་ལམ་སྲོལ།'''
ཨིས་པེ་ནིཤ་འདི་ ཅི་ལི་གི་གཞུང་འབྲེལ་དང་བདག་སྐྱོང་སྐད་ཡིག་ཨིན། དེ་ཡང་ མི་རློབས་བརྒྱ་ཆ་ ༩༩.༣ གྱིས་ ཅི་ལི་ཡཱན་ཨིསི་པེ་ནིཤ་གི་རྣམ་པ་ལུ་སྦེ་སླབ་ཨིན་མས། ཨིང་ལིཤ་དང་ ཇར་མ་ནི་གཉིས་ ཁྱབ་ཆེཝ་སྦེ་ ལག་ལེན་འཐབ་མ་ཚུགས་རུང་ སླབ་དོ་ཡོདཔ་ཨིན་པས། སྙན་ཆ་དང་ཞབས་ཁྲ་འདི་ ཆི་ལི་གི་ལམ་སྲོལ་གཙོ་བོ་ཅིག་ཨིནམ་དང་ རང་ལུགས་ཀྱི་ཞབས་ཁྲ་(pie de cueca )འདི་ ངོ་རྟགས་ཆེ་ཤོས་ཅིག་ཨིན་མས། འདི་ཡང་ རང་ལུགས་ཀྱི་ཞབས་ཁྲ་འདི་ ཕོ་སྐྱེས་ཚུ་གིས་ ཅི་ལི་གི་ ནོར་རྫིཔ་ཧུ་ཨ་སོ་གྱོན་ཡོདཔ་དང་ ཨམ་སྲུ་ཚུ་གིས་ རྒྱལ་ཡོངས་དུས་སྟོན་སྐབས་ གྱོན་མི་ གྱོན་ཆས་ཚུ་ གྱོནམ་ཨིན་མས། <ref>https://www.goway.com/destinations/south-america/chile/culture-and-traditions</ref>
'''དཔལ་འབྱོར།'''
ཅི་ལི་གི་དཔལ་འབྱོར་འདི་ སོ་ནམ་ཐོན་སྐྱེད་དང་ ཟངས་ ལྕགས་ དེ་ལས་ ནའི་ཊེཊ་གི་ས་གཏེར་དང་ མཚོ་ཐོན་ཁུངས་ཚུ་ བཀོལ་སྤྱོད་འབད་ནི་ཚུ་ལུ་གཞི་བཞག་སྟེ་ དཔལ་འབྱོར་གྱི་ལཱ་ཚུ་འབདཝ་ཨིན་མས། ཅི་ལི་གི་དཔལ་འབྱོར་ད་ལྟོ་ལེ་ཊིན་ཨ་མི་རི་ཀའི་ནང་ལུ་གནས་རིམ་ཤུགས་ཆེ་ཤོས་ལྔ་པ་ནང་ཚུདཔ་ཨིན་མས། འཛམ་གླིང་དངུལ་ཁང་གི་ གཞུང་འབྲེལ་གནས་སྡུད་དང་འཁྲིལཝ་ད་ ཆི་ལི་ལུ་ ནང་འཁོད་ཐོན་སྐྱེད་ཡོངས་བསྡོམས་འདི་ སྤྱི་ལོ་ ༢༠༢༣ ལུ་ ཡུ་ཨེསི་ཌོ་ལར་ དུང་ཕྱུར་ ༣༣༥.༥༣ ཡོདཔ་སྦེ་ཨིན་པས། ཆི་ལི་གི་ཕྱིར་ཚོང་མཐོ་ཤོས་ཚུ་ཡང་ ཟངས་ཨོ་རི་དང་ བཙོ་སྦྱོར་འབད་མི་ ཟངས་ ཀར་བོ་ནེཊ་ ཕིཤ་ཕིལཊ་ དེ་ལས་ ཕིཊ་ཊེཌ་ཤིང་འབྲས་ཚུ་མང་ཆེ་བ་ རྒྱ་ནག་དང་ཡུ་ནའི་ཊེཊ་ཨི་སི་ཊེཊ་ ཇ་པཱན་ ལྷོ་ཀོ་རི་ཡ་ དེ་ལས་ བཱར་ཟིལ་ལུ་ ཕྱིར་ཚོང་འཐབ་ཨིན་མས། ཅི་ལི་གི་ནང་འདྲེན་གཙོ་བོ་ཚུ་ཡང་ བསྐྱར་བཟོ་འབད་མི་ པེ་ཊོ་ལི་ཡམ་དང་ ཊུ་ཌི་པེ་ཊོ་ལི་ཡམ་ སྣུམ་འཁོར་ བཀྲམ་སྤེལ་ཊཱག་ དེ་ལས་ ས་སྣུམ་རླངས་རྫས་ཚུ་ མང་ཆེ་བ་རྒྱ་ནག་དང་ཡུ་ནའི་ཊེཊ་ཨི་སི་ཊེཊ་ བཱར་ཟིལ་ ཨར་ཇེན་ཊི་ན་དང་ ཇར་མ་ནི་ལས་ ནང་འདྲེན་འབད་ཡོདཔ་ཨིན་མས། <ref>https://oec.world/en/profile/country/chl</ref>
'''གཞུང་སྐྱོང་།'''
ཅི་ལི་གི་གཞུང་འདི་ངོ་ཚབ་ཅན་གྱི་སྤྱི་མཐུན་རྒྱལ་ཁབ་ཨིན། སྲིད་འཛིན་འདི་ རྒྱལ་ཁབ་ཀྱི་དབུ་ཁྲིད་དང་གཞུང་གི་འགོ་དཔོན་གཉིས་ཆ་ར་ཨིན།རྒྱལ་ཡོངས་སྲིད་དོན་ཚོགས་པ་འདི་ འཐུས་མི་འོགམ་དང་ ཁྲིམས་ཁང་ལུ་ དབྱེ་བ་ཕྱེ་སྟེ་ཡོདཔ་ཨིན། གཞུང་གི་ཡན་ལག་འདི་གིས་ ཁྲིམས་བཟོའི་དབང་ཚད་འབག་སྟེ་ སྲིད་འཛིན་ལུ་ བཀོད་ཁྱབ་དབང་ཚད་བརྗེ་སོར་འབདཝ་ཨིན། བཀོད་ཁྱབ་ཡན་ལག་འོག་ལུ་ སྲིད་འཛིན་གྱིས་ གཞུང་གི་ལཱ་ཚུ་ འབད་དགོ་པའི་འགན་ཁུར་འབགཔ་ཨིནམ་དང་ དེ་ཡང་ ཁྲིམས་ལུགས་གསརཔ་ཚུ་ ངོས་ལེན་འབད་ནི་དང་ གཞུང་འབྲེལ་དུ་ གསལ་བསྒྲགས་འབད་ནི་ཚུ་ ཚུདཔ་ཨིན་པས།ཁྲིམས་བཟོའི་ཡན་ལག་གིས་ཡང་ ཁྲིམས་ལུགས་ཚུ་ གཞུང་གིས་འབད་ཚུགསཔ་བཟོ་ནིའི་དོན་ལུ་ ལཱ་འབདཝ་ཨིན་པས། ཁྲིམས་ཁང་གི་ཡན་ལག་འདི་གིས་ གཞུང་གི་བཀོད་ཁྱབ་དང་ཁྲིམས་དོན་ཡན་ལག་ཚུ་ལས་ རང་དབང་ཅན་སྦེ་ ལཱ་འབདཝ་ཨིནམ་དང་ དེ་ནང་ མངོན་མཐོ་ཁྲིམས་འདུན་དང་ མཐོ་གཏུགས་ཁྲིམས་ཁང་ རྩ་ཁྲིམས་ཁྲིམས་འདུན་ དེ་ལས་ དམག་སྡེའི་ཁྲིམས་ཁང་ཚུ་ཨིན་པས། ཁྲིམས་དོན་ལམ་ལུགས་འདི་ རོ་མཱན་གྱི་ཁྲིམས་ལུགས་ལུ་གཞི་བཞག་སྟེ་ ཡུ་རོབ་ལས་འབྱུང་ཡོདཔ་དང་ སྒྲིག་གཞི་གི་གཞི་རྩ་ཚུ་ལུ་གཞི་བཞག་སྟེ་ཨིན་མས།
'''རྒྱབ་རྟེན།'''
<references/>
fcxn6rzzz44xgfakqg9jni6ukqrdfu6