Wikipedia dzwiki https://dz.wikipedia.org/wiki/%E0%BD%98%E0%BC%8B%E0%BD%A4%E0%BD%BC%E0%BD%82%E0%BC%8D MediaWiki 1.46.0-wmf.22 first-letter Media Special Talk User User talk Wikipedia Wikipedia talk File File talk MediaWiki MediaWiki talk Template Template talk Help Help talk Category Category talk TimedText TimedText talk Module Module talk Event Event talk བར་ཆད་ལམ་སེལ་མ། 0 5151 39567 39498 2026-04-05T00:36:56Z ~2026-21067-15 13336 39567 wikitext text/x-wiki <big>༄༅། །བར་ཆད་ལམ་སེལ་མ་བཞུགས་སོ།། ༄༅། །ཨོྃ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་གི་བླ་མ་ངོ་མཚར་སྤྲུལ་པའི་སྐུ༔ རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛད༔ བོད་ཡུལ་དབུས་སུ་ཞལ་བྱོན་དྲེགས་པ་བཏུལ༔ ཨོ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛདཿ ཐུགས་རྗེ་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྐུ་ཡི་ངོ་མཚར་མཐོང་བའི་ཚེ༔ གཡས་པས་རལ་གྲིའི་ཕྱག་རྒྱ་མཛད༔ གཡོན་པས་འགུགས་པའི་ཕྱག་རྒྱ་མཛདཿ ཞལ་བགྲད་མཆེ་གཙིགས་གྱེན་ལ་གཟིགས༔ རྒྱལ་བའི་གདུང་འཛིན་འགྲོ་བའི་མགོན༔ ཐུགས་རྗེས་བདག་ལ༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ༀ་ཨཱ༔ཧཱུྃ་བཛྲ༴ དམ་ཆོས་རིན་ཆེན་གསན་པའི་ཚེ༔ སྐུ་གསལ་འོད་ཟེར་མདངས་དང་ལྡན༔ ཕྱག་གཡས་སྡེ་སྣོད་གླེགས་བམ་བསྣམས༔ གཡོན་པས་ཕུར་པའི་པུ་སྟི་བསྣམས༔ ཟབ་མོའི་ཆོས་རྣམས་ཐུགས་སུ་ཆུད༔ ཡང་ལེ་ཤོད་ཀྱི་པཎྜིཏ༔ ཐུགས་རྗེས་བདག་ལ༴ བརྩེ་བས༴ དགོངས་པས༔ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོ་ཨཱ༔ཧཱུྃ་བཛྲ༴ དམ་ཅན་དམ་ལ་བཏགས་པའི་ཚེ༔ དྲི་མེད་གནས་མཆོག་ཉམས་རེ་དགའ༔ རྒྱ་གར་བོད་ཡུལ་ས་མཚམས་སུ༔ བྱིན་གྱིས་བརླབས་ནས་བྱོན་པའི་ཚེ༔ དྲི་བསུང་སྤོས་ངད་ལྡན་པའི་རི༔ མེ་ཏོག་པདྨ་དགུན་ཡང་སྐྱེ༔ ཆུ་མིག་བྱང་ཆུབ་བདུད་རྩིའི་ཆུ༔ བདེ་ལྡན་དེ་ཡི་གནས་མཆོག་ཏུ༔ སྐྱེས་མཆོག་ཚུལ་བཟང་ཆོས་གོས་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས༔ གཡོན་པས་རིན་ཆེན་ཟ་མ་ཏོགཿ རཀྟ་བདུད་རྩིས་ནང་དུ་གཏམས༔ མཁའ་འགྲོ་དམ་ཅན་དམ་ལ་བཏགས༔ ཡི་དམ་ཞལ་གཟིགས་དངོས་གྲུབ་བརྙེས༔ ཐུགས་རྗེས་བདག་ལ༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ཨོཾ་ཨཱཿཧཱུྃ་བཛྲ༴ རྒྱལ་བའི་བསྟན་པ་བཙུགས་པའི་ཚེ༔ གཡའ་རིའི་ནགས་ལ་སྒྲུབ་པ་མཛད༔ བསྙེན་ཕུར་ནམ་མཁའི་དབྱིངས་སུ་འཕང་༔ རྡོ་རྗེ་ཕྱག་རྒྱས་བླངས་ཤིང་བསྒྲིལ༔ བསྒྲིལ་ཞིང་ཙནྡན་ནགས་སུ་འཕང་༔ མེ་འབར་འཁྲུགས་ཤིང་མཚོ་ཡང་སྐེམ༔ སྲིབ་ཀྱི་མུ་སྟེགས་ས་གང་བསྲེགས༔ ཡཀྵ་ནག་པོ་རྡུལ་དུ་བརླག༔ འགྲན་གྱི་དོ་མེད་བདུད་ཀྱི་གཤེད༔ ཐུགས་རྗེས་བདག་ལ༔ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ་བཛྲ༴ སྲིན་པོའི་ཁ་གནོན་མཛད་པའི་ཚེ༔ ཁྱེའུ་ཆུང་སྤྲུལ་སྐུའི་ཆ་ལུགས་ཅན༔ ཡ་མཚན་གཟུགས་བཟང་ཁ་དོག་ལེགསཿ ཚེམས་འགྲིགས་དབུ་སྐྲ་སེར་ལ་མཛེས༔ དགུང་ལོ་བཅུ་དྲུག་ལོན་པའི་ཚུལ༔ རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལ༔ ཕྱག་གཡས་འཁར་བའི་ཕུར་པ་བསྣམས༔ བདུད་དང་སྲིན་པོའི་ཁ་གནོན་མཛད༔ གཡོན་པས་སེང་ལྡེང་ཕུར་པ་བསྣམས༔ མོས་པའི་བུ་ལ་སྲུང་སྐྱོབ་མཛདཿ མགུལ་ན་ལྕགས་ཀྱི་ཕུར་པ་བསྣམས༔ ཡི་དམ་ལྷ་དང་གཉིས་སུ་མེད༔ གཉིས་མེད་སྤྲུལ་སྐུ་འཛམ་གླིང་རྒྱན༔ ཐུགས་རྗེས་བདག་ལ༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ་བཛྲ༴ འདྲེ་ཡི་ཡུལ་དུ་དགོངས་པའི་ཚེ༔ མེ་དཔུང་ཤོད་ཀྱི་ས་གཞི་ལཿ མདའ་རྒྱང་གང་གི་མཚོ་ནང་དུ༔ པདྨའི་སྟེང་དུ་བསིལ་བསིལ་འདྲ༔ པདྨའི་ནང་ན་དགོངས་པ་མཛདཿ མཚན་ཡང་པདྨ་འབྱུང་གནས་ཞེས༔ རྫོགས་པའི་སངས་རྒྱས་དངོས་སུ་བྱོན༔ དེ་འདྲའི་སྤྲུལ་སྐུ་ཡ་མཚན་ཅན༔ ཐུགས་རྗེས་བདག་ལ༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོ་ཨཱཿཧཱུྃ་བཛྲ༴ བོད་ཀྱི་ཉི་མ་མཛད་པའི་ཚེ༔ དད་ལྡན་འགྲོ་བ་འདྲེན་པའི་དཔལ༔ གང་ལ་གང་འདུལ་སྐུར་བསྟན་ནསཿ གཙང་ཁ་ལ་ཡི་ལ་ཐོག་ཏུ༔ དགྲ་ལྷའི་དགེ་བསྙེན་དམ་ལ་བཏགས༔ ཡུལ་ནི་ཚ་བའི་ཚ་ཤོད་དུ༔ ལྷ་ཡི་དགེ་བསྙེན་དྲེགས་པ་ཅན༔ ཉི་ཤུ་རྩ་གཅིག་དམ་ལ་བཏགས༔ མང་ཡུལ་དེ་ཡི་བྱམས་སྤྲིན་དུ༔ དགེ་སློང་བཞི་ལ་དངོས་གྲུབ་གནང་༔ ཁྱད་པར་འཕགས་པའི་རིག་འཛིན་མཆོག༔ ཐུགས་རྗེས་བདག་ལ༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༔ ཨོཾ་ཨཱཿཧཱུྃ་བཛྲ༴ དཔལ་མོ་ཐང་གི་དཔལ་ཐང་དུ༔ བརྟན་མ་བཅུ་གཉིས་དམ་ལ་བཏགས༔ བོད་ཡུལ་ཁ་ལའི་ལ་ཐོག་ཏུ༔ གངས་དཀར་ཤ་མེད་དམ་ལ་བཏགས༔ འདམ་ཤོད་ལྷ་བུའི་སྙིང་དྲུང་དུ༔ ཐང་ལྷ་ཡར་བཞུད་དམ་ལ་བཏགས༔ ཧས་པོ་རི་ཡི་ཡང་གོང་དུ༔ ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ ཆེ་བའི་ལྷ་འདྲེ་ཐམས་ཅད་ཀྱིས༔ ལ་ལས་སྲོག་གི་སྙིང་པོ་ཕུལ༔ ལ་ལས་བསྟན་པ་བསྲུང་བར་བྱས༔ ལ་ལས་བྲན་དུ་ཁས་བླངས་བྱསཿ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེས་བདག་ལ༔ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ་བཛྲ༴ དམ་པ་ཆོས་ཀྱི་བསྟན་པ་ནི༔ རྒྱལ་མཚན་ལྟ་བུར་བཙུགས་པའི་ཚེ༔ བསམ་ཡས་མ་བཞེངས་ལྷུན་གྱིས་གྲུབ༔ རྒྱལ་པོའི་དགོངས་པ་མཐར་ཕྱིན་མཛད༔ སྐྱེས་མཆོག་གསུམ་གྱི་མཚན་ཡང་གསོལ༔ གཅིག་ནི་པདྨ་འབྱུང་གནས་ཞེས༔ གཅིག་ནི་པདྨ་སམྦྷ་ཝ༔ གཅིག་ནི་མཚོ་སྐྱེས་རྡོ་རྗེ་ཞེས༔ གསང་མཚན་རྡོ་རྗེ་དྲག་པོ་རྩལ༔ ཐུགས་རྗེས་བདག་ལ༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡ་༔ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ་བཛྲ༴ བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད༔ རྐྱེན་ངན་ཟློག་ཅིང་དངོས་གྲུབ་གནང༔ རྗེ་བློན་ཐར་པའི་ལམ་ལ་བཀོདཿ གདོན་གཟུགས་བོན་གྱི་བསྟན་པ་བསྣུབསཿ ཆོས་སྐུ་དྲི་མེད་རིན་ཆེན་བསྟན༔ སྐལ་ལྡན་སངས་རྒྱས་ས་ལ་བཀོདཿ ཐུགས་རྗེས་བདག་ལ༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི་རྫ༔ གུས་པས༴ ཨོཾ་ཨཱཿཧཱུྃ་བཛྲ༴ དེ་ནས་ཨོ་རྒྱན་ཡུལ་དུ་བྱོན༔ ད་ལྟ་སྲིན་པོའི་ཁ་གནོན་མཛད༔ མི་ལས་ལྷག་གྱུར་ཡ་མཚན་ཆེ༔ སྤྱོད་པ་རྨད་བྱུང་ངོ་མཚར་ཆེ༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེས་བདག་ལ༴ བརྩེ་བས༴ དགོངས་པས༔ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོ་ཨཱ༔ཧཱུྃ་བཛྲ༴ སྐུ་གསུང་ཐུགས་ལྡན་འགྲོ་བ་འདྲེན་པའི་དཔལ༔ སྒྲིབ་པ་ཀུན་སྤངས་ཁམས་གསུམ་ས་ལེར་མཁྱེན༔ དངོས་གྲུབ་མཆོག་བརྙེས་བདེ་ཆེན་མཆོག་གི་སྐུ༔ བྱང་ཆུབ་སྒྲུབ་པའི་བར་ཆད་ངེས་པར་སེལ༔ ཐུགས་རྗེས་བདག་ལ༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིསབརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ </big> dctgg2rv4cp03jntg8sglax79tcp8wj འབྲུག་ལུ་བལྟ་བཤལ། 0 7618 39568 35898 2026-04-05T07:31:10Z Shivombasu 13338 39568 wikitext text/x-wiki [[File:Drukair_Airbus_A319_at_Paro_Airport_No1.jpg|right|thumb|300x300px|[[པཱ་རོ་གནམ་ཐང་|སྤ་རོ་གནམ་གྲུ་ཐང་]] ནང་ འབྲུག་ཨེ་ཡར་ གྱི་ གནམ་གྲུ་ཨེ་ཡར་བཱསི་ཨེ་༣༡༩ ལས་ མར་འབབ་འགྱོ་བའི་བསྒང་།]] '''འབྲུག་ལུ་ ལྟ་བཤལ་འདི་''' སྤྱི་ལོ་༡༩༧༤ ལུ་ འགོ་བཙུགས་ཡོདཔ་ད་ དེ་བསྒང་ འབྲུག་གཞུང་གིས་ འོང་འབབ་ཡར་སེང་འབད་ནི་དང་ འབྲུག་གི་ལམ་སྲོལ་དང་ ལམ་སྲོལ་ཚུ་ ཕྱི་ཁར་ཁྱབ་སྤེལ་འབད་ནིའི་དོན་ལུ་ རང་རྐྱང་སྦེ་ཡོད་མི་ རྒྱལ་ཁབ་འདི་ ཕྱི་མི་ཚུ་ལུ་ སྒོ་ཕྱེ་ཡོདཔ་ཨིན། སྤྱི་ལོ་༡༩༧༤ ལུ་ [[འབྲུག|འབྲུག་རྒྱལ་ཁབ་ནང་]] ལྟ་ བཤལཔ་བསྡོམས་༢༨༧ འོང་ ཡོདཔ་ཨིན་པས། འབྲུག་ལུ་འོང་མི་ ལྟ་བཤལཔ་གི་གྱངས་ཁ་འདི་ སྤྱི་ལོ་༡༩༩༢ ལུ་ ༢,༨༥༠ ལུ་ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༡༩༩༩ ལུ་ ལྟ་བཤལཔ་༧,༡༥༨ ལུ་ ཡར་སེང་སོང་ཡོདཔ་<ref name="Digital himalaya"> {{Cite web |last=Dorji, Tandi |title=Sustainability of Tourism in Bhutan |url=http://www.thlib.org/static/reprints/jbs/JBS_03_01_03.pdf |access-date=August 10, 2008 |publisher=Digital Himalaya}}</ref> སྤྱི་ལོ་༡༩༨༠ མཇུག་བསྡུ་ཁམས་ཅིག་ཁར་ ལྟ་བཤལ་ལས་ ལོ་བསྟར་གྱི་འོང་འབབ་ ཡུ་ཨེས་དྲོ་ལར་ས་ཡ་༢ ལྷགཔ་ཅིག་ ཕན་ཐོགས་བྱུང་ནུག། ཕྱི་མི་ཚུ་ལུ་ སྒོ་ཕྱེ་ཡོད་རུང་ འབྲུག་གཞུང་གིས་ ལྟ་ བཤལཔ་ཚུ་གིས་ འབྲུག་གི་ གཞན་དང་མ་འདྲ་བའི་ ས་ཆའི་གནས་སྟངས་དང་ ལམ་སྲོལ་ཚུ་ལུ་ མཐའ་འཁོར་གནས་སྟངས་ལུ་ གནོད་སྐྱོན་རྐྱབ་ཚུགས་པའི་ ཤེས་རྟོགས་ཡོདཔ་ཨིན་པས། དེ་དང་འཁྲིལ་ ཁོང་གིས་ ལྟ་བཤལ་གྱི་ལས་སྣ་གི་ གནས་ཚད་དེ་ འགོ་ཐོག་ལས་ར་ ཚད་འཛིན་འབད་དེ་ སྤུས་ཚད་ཅན་གྱི་ ལྟ་བཤལ་ལུ་ གཙོ་བོར་བསྟེན་ཡོདཔ་ཨིན་པས། འགོ་ཐོག་ལུ་ སྲིད་བྱུས་འདི་ "བརྩི་མཐོང་མཐོ་དྲགས་དང་ འབོར་ཚད་དམའ་ཤོས་" ལྟ་བཤལ་ཟེར་སླབ་ཨིན། སྤྱི་ལོ་༢༠༠༨ལུ་ མིང་འདི་ "བརྩི་མཐོང་མཐོ་དྲགས་དང་ གནོད་པ་དམའ་ཤོས་" "ཕྲ་མོ་ཨིན་རུང་ གལ་གནད་ཅན་གྱི་བསྒྱུར་བཅོས་" ཟེར་བཏགས་ཡོདཔ་ཨིན། འབྲུག་ལུ་འགྱོ་བའི་སྐབས་ལུ་ ལྟ་བཤལཔ་གི་གྱངས་ཁ་ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ ཕན་གནོད་ཉུང་ ལས་བརྒལ་མེདཔ་ལས་ འབྲུག་ལུ་འགྱོ་ནི་གི་དོན་ལུ་ ཕྱུགཔོ་སྦེ་དགོཔ་ཨིནམ་ལས་ སྐྱོན་བརྗོད་དང་ "བརྩི་མཐོང་ཆེ་བའི་ལྟ་བཤལཔ་" འབད་ནི་གི་དོན་ལུ་ ཕྱུགཔོ་འོང་དགོཔ་ཨིན་ན་ཟེར་བའི་དྲི་བ་ཚུ་ བཀོད་དོ་ཡོདཔ་ཨིན།<ref> {{Cite book |last=Schroeder |first=Kent |url=https://books.google.com/books?id=LXo4DwAAQBAJ |title=Politics of Gross National Happiness: Governance and Development in Bhutan |publisher=Springer |isbn=9783319653884 |location=Cham (Zug) |publication-date=2017 |page=55 |chapter=The Last Shangri-La? |quote=To drive increased tourism revenues, the earlier approach of 'high value, low volume' was replaced by 'high value, low impact'. This represented a subtle but significant shift. |access-date=25 January 2020}}</ref> ལྟ་བཤལཔ་ཚུ་གི་དོན་ལུ་ རྒྱ་གར་དང་ མཱལ་ཌི་བི་ཡ་ དེ་ལས་ བང་ལ་དེཤ་གི་མི་སེར་ཚུ་མ་གཏོགས་ མི་རེ་ལུ་ ཉིནམ་རེ་ལུ་ ཡུ་ཨེས་དྲོ་ལར་༡༠༠<ref><ref name=":0" /></ref> རེ་ སྤྲོད་དགོཔ་ཨིན་པས། སྤྱི་ལོ་༢༠༠༥ ལུ་ "ཡུན་བརྟན་ལྟ་བཤལ་གོང་འཕེལ་གྱི་ཐབས་བྱུས" ཟེར་མི་ཡིག་ཆ་ཅིག་གིས་ "རྒྱལ་ཁབ་ཀྱི་ལམ་སྲོལ་དང་མཐའ་འཁོར་གནས་སྟངས་ལག་ལེན་འཐབ་སྟེ་ ལྟ་བཤལཔ་གི་གྱངས་ཁ་ཡར་སེང་འབད་ནི་ལུ་ གཙོ་བོར་བསྟེན་ཡོདཔ་ཨིན།" ལྟ་བཤལ་གྱི་ལྟེ་བ་ཁག་ཆེ་ཤོས་འདི་ འབྲུག་གི་རྒྱལ་ས་ལྟེ་བ་ [[ཐིམ་ཕུག།|ཐིམ་ཕུག་]] ལུ་ཨིནམ་དང་ ནུབ་ཕྱོགས་ཀྱི་ [[པ་རོ་ (རྒེད་འོག་གི་རྒྱལ་ས་)|སྤ་རོ་]] ལུ་ཡོད་པའི་ སྟག་ཚང་ འདི་ སྤ་རོ་ལུང་གཤོངས་ལུ་བལྟ་སྟེ་ གངས་རི་གི་མཐའ་མར་ དགོན་སྡེ་ཅིག་ཡོདཔ་ཨིན། ལྷ་ཁང་འདི་ [[ནང་ཆོས།|ནང་པ་ཚུ་]] གི་དོན་ལུ་ རྩ་ཅན་ཅིག་ཨིན། ལྷ་ཁང་གི་ནང་ན་ལུ་ བྱག་ཕུག་ཅིག་ཡོདཔ་ད་ དེ་ནང་ ནང་པའི་ཆོས་དར་ཁྱབ་གཏང་ནིའི་དོན་ལུ་ འབྲུག་ལུ་ ནང་པའི་ཆོས་འབག་འོང་མི་ སངས་རྒྱས་ཀྱི་ལྷ་ཚུ་གིས་ ཉིནམ་༩༠ གི་རིང་ སྒོམ་རྐྱབ་སྟེ་ སྡོད་ཡོདཔ་ཨིན་པས། ལྷ་ཁང་འདི་ ལོ་ངོ་སྟོང་ཕྲག་ལྷགཔ་ཅིག་གི་རིང་ལུ་ བཞེངས་ཏེ་ཡོདཔ་ཨིན།<ref name=":0">{{cite web |last=Ahuja |first=Bhawna |date=27 August 2023 |title=Enhancing Bhutan's Tourism Sector: Strategies for Success |url=https://www.indrastra.com/2023/08/enhancing-bhutans-tourism-sector.html |access-date=5 April 2026 |website=IndraStra Global |publisher=IndraStra Global}}</ref> ལྟ་བཤལ་ལས་ཁུངས་ཀྱིས་ སྤྱི་ལོ་༢༠༢༤ སྤྱི་ཟླ་༡༢ པའི་ཚེས་༢༨ ལུ་ འབྲུག་གི་ལྟ་བཤལ་ལས་སྡེ་གི་དོན་ལུ་ རྒྱལ་རབས་ཅན་གྱི་ དུས་སྟོན་བརྩི་སྲུང་འབད་ནིའི་དོན་ལུ་ ལྟ་བཤལ་ལས་ཁུངས་ཀྱིས་ "ལྟ་བཤལ་གྱི་ཆ་རོགས་" ཟེར་ [[འཇིགས་མེད་ཁེ་སར་རྣམ་རྒྱལ་དབང་ཕྱུག|མི་]] ལས་རིམ་འདི་ འགོ་བཙུགས་ཡོདཔ་ཨིན། ལས་རིམ་འདི་གི་དམིགས་གཏད་འདི་ཡང་ འབྲུག་གི་དམིགས་ཡུལ་ལུ་རྒྱབ་སྐྱོར་འབད་ནི་དང་ རྒྱལ་ཁབ་ཀྱི་བལྟ་བཤལ་ལས་སྡེ་གོང་འཕེལ་བཏང་ནི་ དེ་ལས་ དོན་སྨིན་ཅན་གྱི་ཉམས་མྱོང་བྱིན་ཐབས་ལུ་ མི་སེར་དང་ལས་སྡེ་ཚུ་ མཉམ་འབྲེལ་པ་སྦེ་ གཅིག་ཁར་བསྡུ་ནི་འདི་ཨིན་མས། ད་རུང་ ལས་ཁུངས་ནང་ གོང་འཕེལ་གྱི་སྐོར་ལས་ འབྲེལ་གཏོགས་ཅན་ཚུ་ལུ་ དུས་མཐུན་བཟོ་ནིའི་དོན་ལུ་ ཟླཝ་རེ་ནང་ ལྟ་བཤལ་བརྡ་དོན་ཚུ་ འགོ་བཙུགས་ཡོདཔ་ཨིན་པས། བརྡ་བརྒྱུད་སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༤ སྤྱི་ཟླ་༡༡ པའི་ནང་ འབྲུག་ལུ་ ལྟ་བཤལཔ་༡༥,༩༩༠ འོང་ཡོདཔ་ཨིན་པས། དེ་གི་གྲས་ལས་༧,༠༣༤ རྒྱལ་སྤྱིའི་ལྟ་བཤལཔ་ཚུ་ཨིནམ་ད་༨,༩༥༦ རྒྱ་གར་ལས་ཨིན་པས། [[པཱ་རོ་གནམ་ཐང་|སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་]] བརྒྱུད་དེ་ ལྟ་བཤལཔ་༧,༩༨༦ དང་ [[ཕུན་ཚོགས་གླིང་|ཕུན་ཚོགས་གླིང་གཅིག་]] བསྡོམས་ཞིབ་དཔྱད་ས་ཁོངས་བརྒྱུད་དེ་༨,༠༡༨ དེ་ལས་ [[བསམ་གྲུབ་ལྗོངས་མཁར་]] ལས་༤༡ དེ་ལས་ [[དགེ་ལེགས་ཕུ་|དགེ་ལེ་ཕུག་]] བརྒྱུད་དེ་༡༦ རེ་ ལྷོད་ཡོདཔ་ཨིན་པས།<ref>{{Cite web |title=“Friends of Tourism” initiative to foster high-value tourism |url=https://kuenselonline.com/friends-of-tourism-initiative-to-foster-high-value-tourism/ |access-date=2025-01-04 |website=Kuensel Online}}</ref> ==ཕྱིའི་འབྲེལ་མཐུད།== *[[འབྲུག་ཡུལ་དང་འཁྲེལ་ཡོད་པའི་ཤོག་ལེབ་ཚུ།]] ==ཁུངས་གཏུག== [[Category:འབྲུག་ཡུལ་]] [[Category:འབྲུག]] piunyh1dgdoc20hy7fn4c4wmsrkb890