Wikipedia
dzwiki
https://dz.wikipedia.org/wiki/%E0%BD%98%E0%BC%8B%E0%BD%A4%E0%BD%BC%E0%BD%82%E0%BC%8D
MediaWiki 1.46.0-wmf.23
first-letter
Media
Special
Talk
User
User talk
Wikipedia
Wikipedia talk
File
File talk
MediaWiki
MediaWiki talk
Template
Template talk
Help
Help talk
Category
Category talk
TimedText
TimedText talk
Module
Module talk
Event
Event talk
ཧ་ཝ་ན། Havana
0
8981
39629
39586
2026-04-15T05:25:30Z
Kinleyg
12459
39629
wikitext
text/x-wiki
[[File:Havana (Cuba, February 2023) - 80.jpg|thumb|376x376px]]
༉ ཧ་ཝ་ན་ཟེར་བའི་ཁྲོམ་སྡེ་འདི་ ཀིའུ་བ་གི་རྒྱལ་ས་ལྟེ་བ་དང་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན་པའི་ཁར་ རྒྱལ་རབས་ཕྱུགཔོ་དང་ ལམ་སྲོལ་གྱི་སྲོལ་ཁྱུན་ དེ་ལས་ བཟོ་བཀོད་མཛེས་སྡུག་ལྡན་པའི་ ཁྲོམ་ཆེན་ཅིག་ཨིན་མས། མཚོ་གླིང་འདི་གི་ བྱང་ཕྱོགས་མཚོ་འགྲམ་ལུ་ཆགས་ཏེ་ཡོད་མི་ ཧ་ཝ་ན་ཁྲོམ་སྡེ་འདི་ ཀིའུ་བ་གི་གྲུ་ཁ་ངོ་མ་ཅིག་དང་ ཚོང་འབྲེལ་གྱི་ལྟེ་བ་ཅིག་ཡང་ཨིན་པས།
ཧ་ཝ་ན་ཁྲོམ་སྡེ་གི་ས་ཆའི་རྒྱ་ཁྱོན་ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་མ་ ༧༢༨,༢༦ ཡོདཔ་དང་ ཁྲོམ་ཚོགས་འདི་ མཚོ་མཐའི་ས་ཁོངས་ལུ་་བརྟེན་ ལྷོ་ལས་བྱང་ཁ་ཐུག་ལུ་ ཨཱལ་མེན་ཌརསི་གཙང་ཆུ་དང་ ཕོལོ་རི་ཌ་གི་མཚོ་ཁ་ཚུ་གི་བསྐོར་ཏེ་ཡོདཔ་ཨིན། ཧ་ཝ་ན་ལུ་ གནམ་གཤིས་ཚ་དྲོད་དང་ལྡནམ་སྦེ་ཡོདཔ་དང་ སྤྱི་ཟླ་ ༥ པ་ལས་ ༡༠ པ་ཚུན་ ཆརཔ་གི་དུས་ཚོད་དང་ སྤྱི་ཟླ་ ༡༡ པ་ལས་ སྤྱི་ཟླ་ ༤ པ་ཚུན་ སྐམ་པའི་དུས་ཚོད་ཚུ་ མཐོང་དོ་ཡོདཔ་ཨིན་པས། སྤྱིར་བཏང་ལུ་ དྲོད་ཚད་འདི་ ལོ་བསྟར་བཞིན་དུ་ དྲོད་ཤུགས་ཅན་ཅིག་ཨིནམ་ལས་ ཆརཔ་གི་དུས་ཚོད་ལུ་ འཕྲལ་འཕྲལ་སྐབས་ རླུང་འཚུབ་ཡང་འཕུ་དོ་ཡོདཔ་ཨིན། <ref name=":0">Wikipedia. (2025). ''Havana.'' Published by: Creative Commons. Retrieved from: <nowiki>https://en.wikipedia.org/wiki/Havana</nowiki></ref>ཟེར་བཀོད་ནུག།
ཝི་ཀི་པི་ཌི་ཡ་<ref name=":0" /> དང་འཁྲིལ་བ་ཅིན་ སྤྱི་ལོ་ ༢༠༢༡ ལུ་ ཧ་ཝ་ན་ཁྲོམ་སྡེ་གི་མི་རློབས་འདི་ ཧ་ལམ་ ༢,༡༤༢,༩༣༩ དེ་ཅིག་ཡོདཔ་ལས་ ཀིའུ་བ་ལུ་ མི་རློབས་མང་ཤོས་ཡོད་པའི་ཁྲོམ་ཚོགས་ཅིག་ལུ་གྱུར་ཡོདཔ་ཨིན་པས། ཁྲོམ་གྱི་མི་འབོར་ཞིབ་རྩིས་དང་འཁྲིལ་བ་ཅིན་ བརྒྱ་ཆ་ ༥༨.༤ དེ་ཅིག་ མི་རིགས་དཀརཔོ་དང་ མེསི་ཊི་ཟོ་ ཡང་ན་ མུ་ལ་ཊོ་བརྒྱ་ཆ་ ༢༦.༤ དེ་ལས་ མི་རིགས་ནགཔོ་བརྒྱ་ཆ་ ༡༥.༢ དང་ ཨེ་ཤི་ཡ་གི་མི་སེར་བརྒྱ་ཆ་ ༠.༢ དེ་ཅིག་ཡོདཔ་ཨིན་ཟེར་བཀོད་བཞག་ནུག། མི་རློབས་འདི་ཡོངས་རྫོགས་ཁྲོམ་ཚོགས་ནང་ཨིནམ་ལས་ མི་རློབས་མཐོ་ཤོས་ཡང་ ཀི་ལོ་མི་ཊར་གྲུ་བཞི་མ་རེ་ལུ་ མི་རློབས་ ༢༩༤༢.༢ དེ་ཅིག་ཡོདཔ་ཨིན་ཟེར་བཤད་དེ་འདུག།
ཧ་ཝ་ན་ཁྲོམ་ཚོགས་འདི་ སྤྱི་ལོ་ ༡༥༡༩ ལུ་ ཨིསི་པེན་གྱིས་གཞི་བཙུགས་འབད་ཡོདཔ་དང་ དེ་བསྒང་གྱོགས་པ་ར་ ཨིསི་པེན་རྒྱལ་ཁམས་ཀྱི་ ཐབས་བྱུས་ཅན་གྱི་གྲུ་ཆགས་ས་ཅིག་ལུ་གྱུར་ཏེ་ ཨིསི་པེན་ལུ་ལོག་འོངས་མི་ རྒྱུ་ནོར་གྱི་གྲུ་གཟིངས་ཚུ་ བཀག་ཆ་འབད་སའི་ས་གོ་གཙོ་བོ་ཅིག་སྦེ་ལཱ་འབད་ཡོདཔ་ཨིན་པས། ཁྲོམ་ཚོགས་འདི་གིས་ སྤྱི་ལོ་ ༡༥༥༥ ལུ་ ཕཱརནསི་གི་དམག་མི་ ཇེག་ཀིསི་ཌི་སོ་རེས་ཀྱིས་འགོ་ཁྲིད་འབད་དེ་ མཚོ་ཇག་གི་དམག་རྐྱབ་མི་ལེ་ཤ་ར་བྱུང་ཡོདཔ་ལས་ རྫོང་རྒྱ་སྦོམ་སྦེ་རྐྱབ་དགོཔ་ཐོན་ཡོདཔ་དང་ ཤུལ་ལས་ སྤྱི་ལོ་ ༡༦༠༧ ལུ་ ཧ་ཝ་ན་འདི་ ཀིའུ་བ་གི་རྒྱལ་ས་ལྟེ་བ་སྦེ་ བསྐོ་བཞག་འབད་ཡོདཔ་ཨིན། ཁྲོམ་ཚོགས་འདི་ དུས་རབས་ ༡༨ པའི་ནང་ ཡར་རྒྱས་འགྱོ་སྟེ་ གྲུ་བཟོ་སའི་ལྟེ་བ་གཙོ་བོ་ཅིག་ལུ་གྱུར་ཡོདཔ་མ་ཚད་ སྤྱི་ལོ་ ༡༧༦༢ ལུ་ ལོ་བདུན་གྱི་རིང་ལུ་དམག་འཁྲུག་རྐྱབ་པའི་སྐབས་ བིརི་ཊིཤ་གིས་ ཧ་ཝ་ན་གི་ས་ཁོངས་འདི་ ཨིསི་པེན་ལུ་ ལོག་མ་སྤྲོད་པའི་ཧེ་མ་ དུས་ཡུན་ཐུང་ཀུ་ཅིག་གི་དོན་ལུ་ དབང་དུ་བསྡུ་ཡོད་པའི་ལོ་རྒྱུས་ཡང་འདུག། དེ་ལས་ ཧ་ཝ་ན་འདི་ རང་དབང་ཐོབ་པའི་ཤུལ་ལས་ ཁྲོམ་ཚོགས་འདི་ ལམ་སྲོལ་དང་དཔལ་འབྱོར་གྱི་ལྟེ་བ་ཅིག་ལུ་གྱུར་ཡོདཔ་དང་ སྤྱི་ལོ་ ༡༩༥༩ ལུ་ ཀིའུ་བཱན་གྱི་གཞུང་རྒོལ་ལུ་བརྟེན་ སྲིད་དོན་དང་མི་སྡེའི་ནང་འགྱུར་བ་སྦོམ་སྦེ་ར་འགྱོ་ཡོདཔ་དང་ ཁྲོམ་ཚོགས་འདི་ གཞུང་གི་དབང་དུ་བསྡུ་བའི་དཀའ་ངལ་དང་ སོ་ཝེཏ་ཡུ་ནི་ཡན་ཧྲམ་འགྱོ་བའི་ཤུལ་ལས་ དཔལ་འབྱོར་གྱི་གདོང་ལེན་མ་འདྲཝ་ལེ་ཤ་ར་བྱུང་ནུག།
ཧ་ཝ་ན་འདི་ ཁྲོམ་སྡེ་ ༡༥ ལུ་དབྱེ་སྟེ་ ཁྲོམ་སྡེ་དང་མངའ་སྡེ་གཉིས་ཆ་རའི་འགན་ཁུར་འབག་སྟེ་ལཱ་འབད་དོ་ཡོདཔ་ཨིན། ཁྲོམ་འདི་ ཧ་ཝ་ན་མངའ་སྡེ་གཞུང་གིས་ འཛིན་སྐྱོང་འཐབ་དོ་ཡོདཔ་དང་ རི་ནལ་ཌོ་གཱར་སི་ཡ་ཟ་པ་ཏ་གིས་ གཞུང་སྐྱོང་པ་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན། སྲིད་དོན་ལམ་ལུགས་འདི་ དབང་ཚད་ལྟེ་བ་ལུ་བསྡུ་སྟེ་ཡོདཔ་ལས་ ཀིའུ་བ་དམངས་གཙོའི་ཚོགས་པ་གིས་ ཤན་ཞུགས་སྦོམ་སྦེ་ར་འབད་དེ་ཡོདཔ་ཨིནམ་དང་ ས་གནས་གཞུང་ནང་ མི་སྡེ་གནས་རིམ་གྱི་གནད་དོན་ཚུ་ ཐག་བཅད་མི་ མི་སེར་ཚོགས་སྡེ་ཚུ་ཡང་ཚུདཔ་ཨིན་པས།
ཧ་ཝ་ན་གི་གཞུང་འབྲེལ་སྐད་ཡིག་འདི་ ཨིས་པེ་ནིཤི་ཨིན་པས། ཁྲོམ་སྡེ་འདི་གི་ ལམ་སྲོལ་འདི་ ཨིས་པེ་ནིཤ་གི་དབང་འོག་སྲོལ་རྒྱུན་དང་ ཨཕ་རོ་ཀིའུ་བཱན་གི་ཤན་ཞུགས་ཚུ་སླ་བསྲེ་རྐྱབ་སྟེ་ཡོདཔ་ལས་ སྙན་ཆ་དང་ཞབས་ཁྲ་ དེ་ལས་ ཆོས་དང་འབྲེལ་བའི་ལག་ལེན་ཚུ་ནང་ལས་ཕར་ གསལ་ཏོག་ཏོ་སྦེ་མཐོང་ཚུགསཔ་ཨིན། རང་ལུགས་ཀྱི་སྙན་ཆའི་རིགས་ཡང་ སཱན་དང་སཱལ་ས་ དེ་ལས་ རུམ་བ་ཚུ་ཨིནམ་དང་ འདི་ཚུ་ ཧ་ཝ་ན་གི་ཁྲོམ་ཚོགས་དང་མི་སེར་གྱི་ངོ་རྟགས་ལུ་ གལ་ཆེ་ཤོས་ཅིག་ཨིན་པས། ཁྲོམ་སྡེ་འདི་ དབང་འོག་དུས་སྐབས་ཀྱི་སྒྲིང་ཁྱིམ་དང་ རྫོང་ དེ་ལས་ ཡུ་ནིསི་ཀོ་གི་འཛམ་གླིང་སྲོལ་ཁྱུན་ས་ཁོངས་ ཧ་ཝ་ན་རྙིངམ་བཟུམ་གྱི་ ཁྱིམ་ཚང་ཚུ་ཡོད་པའི་ བཟོ་རིགས་ཚུ་གི་དོན་ལུ་ཡང་ ཡོངས་གྲགས་ཡོདཔ་ཨིན། <ref name=":0" />ཟེར་བཀོད་དེ་འདུག།
ཧ་ཝ་ན་གི་མི་སྡེ་ནང་ རྩེད་རིགས་འདི་ཁག་ཆེ་ཤོས་ཅིག་ཨིན་པས། བེསི་བཱོལ་འདི་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིནམ་ལས་ ཁྲོམ་སྡེ་འདི་ནང་ སྡེ་ཚན་དང་རྩེད་ཐང་ལེ་ཤ་ཅིག་ཡོདཔ་ཨིན་པས། རྩེད་རིགས་གཞན་ཡང་ མཛོག་ཁྱད་དང་ ལག་རིལ་བོ་ལི་བཱོལ་ དེ་ལས་ ལུས་རྩེད་ཚུ་ཁྱབ་ཆེཝ་སྦེ་ རྩེད་འགྲན་འབད་དོ་ཡོདཔ་ཨིན་པའི་ཁར་ སྤྲོ་བའི་ལས་རིམ་ཚུ་ཡང་ འཕྲལ་འཕྲལ་ར་ མི་སྡེ་འཛོམས་སའི་ས་གོ་ཅིག་སྦེ་ལག་ལེན་འཐབ་མི་ ཡོངས་གྲགས་ཅན་གྱི་མཚོ་གྱང་ མ་ལེ་ཀོན་བདའ་སྟེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས། ཧ་ཝ་ན་གི་བཟའ་འཐུང་གིས་ ཨིསི་པེ་ནིཤ་དང་ཨཕ་རི་ཀ་ དེ་ལས་ ཀེ་རི་བི་ཡན་གྱི་བྲོཝ་ཚུ་ མཉམ་བསྡོམས་འབད་དེ་ གསལ་སྟོན་འབདཝ་ཨིན། བཞེས་སྒོ་གཙོ་བོ་ཚུ་ཡང་ ཆུམ་དང་སྲནམ་ཅུམ་ ཕག་ཤ་ དེ་ལས་ མཚོ་ཟས་ཚུ་ཨིན་པའི་ཁར་ ཁྲོམ་སྡེ་འདི་ རམ་དང་ སི་གཱར་ཟེར་གཏམ་ཁུ་དྲིལ་དུམ་གྱི་དོན་ལུ་ཡང་ ཡོངས་གྲགས་ཡོདཔ་དང་ དེ་ནང་ ཀིའུ་བཱན་གྱི་རིང་ལུགས་གི་བཟའ་འཐུང་དང་ མངར་ཆབ་བཀྲམ་སྤེལ་འབད་ས་ཚུ་ཡོདཔ་ཨིན།
ཧ་ཝ་ན་གི་དཔལ་འབྱོར་འདི་ བཟོ་གྲྭ་དང་སྐྱེ་ལྡན་འཕྲུལ་རིག་ དེ་ལས་ ལྟ་བཤལ་བཟུམ་གྱི་ ལས་སྡེ་ཚུ་ཨིན་མས། ཁྲོམ་འདི་ ཀིའུ་བ་གི་ཚོང་འབྲེལ་གྱི་ལྟེ་བ་ཅིག་ཨིནམ་དང་ གྲུ་ཁ་འདི་གིས་ ནང་འདྲེན་དང་ཕྱིར་ཚོང་གི་ཁག་ཆེ་བའི་འཛིན་སྐྱོང་འཐབ་ནི་ལུ་ཁེ་ཕན་བྱུང་ཡོདཔ་དང་ ལྟ་བཤལ་འདི་ ཁག་ཆེ་བའི་བཟོ་གྲྭ་ཅིག་ལུ་གྱུར་ཏེ་ཡོདཔ་ལས་ལྟ་བཤལཔ་ཚུ་ རྒྱལ་རབས་ཅན་གྱི་ས་ཁོངས་དང་ལམ་སྲོལ་གྱི་སྤྱན་འབུལ་ཚུ་གི་མཐོང་སྣང་ལུ་བརྟེན་ ཚུར་བཀུག་ཚུགས་དོ་ཡོདཔ་ཨིན་པས། ཨིན་རུང་ རྒྱལ་སྤྱིའི་བཀག་ཆ་དང་ ནང་འཁོད་ཀྱི་ལྕོགས་གྲུབ་མེད་མི་ལུ་བརྟེན་ དཔལ་འབྱོར་ལུ་གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། དེ་ཡང་ འདས་པའི་ལོ་ཚུ་ནང་ ཧ་ཝ་ན་ལུ་ གཞི་རྟེན་ཅ་ཆས་མ་ལངས་པའི་དཀའ་ངལ་དང་ གོང་ཚད་ཡར་སེང་ དེ་ལས་ གཞི་རྟེན་མཐུན་རྐྱེན་ཚུ་བརྩིས་ཏེ་ དཔལ་འབྱོར་གྱི་དཀའ་ངལ་ཚུ་ ཐོན་ཏེ་ཡོདཔ་ཨིན་པས། རོ་ཌི་རི་གུ་ཟི་ཨེན་ཌི་རི་ཡ་<ref>Rodriguez, A. (2020). ''Economy tanking, Cuba launches some long-delayed reforms.'' Published by: The Associated Press. Retrieved from: <nowiki>https://apnews.com/article/virus-outbreak-global-trade-havana-cuba-latin-america-1fa09d2dfeded715f443677e82dd5b7c</nowiki></ref> གི་བཀོད་བཞག་མི་དང་འཁྲིལ་བ་ཅིན་ ཡུ་ཨེས་ཀྱི་ཚོང་འབྲེལ་བཀག་དམ་དང་ ཀོ་བིཌ་-༡༩ གི་ནད་ཡམས་ཀྱིས་ དཀའ་ངལ་འདི་ཚུ་ མང་སུ་མང་སུ་བཟོ་སྟེ་ ཕྱི་ཁར་འགྱོ་མི་དང་ མི་མང་གི་བློ་འདོད་ཚིམས་མ་ཚུགས་པའི་གདོང་ལེན་ ཡར་སེང་འགྱོ་སྟེ་ཡོདཔ་ཨིན། གཞུང་གིས་ དཔལ་འབྱོར་ལེགས་སྒྱུར་འབད་ནི་ལུ་ རྩ་འགེངས་ཏེ་འབད་རུང་ མི་སེར་མང་ཤོས་ཅིག་གིས་ ཉིན་བསྟར་གྱི་མི་ཚེ་ནང་དཀའ་ངལ་ཚུ་ འཕྲོ་མཐུད་དེ་ར་འབྱུང་དོ་ཡོདཔ་ཨིན་ཟེར་བཤད་དེ་འདུག།
ཧ་ཝ་ན་ཁྲོམ་སྡེ་འདི་ རྒྱལ་རབས་ཀྱི་ཕྱུགཔོ་ཅིག་འབདཝ་ལས་ དེང་སང་གི་གདོང་ལེན་ག་བཟུམ་འབྱུང་རུང་ འདི་ལུ་རྒྱབ་བཤུད་མེད་པར་ ངོས་ལེན་འབད་ཚུགས་པའི་ ཁྱད་པར་ཅན་གྱི་ཁྲོམ་ཚོགས་ཅིག་ཨིན། ཁྲོམ་འདི་ནང་ དཔལ་འབྱོར་དང་མི་སྡེའི་མགུ་རྙོག་དྲགས་ཚུ་གི་ཐད་ཁར་དཀའ་ངལ་སེལ་བའི་སྐབས་ལུ་ཡང་ ལམ་སྲོལ་ཕྱུགཔོ་དང་ མི་རློབས་བཟོད་བསྲན་ཅན་ཚུ་གིས་ རང་བཤིས་འདི་ འཕྲོ་མཐུད་དེ་ར་ ངེས་ཚིག་བརྗོད་དོ་ཡོདཔ་ཨིན། དེ་མ་ཚད་ ཧ་ཝ་ན་ཁྲོམ་སྡེ་འདི་ ཀིའུ་བ་གི་རྒྱལ་ས་ལྟེ་བ་ཅིག་འབདཝ་ལས་ རྒྱལ་ཁབ་ཀྱི་ངོ་རྟགས་དང་ གཞན་གྱིས་རེ་འདོད་ཅན་གྱི་ཁྲོམ་ཚོགས་ཅིག་སྦེ་ལུས་ཡོདཔ་ཨིན།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
'''རྒྱབ་རྟེན་དཔེ་དེབ།'''
[[Category:ཀིའུ་བྷ།]]
nmwzb67bs3ups47ai7b1rd51ejpbp4z
ཨོ་ཤ་ཝ། Oshawa
0
8989
39627
39593
2026-04-15T04:43:06Z
Kinleyg
12459
39627
wikitext
text/x-wiki
[[File:Oshawa waterfront (6578111351).jpg|thumb|321x321px|ཨོ་ཤ་ཝ་མཚོའི་མཐའ་མ།]]
༉ ཨོ་ཤ་ཝ་འདི་ ཀེ་ན་ཌ་གི་ཨོན་ཊ་རི་ཡོ་མངའ་སྡེ་ནང་ལུ་ཆགས་ཏེ་ཡོདཔ་དང་ དེ་ཡང་ ཊོ་རོན་ཊོ་ཁྲོམ་གྱི་ཤར་ཕྱོགས་ཁ་ཐུག་ལུ་ ཀི་ལོ་མི་ཊར་ ༦༠ དེ་ཅིག་གི་ས་ཁར་ ཨོན་ཊ་རི་ཡོ་མཚོའི་བྱང་ཕྱོགས་ལུ་ཆགས་ཡོདཔ་ཨིན། རྒྱལ་རབས་ནང་ལུ་ ཀེ་ན་ཌ་གི་རང་འགུལ་ཅན་གྱི་རྒྱལ་ས་ལྟེ་བ་སྦེ་ ཡོངས་གྲགས་ཡོད་མི་ ཨོ་ཤ་ཝ་འདི་ དེང་སང་གི་ཁྲོམ་ཚོགས་ལྟེ་བ་ཅིག་ལུ་གྱུར་ཏེ་ དཔལ་འབྱོར་སྣ་མང་དང་ མི་སྡེ་སྤྲོ་སྣང་ཅན་ དེ་ལས་ ཤེས་ཡོན་གཙུག་སྡེ་ཡར་རྒྱས་འགྱོ་དོ་ཡོདཔ་ཨིན།
[[File:Oshawa ON.JPG|thumb|320x320px|ཨོ་ཤ་ཝ་ཌའུན་ཌའུན་ཁྲོམས་སྡེ།]]
ངོ་སྤྲོད།
༉ ཀེ་ན་ཌ་གི་རྒྱལ་ཁབ་ ཨཱོན་ཊ་རི་ཨོ་ཟེར་ས་ལུ་ ཆགས་ཡོད་མི་ཨོ་ཤ་ཝ་འདི་ ཨཱོན་ཊ་རི་ཨོ་མཚོ་གི་འགྲམ་ལུ་ཡོདཔ་ད་ ཊོ་རཱོན་ཊོ་ལས་ ཤར་ཕྱོགས་ཁ་ཐུག་ ཀི་ལོ་མི་ཊར་ ༦༠ གི་ ས་ཁར་ཡོདཔ་ཨིན། སྣུམ་འཁོར་དང་འབྲེལ་བའི་ ཁྲོམ་ཅིག་ཨིནམ་དང་ ཨོ་ཤ་ཝ་ལུ་ སྤྱི་བཏང་འཕྲུལ་རིགས་ལུ་མཁོ་བའི་ མོ་ཊར་བཟོ་སྐྲུན་ནང་ལུ་ བྱུང་རབས་ཅན་ཅིག་ཨིན་པས། ཁྲོམ་ཚོགས་ནང་ལུ་ མི་རློབས་ཡང་སྣ་ཚོགས་ཡོདཔ་ད་ དཔལ་འབྱོར་ཚུ་ཡར་རྒྱས་འགྱོ་བའི་བསྒང་ར་ཡོད། འདི་ནང་ ཁྲོམ་གྱི་གནས་སྟངས་དང་ རང་བཞིན་གྱི་མཛེས་ཆ་ སྐྱེད་ཚལ་གླིང་ག་ ཆུའི་འགྲམ་དང་ ལམ་སྲོལ་ཅན་གྱི་གནས་ཚུ་གིས་ ས་གནས་འདི་ཁར་ འོང་སྟེ་སྡོད་དགོ་མནོ་སི་སི་བཟོཝ་ཨིན།
ས་ཆའི་གནས་སྟངས་དང་ སྦོམ་ཚད་ མངའ་སྡེའི་བདག་སྐྱོང་།
ཨོ་ཤ་ཝ་འདི་ ལྷོ་ཕྱོགས་ཨཱོན་ཊ་རི་ཨོ་དང་ ཨཱོན་ཊ་རི་ཨོ་གི་བྱང་ཕྱོགས་ཀྱི་མཚོའི་འགྲམ་ལུ་ཆགས་ཏེ་ཡོད། ས་ཆའི་སྦོམ་ཚད་འདི་ཡང་ ཨིས་ཀོ་ཡར་ཀི་ལོ་མི་ཊར་ ཡུདཔ་ཅིག་ ༡༤༥.༣ དེ་ཅིག་ ཡོདཔ་ཨིན། ཨོ་ཤ་ཝ་ཁྲོམ་འདི་ དུར་ཧམ་ཁྲོམ་སྡེའི་ལུང་ཕྱོགས་ཀྱི་གྲངས་སུ་ཚུད་མི་ནང་ ཁྲོམ་གཞན་ཡང་ལེ་ཤ་ཅིག་ར་ཡོདཔ་ཨིན། ཁྲོམ་ཅིག་ འབདཝ་ལས་ གྲོང་སྡེ་ལས་འཛིན་གྱིས་ བདག་སྐྱོང་འབདཝ་ཨིན་པས། ས་གནས་འདི་ཡང་ ཨཱོན་ཊ་རི་ཨོ་གི་མངའ་ཁོངས་ལུ་ཚུདཔ་ཨིན།
བྱུང་རབས།
བྱུང་རབས་དང་འཁྲིལ་བ་ཅིན་ ཨོ་ཤ་ཝ་འདི་ དུས་རབས་ ༡༩ པ་ནང་ལས་ར་ སྤྱི་ལོ་ ༡༨༠༠ གི་ལོ་ནང་ལུ་ ཡུ་རོ་པིན་ ས་གནས་དབང་འོག་པ་ཚུ་གིས་ གཞི་བཅའ་སྡོད་ནུག། མ་གཞི་གི་ ས་གནས་འདི་ སོ་ནམ་པའི་མི་སྡེ་ཅིག་སྦེ་ འགོ་བཙུགས་ཡོད་རུང་ གོ་ལེ་སྦེ་ དུས་རབས་ ༡༩ པའི་ཕྱི་མཚམས་ལས་ ཨོ་ཤ་ཝའི་ཤིང་རྟ་འཁོར་གྱི་ལས་འབྲེལ་ནང་ལུ་ ཤུགས་ཐལ་ཡོདཔ་ཨིན། དུས་རབས་ ༢༠ ནང་ལུ་ ཨོ་ཤ་ཝའི་ཁྲོམ་འདི་ སྣུམ་འཁོར་དང་འབྲེལ་བའི་ མོ་ཊར་བཟོ་སྐྲུན་ནང་ལུ་ གཙོ་བོ་ཅིག་སྦེ་བྱུང་ཡོདཔ་ཨིན། བཟོ་སྐྲུན་ལས་སྡེ་ དང་པ་ར་ སྤྱི་ལོ་ ༡༩༡༨ ལུ་ གཞི་བཙུགས་མཛད་ནུག། དུས་ཚོད་ རིམ་འགྱུར་སྦེ་འོངམ་ད་ ཨོ་ཤ་ཝའི་ཁྲོམ་ཚོགས་འདི་ བཟོ་སྐྲུན་སྣ་ཚོགས་ཡོད་མི་ཅིག་ལུ་ གྱུར་ཡོདཔ་དང་ ད་རེས་ནངས་པ་ དུས་དང་འཁྲིལ་བའི་ཁྲོམ་ཅིག་ལུ་ གྱུར་ཚུགས་ཏེ་ཡོད། ཨིན་རུང་ སྔོན་རབས་ཚུ་ བདག་སྲུང་འབད་དེ་ཡོདཔ་ཨིན།
མི་རློབས་དང་མི་རིགས།
སྤྱི་ལོ་ ༢༠༢༡་གི་ མི་རྩིས་དང་འཁྲིལ་བ་ཅིན་ ཨོ་ཤ་ཝ་དང་ ཨཱོན་ཏྲ་རི་ཨོ་ལུ་ མི་རློབས་ ༡༧༥,༣༨༣ འདུག།
ཁྲོམ་འདི་ནང་ ཧེ་མ་ལས་ར་ མང་སུ་ཅིག་ཡོད་མི་ ཡུ་རོ་པིན་གྱི་རིགས་རྒྱུད་ཚུ་ཡང་།
* ཨིང་ལིཤ། བརྒྱ་ཆ་ ༢༢.༩།
* ཨའི་རིཤ། བརྒྱ་ཆ་ ༡༨.༣།
* ཨིས་ཀོ་ཊིཤ། བརྒྱ་ཆ་ ༡༨.༢།
* ཀེ་ན་ཊི་ཡཱན། བརྒྱ་ཆ་ ༡༦.༤།
* ཇར་མཱན། བརྒྱ་ཆ་ ༦.༨།
* ཕྲནཆ། བརྒྱ་ཆ་ ༦.༣།
* ཨི་ཊ་ལི་ཡཱན། བརྒྱ་ཆ་ ༥.༥།
མི་རློབས་ཉུང་སུ་སྦེ་ཡོད་མི།
* གནགཔོ། ༡༠,༠༨༥།
* ལྷོ་ཨེ་ཤི་ཡ། ༦,༨༥༥།
* རྒྱ་གནགཔ། ༡,༣༤༠།
* ཕི་ལི་པི་ནོ། ༣,༡༠༠།
* ཨ་རབ། ༨༤༠།
* ལ་ཊིན་ཨ་མེ་རི་ཀ། ༡,༦༥༤།
འ་ནི་གནད་བསྡུ་གིས་ ཨོ་ཤ་ཝ་གི་ སྣ་ཚོགས་ཅན་གྱི་མི་རློབས་ཞིབ་རྩིས་ཚུ་སྟོནམ་ཨིནམ་དང་ ལམ་སྲོལ་མཉམ་སྡེབ་འབད་དེ་ ཁྲོམ་ཚོགས་ཀྱི་ གཞན་དང་མ་འདྲ་བའི་ གཤིས་རྒྱུད་ཅིག་སྟོན་ཚུགསཔ་ཨིན་པས།
གཞུང་དང་སྲིད་ཚོགས་ལམ་ལུགས།
ཨོ་ཤ་ཝ་གི་ཁྲོམ་ཚོགས་འདི་ གྲོང་སྡེ་ལས་འཛིན་གྱིས་སྦེ་ བདག་སྐྱོང་ལམ་ལུགས་འཛིན་སྐྱོང་འབད་དོ་ཡོདཔ་དང་ འདི་ཡང་ ལོ་བཞི་གི་རྒྱབ་ལས་ བཙག་འཐུ་ལས་གྲུབ་མི་ ཁྲོམ་དཔོན་དང་འཐུས་མི་ཚུ་ཡོདཔ་ཨིན། ཁྲོམ་ཚོགས་འདི་ དུར་ཧམ་གྲོང་སྡེ་ལས་འཛིན་གྱི་ཆ་ཤས་ཅིག་ཨིནམ་ལས་ སྐྱེལ་འདྲེན་དང་ ཁྲོམ་གྱི་སྲིད་བྱུས་ནང་ལུ་ གྲོགས་རམ་འབདཝ་ཨིན་པས། ཨོ་ཤ་ཝའི་ས་གནས་གཞུང་འདི་ ཁྲོམ་དང་འབྲེལ་བའི་གནད་དོན་ དཔེར་ན་ ཁྲོམ་སྡེའི་འཆར་གཞི་ ཕྱགས་རྙིགས་འཛིན་སྐྱོང་དང་ མི་སྡེའི་ ཞབས་ཏོག་ཚུ་བྱིནམ་ཨིན། ཨཱོན་ཊ་རི་ཨོ་གི་ མངའ་སྡེ་གཞུང་འདི་ ཀེ་ན་ཌའི་སྤྱི་གཞུང་ལུ་ཡང་ དབང་ཚད་ཡོདཔ་ཨིན་པས།
ཁ་སྐད་ ལམ་སྲོལ་ མི་སྡེའི་འཚོ་བ་ ཆོས་དང་ ཨོ་ཤ་ཝ་གི་ ཐུན་མིན་ཁྱད་ཆོས།
ཨོ་ཤ་ཝ་གི་ཁྲོམ་ནང་ལུ་ ཨིང་སྐད་སླབ་མི་ཁྱབ་ཆེ་སུ་ཅིག་སྦེ་ཡོདཔ་དང་ གཞན་ཡང་ ཕྱི་མི་ནང་སྐྱོད་ཀྱིས་སྦེ་ ཁ་སྐད་སྣ་ཚོགས་སླབ་མི་ཚུ་ཡང་ ཡར་སེང་སོང་སྟེ་ར་ ཡོདཔ་ཨིན། ཁྲོམ་ཚོགས་ནང་གི་ ལམ་སྲོལ་ཡང་ སྣུམ་འཁོར་དང་འབྲེལ་བའི་མཛད་ཤུལ་ཚུ་ཡོདཔ་མ་ཚད་ སྒྱུ་རྩལ་དང་སྙན་ཆའི་མཐོང་སྣང་ཚུ་ཡང་ སྤྲོ་བ་ཆེ་ཏོག་ཏོ་ལེ་ཤ་ཅིག་ར་ཡོདཔ་ཨིན། ཨོ་ཤ་ཝ་གི་མི་ཚེ་འདི་ ཕྱི་ཁའི་རྩེད་རིགས་དང་ མི་སྡེའི་དུས་སྟོན་ཚུ་ མང་ཆེ་བ་ཅིག་ དམིགས་ཡུལ་གཙོ་བོ་ར་ བཟའ་ཚང་མཐུན་ལམ་བཟོ་ནི་ཚུ་གི་ ཐབས་ལམ་ཚུ་ སྒྲིག་སྟེ་ཡོདཔ་ཨིན། ཁྲོམ་འདི་ཁར་ ཡེ་ཤུ་པའི་ཆོས་ལུགས་འདི་ ཁྱབ་ཆེཝ་སྦེ་ཡོདཔ་ད་ ཡིད་ཆེས་གཞན་ཡང་ཡོདཔ་ཨིན། ཁྱད་ཆོས་མ་འདྲཝ་ཅིགཔ་འདི་ཡང་ གཞི་གཙོ་བོ་ བཟོ་སྐྲུན་དང་ ལམ་སྲོལ་སྣ་ཚོགས་གཉིས་འདྲེས་མ་སྦེ་ཡོད་མི་གིས་ སྤྲོ་བ་ཆེ་བའི་སྔོན་དང་ དེང་སང་གི་མཐུན་རྐྱེན་ཚུ་ཡང་ ག་ར་ཚངམ་སྦེ་ཡོདཔ་མས།
གནམ་གཤིས་དང་མཐའ་འཁོར།
ཨོ་ཤ་ཝའི་ཁྲོམ་ཚོགས་ནང་ལུ་ གླིང་ཆེན་གྱི་རློན་གཤེར་ཅན་ཅིག་དང་ གནམ་དགུན་ ལ་ཁར་ ཁཝ་ཆགས་ཏེ་ བསིལ་དྲགས་སྦེ་གནས་ཏེ་སྡོད་ནི་དང་ གནམ་བྱཱར་འབད་བ་ཅིན་ ཚ་དྲོད་རན་ཏོག་ཏོ་དང་ རློན་གཤེར་ཅན་སྦེ་གནསཔ་ཨིན། གནམ་དགུན་གྱི་ དྲོད་ཚད་འདི་ ཌིག་རི་སེལ་ཤི་ཡཱསི་ -༥ དང་ གནམ་བྱཱར་ཨིན་པ་ཅིན་ ཡུདཔ་ཅིག་ ཌིག་རི་ སེལ་ཤི་ཡཱསི་ ༢༣ ལུ་ལྷོད་དོ་ཡོདཔ་ཨིན། ཁྲོམ་འདི་ནང་ ཆར་ཆུ་ཡང་རན་ཏོག་ཏོ་དང་ མང་སུ་ཅིག་ར་ སྤྱི་ཟླ་ ༥ པ་ལས་ ༨ པ་ཚུན་རྐྱབ་དོ་ཡོདཔ་ཨིན། མཐའ་འཁོར་ལས་ ཕར་འབད་བ་ཅིན་ སྐྱེད་ཚལ་མཛེས་པའི་ལྡུམ་ར་དང་ ནགས་ཚལ་ དེ་ལས་ ཆུའི་འགྲམ་གྱིས་ ཁྲོམ་ཚོགས་དང་ རང་བཞིན་གནས་སྟངས་གཉིས་ སླ་བསྲེ་སྦེ་གནས་ཏེ་ཡོད།
དཔལ་འབྱོར་དང་ ཚོང་འབྲེལ།
ཨོ་ཤ་ཝ་གི་དཔལ་འབྱོར་འདི་ ངོ་མ་ར་ བྱུང་རབས་ཅན་ཅིག་སྦེ་གནས་མི་ སྣུམ་འཁོར་དང་འབྲེལ་བའི་བཟོ་སྐྲུན་ཨིནམ་དང་ འདི་ནང་ལས་ཡང་ གཙོ་བོ་ར་ སྤྱིར་བཏང་མོ་ཊར་ བཟོ་ནི་འདི་གིས་ ཡར་རྒྱས་འགྱོ་ནི་ལུ་ ཕན་ཐབས་བྱུང་བཞིན་དུ་ཡོད། བཟོ་སྐྲུན་འདི་ གཙོ་བོ་ཅིག་ཨིནམ་དང་ ད་རུང་ དཔལ་འབྱོར་སྣ་ཚོགས་ དཔེར་ན་ གསོ་བའི་འཕྲོད་བསྟེན་དང་ ཤེས་རིག་ འཕྲུལ་རིག་ཚུ་གིས་ཡང་ ཁྲོམ་ཁའི་དཔལ་འབྱོར་ལུ་ ལྷན་ཐབས་འབདཝ་ཨིན། ཨོ་ཤ་ཝའི་ཁྲོམ་འདི་ ཊོ་རོན་ཊོ་གི་ཉེ་འདབས་འཚམས་སུ་ཅིག་ནང་ཡོདཔ་ ལས་ ཚོང་འབྲེལ་འཐབ་ནིའི་ནང་ལུ་ ཁེ་ཕན་སྦོམ་སྦེ་ར་བྱུང་བཞིན་དུ་ཡོད། ཨོ་ཤ་ཝའི་མཚོའི་འགྲམ་ གྲུ་ཆགས་ས་གིས་ཡང་ ལུང་ཕྱོགས་ཀྱི་དཔལ་འབྱོར་ལུ་ རྒྱབ་སྐྱོར་སྦོམ་ སྦེ་ར་འབདཝ་ཨིན། ལྷག་པར་དུ་ ཁྲོམ་ཚོགས་འདི་ནང་གི་ ཞབས་ཏོག་དང་ འཕྲུལ་རིག་འགོ་བཙུགས་ལས་རིམ་ཚུ་གིས་ དཔལ་འབྱོར་གོང་འཕེལ་སྦོམ་སྦེ་ར་ འགྱོཝ་ཨིན་པས།
ཤེས་རིག་དང་གསོ་བ།
ཁྲོམ་ཚོགས་འདི་ནང་ གསོ་བའི་འཕྲོད་བསྟན་དང་ ཤེས་རིག་ཞབས་ཏོག་ཚུ་ཡང་ ག་ནི་སྤུས་ཚད་དང་ལྡནམ་སྦེ་ ཐོབ་ཚུགསཔ་ཨིན།
'''གསོ་བའི་འཕྲོད་བསྟེན:''' ལེཀ་རིཇ་གསོ་བའི་ཞབས་ཏོག་ནང་ལུ་ ཨོ་ཤ་ཝའི་སྨན་ཁང་གིས་ གསོ་བའི་ཞབས་ཏོག་དང་ འཚབ་ཆེན་བདག་འཛིན་ གཤག་གཅོས་འབད་ནི་དང་ དམིགས་བསལ་སྨན་བཅོས་ཚུ་ཡང་ཡོདཔ་ཨིན། ཨོ་ཤ་ཝའི་ཁྲོམ་ནང་ལུ་ཡོད་མི་ ལེཀ་རིཇ་གསོ་བའི་ཤེས་ཡོན་དང་ཞིབ་འཚོལ་ལྟེ་བ་གིས་ གསོ་བའི་ཁྱད་རིག་པ་ཚུ་ལུ་ ཡར་འཐོན་གྱི་སྨན་བཅོས་སྦྱོང་བརྡར་དང་ ཞིབ་འཚོལ་གྱི་གོ་སྐབས་ཚུ་ འཇོན་སྟབས་ཅན་སྦེ་ར་འཐོབ་ཚུགསཔ་ཨིན།
'''ཤེས་ཡོན:''' ཨོ་ཤ་ཝའི་ནང་ལུ་ མཐོ་རིམ་དང་གཙུག་ལག་སློབ་སྡེ་ལེ་ཤ་ཅིག་ར་ཡོད།
'''དུར་ཧམ་མཐོར་སློབ:''' ཆོས་ཆན་སྣ་ཚོགས་ནང་ལུ་ འབྲིང་རིམ་གོང་མའི་ཤེས་ཚད་དང་ ལག་ཁྱེར་གྱི་གོ་སྐབས་ཚུ་ ཐོབ་ཚུགསཔ་ཨིན།
'''ཨཱོན་ཊ་རི་ཨོ་འཕྲུལ་རིག་གཙུག་ལག་སློབ་སྡེ:''' འདི་ནང་ལུ་ མཐོ་རིམ་འོག་མ་དང་གོང་མ་གཉིས་ གཙོ་བོ་ར་ འཕྲུལ་རིག་དང་ ལག་ལེན་དངོས་ལྟར་གྱི་ཚན་རིག་གི་ གོ་ སྐབས་ཚུ་ཡོདཔ་ཨིན།
'''དུར་ཧམ་ཊེརནཊི་གཙུག་ལག་སློབ་སྡེ:''' འདི་ནང་ལུ་ མཐོ་སློབ་འོག་མའི་ཤེས་ཡོན་སྣ་ཚོགས་ཀྱི་ གོ་སྐབས་ཚུ་ཡོདཔ་ཨིན།
གཙུག་སྡེ་འདི་ཚུ་གིས་ ཨོ་ཤ་ཝ་གི་ གསོ་བའི་འཕྲོད་བསྟེན་དང་ ཤེས་རིག་སྤུད་ཚད་མཆོག་འགྱུར་གྱི་ནང་ལུ་ གཏམ་སྙན་གྲགས་སྦོམ་སྦེ་ར་འཐོབ་ཨིན།
དཀའ་ངལ་དང་གདོང་ལེན།
ཁྲོམ་ཚོགས་འདི་ནང་ གདོང་ལེན་ཆེ་ཤོས་ར་ འོང་འབབ་ཆུང་བའི་མི་ཚུ་ལུ་ སྡོད་ཁྱིམ་གྱི་གོང་གནས་ཡར་སེང་འགྱོ་ནི་དང་ འདི་ནང་ལས་ ཁང་གླ་སྤྲོད་ཚུགས་པའི་ཁྱིམ་འཐོབ་ནི་ལུ་ དཀའ་ངལ་ཅན་ཅིག་སྦེ་ཡོདཔ་ཨིན། སྣུམ་འཁོར་མང་སུ་ཅིག་ཡོད་རུང་ མི་དམངས་སྐྱེལ་འདྲེན་ཉུང་སུ་ཅིག་ལས་བརྒལ་མེད་མི་གིས་ དུས་རྒྱུན་མི་ཚེ་ནང་ལུ་ ཐོ་ཕོག་སྟེ་ཡོད། བཟོ་སྐྲུན་ལས་སྡེ་ཚུ་ འགྱུར་བཅོས་འགྱོ་བའི་བསྒང་ལས་ ལཱ་གཡོག་གི་དཀའ་ངལ་དང་ མི་རློབས་ཡར་སེང་དང་འཁྲིལ་ གཞི་རྟེན་མཐུན་རྐྱེན་ཚུ་ཡང་ ཡར་རྒྱས་གཏང་དགོཔ་ སྦོམ་ཡོདཔ་ཨིན།
'''རྒྱབ་རྟེན།'''
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
'''རྒྱབ་རྟེན་དཔེ་དེབ།'''
6x6atly3bk99td37p989vpzh8u51xtc
མོ་རེ་ཊེ་ནི་ཡ། Mauritania
0
9004
39620
2026-04-15T03:16:42Z
Kinleyg
12459
Created page with "[[File:Flag of Mauritania.svg|thumb|356x356px|མོ་རེ་ཊེ་ནི་ཡ་གི་རྒྱལ་དར།]] '''ངོ་སྤྲོད།''' ༉ མོ་རེ་ཊེ་ནི་ཡ་འདི་ བྱང་ཨཕ་རི་ཀའི་ སཱ་ཧ་ར་བྱེ་ཐང་གི་ནུབ་ཕྱོགས་ལུ་ཆགས་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་དང་ རྒྱལ་ཁབ་འ..."
39620
wikitext
text/x-wiki
[[File:Flag of Mauritania.svg|thumb|356x356px|མོ་རེ་ཊེ་ནི་ཡ་གི་རྒྱལ་དར།]]
'''ངོ་སྤྲོད།'''
༉ མོ་རེ་ཊེ་ནི་ཡ་འདི་ བྱང་ཨཕ་རི་ཀའི་ སཱ་ཧ་ར་བྱེ་ཐང་གི་ནུབ་ཕྱོགས་ལུ་ཆགས་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་དང་ རྒྱལ་ཁབ་འདི་ རྒྱལ་རབས་གཞན་དང་མ་འདྲཝ་དང་ ལམ་སྲོལ་གྱིས་ཕྱུག་པའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་གི་རྒྱལ་ས་ལྟེ་བ་འདི་ ནུ་ཨཀ་ཤོཊ་ཟེར་སླབ་ཨིན།
'''སའི་རྒྱ་ཚད་དང་ས་ཆ་རིག་པ།'''
མོ་རེ་ཊེ་ནི་ཡ་འདི་ ནུབ་ཕྱོགས་ལས་ཨེཊ་ལཱན་ཊིག་རྒྱ་མཚོ་དང་ བྱང་དང་ཤར་ཕྱོགས་ལས་ནུབ་ཕྱོགས་སཱ་ཧ་ར་ བྱང་ཤར་གྱི་ཕྱོགས་ལས་ཨཱལ་ཇི་རི་ཡ་དང་ ཤར་ལྷོ་གི་ཕྱོགས་ལས་མཱ་ལི་ དེ་ལས་ ལྷོ་ནུབ་ཁ་ཐུག་ལས་སེ་ནི་གྷལ་གྱིས་ས་མཚམས་བཅད་དེ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་སའི་རྒྱ་ཚད་ཡོངས་བསྡོམས་ གྲུ་བཞི་ཀི་ལོ་མི་ཊར་ས་ཡ་ ༡.༠༣ ཡོདཔ་དང་ ཨཕ་རི་ཀའི་རྒྱལ་ཁབ་ནང་འཁོད་ རྒྱལ་ཁབ་སྦོམ་ཤོས་ཅིག་ཨིན།
[[File:Mauritania Base Map.png|thumb|340x340px|མོ་རེ་ཊ་ནི་ཡ་གི་ས་ཁྲ།]]
མོ་རེ་ཊེ་ནི་ཡ་གི་ས་ཆའི་ཆགས་ཚུལ་འདི་ མང་ཤོས་ཅིག་ར་བྱེ་ཐང་དང་ ལ་ལུ་བྱེ་ཐང་ཕྱེད་སྦེ་ཡོདཔ་དང་ རྒྱལ་ཁབ་ཀྱི་ས་ཁོངས་མང་ཤོས་ཅིགཔོ་ སཱ་ཧ་ར་བྱེ་ཐང་གི་ནང་འཁོད་ལུ་ཡོདཔ་ཨིན། ས་ཁོངས་འདི་སྐམ་སའི་མཐའ་འཁོར་སྦེ་ཡོདཔ་དང་ དེ་ནང་ བྱེ་རི་དང་རྡོ་ཡོད་པའི་ལ་ཐང་ དེ་ལས་ ཚྭ་ཐང་ཚུ་ཡོདཔ་དང་ དེ་ཚུ་ནང་ལས་ཕར་ སྔོ་ཚལ་ཚུ་ཡང་ཡོདཔ་ལས་ དེ་གིས་ སོ་ནམ་གྱི་ལཱ་ཚུ་གི་དོན་ལུ་ཁག་ཆེ་བའི་ ཆུའི་ཐོན་ཁུངས་འབདཝ་ཨིན། རྒྱལ་ཁབ་འདི་གི་གནམ་གཤིས་འདི་ ཚ་དྲོད་ཆེ་དྲགས་དང་ ཧ་ཅང་གིས་ཆརཔ་ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ གནམ་བྱཱར་གྱི་དུས་ཚོད་ལུ་ དྲོད་ཤུགས་ ༤༠°C ལས་ལྷག་སྟེ་འགྱོ་དོ་ཡོདཔ་ཨིན། ཨིན་རུང་ རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ཀྱི་ས་ཁོངས་ཚུ་ནང་ དུས་ཚོད་ཀྱི་ཆརཔ་རྐྱབ་ནི་དང་ སྔོ་ཤིང་ཚུ་ཡོད་པའི་ས་ཧེ་ལི་ཡན་གྱི་གནམ་གཤིས་ཡོདཔ་ཨིན།
མོ་རེ་ཊེ་ནི་ཡ་གི་གཙང་ཆུ་གཙོ་བོ་འདི་ སེ་ནི་གྷལ་གཙང་ཆུ་འདི་ཨིནམ་དང་ གཙང་ཆུ་འདི་ དམིགས་བསལ་གྱིས་ རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ཁ་ཐུག་ལུ་ སོ་ནམ་དང་སྐྱེལ་འདྲེན་གཉིས་ཆ་རའི་དོན་ལུ་ཁག་ཆེ་ཤོས་ཅིག་ཨིན། དེ་མ་ཚད་ ས་གནས་ཀྱི་སོ་ནམ་གྱི་ལཱ་འབད་མི་མི་སྡེ་ཚུ་གི་དོན་ལུ་ ཁག་ཆེ་བའི་ གཙང་ཆུ་ཆུང་ཀུ་ཚུ་ཡོདཔ་དང་ དུས་ཚོད་དང་འཁྲིལ་བའི་ཆརཔ་ཡང་རྐྱབ་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ ཨེཊ་ལཱན་ཊིག་རྒྱ་མཚོ་ཆེན་མོའི་མཐའ་མ་ལས་ཕར་ཡོད་མི་མཚོ་མཐའི་ས་ཁོངས་ཚུ་གིས་ རྒྱལ་ཁབ་འདི་ལུ་ མཚོ་ཡི་ཐོན་སྐྱེད་ཚུ་གི་མཐུན་རྐྱེན་འབད་དོ་ཡོདཔ་དང་ དམིགས་བསལ་གྱིས་ ཉ་ཚོང་གི་དཔལ་འབྱོར་གྱི་ཕན་ཐོགས་སྦོམ་སྦེ་ར་བྱུང་སྟེ་ཡོདཔ་ཨིན།
མོ་རེ་ཊེ་ནི་ཡ་འདི་སྐམ་ས་ཅིག་ཨིན་རུང་ རྒྱལ་ཁབ་འདི་ལུ་ སེ་ནི་གྷལ་གྱི་གཙང་ཆུ་རྩ་བ་ལས་ཕར་དང་ སྔོ་ཤིང་ཡོད་སའི་ས་ཁོངས་ཚུ་ལས་ཕར་ སོ་ནམ་གྱི་ལཱ་འབད་བཏུབ་པའི་ས་བཅུད་ཅན་ཚུ་ཡོདཔ་དང་ ས་ཁོངས་འདི་ཚུ་ འཚོ་བ་སོ་ནམ་གྱི་ལཱ་དང་གྲོང་གསེབ་ཀྱི་གནས་སྟངས་ཀྱི་དོན་ལུ་ གནད་འགག་ཅན་ཅིག་ཨིནམ་དང་ འདི་གྲོང་གསེབ་དཔལ་འབྱོར་གྱི་རྟེན་གཞི་ཡང་ཨིན།
'''མི་རློབས་དང་མི་རིགས།'''
མོ་རེ་ཊེ་ནི་ཡ་ལུ་ མི་རློབས་ས་ཡ་ ༤.༥ དེ་ཅིག་ཡོདཔ་དང་ མི་རིགས་སྡེ་ཚན་མ་འདྲཝ་ཚུ་ཡོདཔ་ཨིན། མི་རིགས་སྡེ་ཚན་མ་འདྲཝ་ཚུ་ཡང་ མཱུརསི་ ཕུ་ལ་ནི་ ཝོ་ལོཕ་ སོ་ནིན་ཀེ་ བམ་བ་ར་ཚུ་ཨིན། མི་རིགས་སྡེ་ཚན་མ་འདྲཝ་འདི་ཚུ་གི་ནང་ལས་ ཡོངས་གྲགས་ཅན་འདི་ མཱུརསི་ ཡང་ན་ བི་དྷཱན་ཟེར་མི་འདི་ཨིནམ་དང་ རྒྱལ་ཁབ་ཀྱི་མི་རློབས་བརྒྱ་ཆ་ ༧༠ དེ་ཅིག་ག་ར་མཱུརསི་འདི་ཨིན། མཱུརསི་ཟེར་མི་འདི་ སྤྱིར་བཏང་ལུ་ ཨ་རབ་དང་བར་བར་གྱི་མི་རིགས་སྡེ་ཚན་སླ་བསྲེས་ཏེ་ཡོད་མི་མི་རིགས་ཅིག། རྒྱལ་ཁབ་འདི་ནང་གི་མི་རློབས་མང་ཤོས་ཅིག་ རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ཁ་ཐུག་ སེ་ནི་གྷལ་གཙང་ཆུ་གི་ཉེ་འདབས་ལུ་གནས་ཏེ་ཡོདཔ་དང་ མི་རིགས་འདི་ཚུ་གཙོ་བོ་སྒོ་ནོར་གསོ་སྐྱོང་དང་སོ་ནམ་གྱི་ལཱ་འབད་དོ་ཡོདཔ་ལས་ གྲོང་གསེབ་ཀྱི་གནས་སྟངས་སྦེ་གནས་ཏེ་ཡོདཔ་ཨིན། ཨིན་རུང་ འདས་པའི་ལོ་ཚུ་ནང་ དེ་ཚུ་མང་རབས་གཅིག་གིས་ཁྲོམ་ཁར་གཞིས་ཆགས་ནི་འགོ་བཙུགས་ཏེ་ཡོདཔ་ཨིན།
མོ་རེ་ཊེ་ནི་ཡ་གི་མི་ཕལ་ཆེ་བ་ཅིག་ མུཛ་ལིམ་ ཡང་ན་ ཁ་ཆེཔ་ཚུ་ཨིནམ་དང་ ཁ་ཆེའི་ཆོས་ལུགས་འདི་ ཁོང་རའི་མི་ཚེ་འཚོ་སྐྱོང་ནང་ཁག་ཆེ་ཤོས་ཅིག་ཨིན། རྒྱལ་ཁབ་འདི་ ཁ་ཆེའི་ཆོས་ལུགས་ཀྱི་སྤྱི་མཐུན་རྒྱལ་ཁབ་ཅིག་ཨིནམ་ལས་ ཁྲིམས་ལུགས་ཚུ་ནང་ ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་ལུགས་ (ཤ་རི་ཡ་) གི་ཆ་ཤས་གཙོ་བོ་ཚུ་མཉམ་སྡེབ་འབད་དེ་ཡོདཔ་ཨིན། དེ་བཟུམ་སྦེ་ རྒྱལ་ཁབ་འདི་ ཁ་ཆེའི་ཆོས་ལུགས་ཀྱི་སྔར་སྲོལ་ཚུ་མཁས་སྦྱོང་འབད་སའི་ས་ཁོངས་འོས་ལྡན་ཅིག་ཨིནམ་དང་ དེ་གི་ནང་ལས་དམིགས་བསལ་གྱིས་ ཁྲིམས་ལུགས་དང་ཆོས་ལུགས་རིག་པ་ དེ་ལས་ ཤེས་རིག་གི་ས་ཁོངས་ཚུ་ནང་ཨིན།
'''རྒྱལ་ཁབ་ཀྱི་རིང་ལུགས།'''
མོ་རེ་ཊེ་ནི་ཡ་གི་རྒྱལ་ཁབ་འདི་ སྲིད་འཛིན་གྱིས་དབང་བའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཨིནམ་དང་ སྲིད་འཛིན་འདི་ རྒྱལ་ཁབ་དང་གཞུང་གཉིས་ཆ་རའི་དབུ་ཁྲིདཔ་ཨིན། གཞུང་གི་སྲིད་དོན་ལམ་ལུགས་དེ་ སྤྱི་ལོ་ ༡༩༩༡ ལུ་ཆ་འཇོག་འབད་མི་ རྩ་ཁྲིམས་ཆེན་མོ་ལུ་གཞི་བཞག་སྟེ་ཡོད་པའི་ སྲིད་ཚོགས་སྣ་ཚོགས་ཀྱི་དམངས་གཙོའི་རིང་ལུགས་ཟེར་བཀོད་དེ་ཡོདཔ་ཨིན།
མོ་རེ་ཊེ་ནི་ཡའི་གཞུང་གི་གཞི་བཀོད་ནང་ འཛིན་སྐྱོང་དང་ཁྲིམས་བཟོ་ དེ་ལས་ དྲང་ཁྲིམས་ལྷན་སྡེ་ཚུ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་སྲིད་འཛིན་འདི་ ལོ་ལྔ་གི་དོན་ལུ་ བཙག་འཐུ་འབད་དོ་ཡོདཔ་དང་ སྲིད་འཛིན་ལུ་ བློན་པོ་དང་དྲང་དཔོན་ཚུ་བསྐོ་བཞག་འབད་ནི་གི་དབང་ཚད་ཧྲིལ་བུམ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་རྒྱལ་ཡོངས་ཚོགས་འདུ་འདི་ རྒྱལ་ཁབ་ཀྱི་ཁྲིམས་བཟོ་ལྷན་སྡེ་འདི་ཨིནམ་དང་ འདི་ནང་མི་སེར་ཚུ་གིས་ལོ་ལྔའི་རིང་བཙག་འཐུ་འབད་ཡོད་པའི་འཐུས་མི་ ༡༥༧ ཡོདཔ་ཨིན། དེ་མ་ཚད་ འདི་ནང་ སྤྱི་ལོ་ ༢༠༠༦ ལུ་ མཚམས་འཇོག་འབད་དེ་ཤུལ་ལས་ སྤྱི་ལོ་ ༢༠༡༢ ལུ་ ལོག་སྟེ་གཞི་བཙུགས་འབད་མི་ ཁྲིམས་བཟོ་ཚོགས་སྡེ་ཅིག་ཡང་ཡོདཔ་ཨིན། དེ་ལས་ དྲང་ཁྲིམས་ལྷན་སྡེ་གི་ཐད་ལུ་ ལྷན་སྡེ་འདི་རང་དབང་ཅན་ཅིག་ཨིན་རུང་ འཕྲལ་འཕྲལ་ར་ ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་ལུགས་དང་འབྲེལ་བའི་གནད་དོན་ཚུ་ལུ་ ཁྲིམས་བཟོ་ལྷན་སྡེ་གིས་བཀོད་ཁྱབ་འབདཝ་ཨིན།
མོ་རེ་ཊེ་ནི་ཡའི་རྒྱལ་ཁབ་ནང་ཧེ་མ་ དྲག་སྡེ་གིས་བཙན་དབང་གཞུང་གཟུང་ལེ་ཤ་ར་བྱུང་སྟེ་ སྲིད་དོན་གྱི་རིང་ལུགས་བརྟན་ཏོག་ཏོ་མེད་པའི་གནས་སྟངས་ལེ་ཤ་ར་ཉམས་མྱོང་འབད་ཡོདཔ་དང་ ད་ལྟོའི་བྱུང་རབས་གནས་སྟངས་འདི་ཡང་ འདི་ལས་བརྟེན་བྱུང་སྟེ་ཡོདཔ་ཨིན། རྒྱལ་ཁབ་འདི་གིས་ སྤྱི་ལོ་ ༡༩༦༠ ལུ་ ཕཱརན་སི་ལས་རང་དབང་ཐོབ་པའི་ཤུལ་ལས་ དྲག་སྡེའི་གཞུང་སྐྱོང་ལས་ དམངས་གཙོའི་གཞུང་ལ་སོགས་པའི་སོར་སྒྱུར་གྱི་འབྱུང་རིམ་ལེ་ཤ་མྱོངས་ཡོདཔ་ཨིན། དེ་བཟུམ་མའི་དྲག་སྡེ་གིས་བཙན་དབང་གཞུང་གཟུང་འདི་མཇུག་ སྤྱི་ལོ་ ༢༠༠༨ ལུ་བྱུང་ཡོདཔ་དང་ འདེ་ཅིག་གི་དུས་ཚོད་ནང་ མོ་རེ་ཊེ་ནི་ཡ་གི་རྒྱལ་ཁབ་འདི་ ལོག་དམངས་གཙོའི་གཞུང་ལུ་བསྒྱུར་ཏེ་ དེ་ལས་ཚུར་ དུས་རྒྱུན་གྱི་བཙག་འཐུ་ཚུ་ འགོ་འདྲེན་འཐབ་སྟེ་ཡོདཔ་ཨིན།
'''སྐད་ཡིག་དང་ལམ་སྲོལ།'''
ཨ་ར་བིག་འདི་ མོ་རེ་ཊེ་ནི་ཡ་གི་གཞུང་འབྲེལ་སྐད་ཡིག་ཨིནམ་དང་ དེང་སང་གི་ཚད་ལྡན་ཨ་ར་བིག་འདི་ གཞུང་དང་ཤེས་རིག་ དེ་ལས་ བརྡ་བརྒྱུད་ཚུ་ནང་ ལག་ལེན་འཐབ་དོ་ཡོདཔ་ཨིན། ཨིན་རུང་ མི་རློབས་མང་ཤོས་ཅིག་གིས་ ཉིན་བསྟར་གྱི་བརྒྱུད་འབྲེལ་ནང་ མག་རེབ་ལུང་ཕྱོགས་ནང་ཐུན་མོང་མ་ཡིན་པ་ཅིག་ཨིན་མི་ ཨ་ར་བིག་གི་སྐད་ཡིག་ ཧ་ས་ནི་ཡ་འདི་སླབ་དོ་ཡོདཔ་ཨིན། དེ་མ་ཚད་ ཧེ་མའི་དབང་འོག་རྒྱལ་ཁབ་ཀྱི་སྐད་ཡིག་ ཕེརེནཆི་གི་སྐད་ཡིག་ཡང་ དམིགས་བསལ་གྱིས་ ཁྲོམ་ཚོགས་ཚུ་ནང་ལུ་ཁྱབ་ཆེཝ་སྦེ་སླབ་དོ་ཡོདཔ་མ་ཚད་ ཚོང་འབྲེལ་དང་མཐོ་རིམ་ཤེས་ཡོན་ནང་ལུ་ཡང་ ལག་ལེན་འཐབ་དོ་ཡོདཔ་ཨིན།
ཨ་ར་བིག་གི་ཁ་སྐོང་ལུ་ མོ་རེ་ཊེ་ནི་ཡའི་མི་མང་ཤོས་ཅིག་གིས་ དེ་གི་ནང་ལས་ དམིགས་བསལ་གྱིས་ ཨཕ་རི་ཀ་གི་མི་རིགས་གནགཔོ་ཚུ་གིས་ ས་གནས་ཀྱི་ཁ་སྐད་ཚུ་སླབ་དོ་ཡོདཔ་ཨིན། ས་གནས་ཀྱི་ཁ་སྐད་ཚུ་ཡང་ པུ་ལཱར་ སོ་ནིན་ཀེ་དང་ ཝོ་ལོཕ་ཚུ་ཨིནམ་དང་ སྐད་ཡིག་འདི་ཚུ་ ལམ་སྲོལ་གྱི་ངོ་རྟགས་བདག་འཛིན་འཐབ་ནིའི་དོན་ལུ་ ཁག་ཆེཝ་ཅིག་ཨིནམ་ལས་ མི་རིགས་འདི་ཚུ་ཡོད་སའི་ལུང་ཕྱོགས་ཚུ་ནང་ ཉིན་བསྟར་གྱི་མི་ཚེ་ནང་ སྐད་ཡིག་འདི་ཚུ་ལག་ལེན་འཐབ་དོ་ཡོདཔ་ཨིན།
མོ་རེ་ཊེ་ནི་ཡ་གི་ལམ་སྲོལ་འདི་ ཁ་ཆེའི་ཆོས་ལུགས་ཀྱི་ཤན་ཞུགས་སྦོམ་ཡོདཔ་ལས་ རང་ལུགས་ཀྱི་སྙན་ཆ་དང་རྩོམ་རིག་ དེ་ལས་ སྒྱུ་རྩལ་ཚུ་གིས་ ཁ་ཆེའི་ཆོས་ལུགས་ཀྱི་བརྗོད་དོན་ཚུ་གསལ་སྟོན་འབདཝ་ཨིན། རྒྱལ་ཁབ་འདི་གི་སྙན་རྩོམ་འདི་ མི་རབས་སྦེ་བརྒྱུད་དེ་ཡོདཔ་དང་ ངག་ཐོག་རྩོམ་རིག་ཚུ་ལས་ དམིགས་བསལ་གྱིས་ སྒྲུང་གཏམ་གྱི་སྙན་རྩོམ་ཚུ་བཟླས་བརྗོད་འབད་ནི་འདི་ ལམ་སྲོལ་གྱི་ལག་ལེན་གལ་ཅན་ཅིག་ཨིན། མོ་རེ་ཊེ་ནི་ཡ་གི་སྙན་ཆ་གི་ཐད་ལུ་ རང་ལུགས་ཀྱི་སྙན་ཆས་ ཊི་ཌི་ནིཊ་ ༼ཐགཔ་སྤྲིངས་ཡོད་པའི་སྒྲ་སྙན་བཟུམ་༽ དང་ བེན་ཌིར་ ༼བང་རྔ་༽ དེ་ལས་ སྒྲ་སྙན་ཚུ་ལག་ལེན་འཐབ་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ ད་རེས་ནངས་པ་ཁྲོམ་ཁ་ལས་ཕར་ དེང་སང་གི་ཞབས་ཁྲ་དང་སྙན་ཆ་ཚུ་ཡང་ ཡོངས་གྲགས་ཐོན་ཏེ་ཡོདཔ་ཨིན།
མོ་རེ་ཊེ་ནི་ཡ་ལུ་ བཞེས་སྒོ་གི་ལམ་སྲོལ་ཡང་ཕྱུགཔོ་ཡོདཔ་དང་ དེ་ཡང་ གཙོ་བོ་ཆུམ་དང་མོན་བྱཱ་ ཀར་གྱི་བཞེས་སྒོའི་རིགས་ཚུ་འོངམ་ཨིན། དེ་ལས་ སྔར་སྲོལ་གྱི་བཞེས་སྒོ་ཚུ་ཡང་ མེ་ཅོའི་ཟེར་ ལུག་གི་ཤ་བསྲེགས་བསྲེགསཔ་དང་ ཐི་བའོ་ཌི་ཎི་ཟེར་ ཆུམ་དང་ཉ་སླ་བསྲེས་ཏེ་ཡེད་པའི་བཞེས་སྒོ་ཚུ་ཨིན། ཟ་འཐུང་གི་ལམ་སྲོལ་འདི་གིས་ རྒྱལ་ཁབ་འདི་ནང་ དུས་རབས་ལས་བཅད་དེ་གནས་ཏེ་ཡོད་མི་ གཞིས་སྤོ་སྟེ་སོ་ནམ་གྱི་མི་ཚེ་གནས་སྟངས་སྐྱོང་མི་སྡོད་མི་ མོ་རེ་ཊེ་ནི་ཡ་གི་སྲོལ་ཁྱུན་དེ་གསལ་སྟོན་འབདཝ་ཨིན།
'''དཔལ་འབྱོར་དང་ཚོང་འབྲེལ།'''
མོ་རེ་ཊེ་ནི་ཡ་ལུ་ དཔལ་འབྱོར་གྱི་ཐོན་སྐྱེད་ཕྱུགཔོ་ཡོདཔ་དང་ གཙོ་བོ་ས་གཏེར་དང་སོ་ནམ་གྱི་བཟོ་གྲྭ་ཁག་ཚུ་ཨིན། རྒྱལ་ཁབ་འདི་འཛམ་གླིང་ནང་ ལྕགས་རྡོ་བཟོ་སྐྲུན་འབད་མི་སྦོམ་ཤོས་ཅིག་ཡང་ཨིནམ་དང་ ས་གཏེར་ལས་སྡེ་གིས་ རྒྱལ་ཡོངས་ནང་འཁོད་ཡོངས་འབོར་དང་ ཕྱིར་ཚོང་གི་འོང་འབབ་ཀྱི་ཆ་ཤས་སྦོམ་བཟུང་སྟེ་ཡོདཔ་ཨིན། གཞན་ཡང་ ཟངས་དང་གསེར་ དེ་ལས་ ཕོསི་ཕེཊ་ལ་སོགས་པའི་གཏེར་རྫས་ཚུ་འཐོན་དོ་ཡོདཔ་ཨིན།
དེ་བཟུམ་སྦེ་ རྒྱལ་ཁབ་འདི་ནང་ བཟོ་གྲྭ་ཅིགཔོ་འདི་ཉ་གཟུང་ནི་འདི་ཨིནམ་དང་ མོ་རེ་ཊེ་ནི་ཡ་ལུ་ ཨེཊ་ལཱན་ཊིག་རྒྱ་མཚོ་ཆེན་མོའི་ནང་ ཉ་གཟུང་སའི་ས་ཁོངས་ཕྱུག་ཤོས་ཚུ་ཡོདཔ་ཨིན། རྒྱལ་ཁབ་འདི་གིས་ ཉ་དང་མཚོ་ཟས་ཚུ་ རྒྱལ་སྤྱིའི་ཚོང་འབྲེལ་ནང་ཕྱིར་ཚོང་འབད་དོ་ཡོདཔ་དང་ དམིགས་བསལ་གྱིས་ ཡུ་རོབ་ལུ་ཕྱིར་ཚོང་འཐབ་ཨིན།
མོ་རེ་ཊེ་ནི་ཡ་གི་སོ་ནམ་གྱི་ཐད་ལུ་ གོང་འཕེལ་ཉུང་སུ་ལས་བརྒལ་མེད་རུང་ དམིགས་བསལ་གྱིས་སོ་ནམ་གྱི་ལཱ་འདི་ ལྷོ་ཕྱོགས་ལུང་ཕྱོགས་ཚུ་ནང་ ཟ་འཐུང་ཉེན་སྲུང་གི་དོན་ལུ་ གལ་ཆེ་ཤོས་ཅིག་ཨིན། རྒྱལ་ཁབ་འདི་ནང་ སེ་ནི་གྷལ་གཙང་ཆུའི་ལུང་གཤོང་འདི་ རེད་དང་མོན་བྱཱ་ དེ་ལས་ཚོད་བསྲེ་ཚུ་འཛུགས་སྐྱོང་འབད་སའི་ རྒྱལ་ཁབ་ཀྱི་སོ་ནམ་གྱི་ས་ཁོངས་གཙོ་བོ་ཅིག་ཨིན། ཨིན་རུང་ ཆརཔ་ཉུང་སུ་དང་སའི་བཅུད་ཉམས་ དེ་ལས་ བྱེ་མའི་ཐང་སྒྱུར་ཚུ་ལུ་བརྟེན་ སོ་ནམ་གྱི་ལཱ་ལུ་གདོང་ལེན་འབྱུང་དོ་ཡོདཔ་ཨིན།
'''དཀའ་ངལ་དང་གདོང་ལེན།'''
མོ་རེ་ཊེ་ནི་ཡའི་རྒྱལ་ཁབ་ཀྱི་གོང་འཕེལ་གནས་སྟངས་ལུ་ གདོང་ལེན་བྱིན་མི་གནད་དོན་ལེ་ཤ་ར་ཡོདཔ་དང་ དེ་ཡང་ སྲིད་དོན་བརྟན་ཏོག་ཏོ་མེད་མི་དང་ འགྲོ་བ་མིའི་ཐོབ་དབང་གི་གནད་དོན་ དེ་ལས་ དཔལ་འབྱོར་གྱི་གནད་དོན་ཚུ་ཨིན། འདི་གི་ནང་ལས་ གདོང་ལེན་གཙོ་བོ་འདི་ བྲན་གཡོག་གི་ལམ་ལུགས་འདི་ཨིན། སྤྱི་ལོ་ ༡༩༨༡ ལུ་ བྲན་གཡོག་གི་ལམ་ལུགས་འདི་རྩ་མེད་བཏང་ཡོདཔ་ཨིན་རུང་ རྒྱལ་ཁབ་ཀྱི་གནས་སྟངས་ལ་ལུ་ཅིག་ནང་ འཕྲོ་མཐུད་དེ་ར་གནས་ཏེ་ཡོདཔ་དང་ དེ་ནང་ལས་ མོ་རེ་ཊེ་ནི་ཡ་གི་མི་རིགས་གནགཔོ་ཚུ་གིས་ མི་སྡེ་དང་དཔལ་འབྱོར་གྱི་ཉེ་རིང་དང་ཕྱོགས་རིས་ཀྱི་དཀའ་ངལ་ཚུ་མྱོངས་སྟེ་ཡོདཔ་ཨིན།
གདོང་ལེན་གཞན་མི་དེ་ རྒྱལ་ཁབ་ནང་ གནམ་གཤིས་འགྱུར་བགྲོད་ཀྱི་ཉེན་ཁ་ཡོད་མི་དེ་ཨིན། དེ་ཡང་ གནམ་གཤིས་འགྱུར་བགྲོད་ལས་བརྟེན་ རྒྱལ་ཁབ་ཀྱི་ས་གཞི་བྱེ་ཐང་ལུ་སྒྱུར་སོར་དང་ ཆུ་རུད་ཚུ་འཕྲལ་འཕྲལ་ར་འབྱུང་ནི་ དེ་ལས་ ཆུ་མ་ལངས་པའི་དཀའ་ངལ་ཚུ་བྱུང་སྟེ་ དེ་གིས་ སོ་ནམ་དང་ཟ་འཐུང་གི་ཉེན་སྲུང་ལུ་ ཉེན་ཁ་བཀལ་ཏེ་ཡོདཔ་ཨིན། དེ་བཟུམ་སྦེ་ ཆརཔ་རྐྱབ་ནི་མེད་པའི་དཀའ་ངལ་ཡང་ འཕྲལ་འཕྲལ་ར་བྱུང་སྟེ་ དཀའ་ངལ་འདི་ཧེང་སྐལ་ར་འཚུབ་དྲགས་བཟོ་སྟེ་ཡོདཔ་དང་ མོ་རེ་ཊེ་ནི་ཡ་གི་མི་ཚུ་གིས་སོ་ནམ་གྱི་ལཱ་འབད་བའི་སྐབས་ འགྱུར་བ་དེ་ཚུ་དང་མཐུན་སྒྲིག་འབད་མ་ཚུགས་པའི་གདོང་ལེན་བྱུང་སྟེ་ཡོདཔ་ཨིན།
དེ་བཟུམ་སྦེ་ མོ་རེ་ཊེ་ནི་ཡའི་རྒྱལ་ཁབ་ལུ་ཐོན་ཁུངས་ལེ་ཤ་ཡོད་རུང་ རྒྱལ་ཁབ་འདི་ལུ་ དབུལ་ཕོངས་ཀྱི་དཀའ་ངལ་དང་ ལཱ་གཡོག་མེད་པའི་དཀའ་ངལ་ གནས་ཚད་མཐོ་དྲགས་སྦེ་གདོང་ལེན་བྱུང་སྟེ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་ཤེས་རིག་དང་གསོ་བའི་ཞབས་ཏོག་ལམ་ལུགས་ཚུ་ལུ་ཡང་ མ་དངུལ་མ་ལངས་པར་ཡོདཔ་དང་ དམིགས་བསལ་གྱིས་ གྲོང་གསེབ་ས་ཁོངས་ཚུ་ནང་ སྤུས་ཚད་ཅན་གྱི་ཞབས་ཏོག་ཚུ་ ཚད་ལས་བརྒལ་འཐོབ་མ་ཚུགས་པར་ཡོདཔ་ཨིན།
Pazzanita, A. G. (2008). ''Historical dictionary of Mauritania'' (3rd ed.). Scarecrow Press.
Ould Mohameden, A. (2011). ''Mauritania: State and society in transition''. L’Harmattan.
Shinn, D. H., & Eisenstadt, M. (2013). ''Africa and the Middle East: Developments and challenges in Mauritania''. Routledge
cd40r8gmv1z95ght84zuvqtz7iumh5g
པཱརཐ། Perth
0
9005
39621
2026-04-15T03:30:45Z
Kinleyg
12459
Created page with "'''ངོ་སྤྲོད།''' [[File:Perth (AU), View from Kings Park -- 2019 -- 0525-30.jpg|thumb|887x887px|པཱརཐ་ཁྲོམས་སྡེ།]] ༉ པཱརཐ་འདི་ ནུབ་ཕྱོགས་ཨཱསི་ཊེ་ལི་ཡ་གི་རྒྱལ་ས་ཅིག་ཨིནམ་དང་ དེ་ཡང་ ཉིན་དྲོད་ཆེ་བའི་གནམ་གཤིས་དང་ མཛེས་པའི་མཚོ་..."
39621
wikitext
text/x-wiki
'''ངོ་སྤྲོད།'''
[[File:Perth (AU), View from Kings Park -- 2019 -- 0525-30.jpg|thumb|887x887px|པཱརཐ་ཁྲོམས་སྡེ།]]
༉ པཱརཐ་འདི་ ནུབ་ཕྱོགས་ཨཱསི་ཊེ་ལི་ཡ་གི་རྒྱལ་ས་ཅིག་ཨིནམ་དང་ དེ་ཡང་ ཉིན་དྲོད་ཆེ་བའི་གནམ་གཤིས་དང་ མཛེས་པའི་མཚོ་མཐའ་ ་དང་ དལ་དབང་ཅན་གྱི་ འཚོ་བའི་མི་ཚེ་ཡོད་པའི་ ཁྲོམ་ཚོགས་ཅིག་ཨིནམ་དང་ དཔལ་འབྱོར་དང་ ལམ་སྲོལ་གྱི་ལྟེ་བ་ཅིག་ཨིནམ་ལས་ དེ་ནང་ལུ་ མི་སྡེའི་འཚོ་བའི་སྤུས་ཚད་ ཕྱི་ཁའི་གཡོག་རིགས་ཀྱི་ འཚོ་བའི་ལམ་ལུགས་ དེ་ལས་ མཆོག་ཏུ་གྱུར་པའི་སྒྱུ་རྩལ་གྱི་ས་གནས་ཚུ་གི་དོན་ལུ་ འཛམ་གླིང་ནང་ལས་ མི་མང་རབས་ཅིག་འོང་དོ་ཡོདཔ་ཨིན།
'''ས་ཆའི་བཀོད་པ་ རྒྱ་ཚད་ བདག་སྐྱོང་མངའ་ཁོངས།'''
པཱརཐ་འདི་ ཨཱསི་ཊེ་ལི་ཡ་གི་ལྷོ་ནུབ་མཚོ་མཐའི་ས་གནས་ལུ་ སྭན་གཙང་ཆུ་གི་མཐའམ་བདའ་སྟེ་ཆགས་ཏེ་ཡོད། དེ་ཡང་ ས་ཁྱོན་ཨིསི་ཀོ་ཡར་ཀི་ལོ་མི་ཊར་ ༦,༤༡༨ དེ་ཅིག་ལུ་ ཆགས་ཡོདཔ་དང་ ནུབ་ཕྱོགས་ཨཱསི་ཊེ་ལི་ཡ་གི་མངའ་སྡེ་གི་ཆ་ཤས་ཅིག་ཨིན། ཁྲོམ་འདི་ ས་གནས་གཞུང་གི་ས་ཁོངས་སྣ་ ཚོགས་ལུ་ བགོ་བཤའ་རྐྱབ་ཡོདཔ་དང་ དེ་ཚུ་ནང་ལུ་ པཱརཐ་ཁྲོམ་གྱི་ས་ཁོངས་ཚུ་ཚུདཔ་ཨིན། པཱརཐ་ཁྲོམ་གྱི་ཁྲོམ་སྡེ་བཀོད་ཚོགས་ཀྱིས་ བདག་སྐྱོང་འཐབ་ཨིན།
'''བྱུང་རབས།'''
པཱརཐ་ཁྲོམ་འདི་ སྤྱི་ལོ་ ༡༨༢༩ ལུ་ སྭན་གཙང་ཆུ་གི་ ཁྱིམ་གུང་བཟུམ་སྦེ་ གཞི་བཙུགས་འབད་ཡོདཔ་དང་ དེ་ཡང་ ཧེ་མ་ བིརི་ཊིཤ་གི་ཉེས་པ་ སྤྱོད་མི་ཚུ་གི་ ས་གནས་ཅིག་སྦེ་ འགོ་ཐོག་གཞི་བཙུགས་འབད་ནུག། དེ་ཡང་ དུས་རབས་ ༡༩ པའི་ མཇུག་འཚམས་ལུ་ གསེར་འཚོལ་ནི་གི་དུས་ སྐབས་མ་ལྷོད་ཚུན་ཚོད་ ལོ་ངོ་མང་རབས་ཅིག་གི་རིང་ལུ་ གོ་ལེ་སྦེ་ གོང་འཕེལ་བྱུང་ཡོདཔ་ཨིན། ཁྲོམ་དེ་ཡང་ མངའ་སྡེ་འགོ་དང་པ་ གཞི་བཙུགས་ འབད་བའི་སྐབས་ལས་ར་ ནུབ་ཕྱོགས་ཨཱསི་ཊེ་ལི་ཡ་གི་ རྒྱལ་ས་ལུ་གྱུར་ཡོདཔ་དང་ དེ་གི་ཤུལ་ལས་ དེང་སང་གི་དུས་ལུ་ མཐའ་འཁོར་གྱི་ཁྲོམ་སྡེ་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན།
'''མི་རིགས་དང་མི་རློབས།'''
པཱརཐ་གི་མི་འབོར་འདི་ ས་ཡ་ ༢ ལས་ལྷགཔ་སྦེ་ཡོདཔ་མ་ཚད་ ཨཱསི་ཊེ་ལི་ཡ་གི་གལ་ཆེ་བའི་ཁྲོམ་སྡེ་ཚུ་གི་གྲས་ལས་ མཐའ་འཁོབ་ཀྱི་ཁྲོམ་ཅིག་ཨིན། པཱརཐ་ནང་ལུ་ མི་རིགས་ནང་གསེས་སྣ་ཚོགས་ཡོདཔ་དང་ དེ་ནང་ལུ་ ཨཱང་ལོ་-ཨོས་ཊེ་ལི་ཡན་ ཡུ་རོབ་པིན་གྱི་མི་རིགས་ དེ་ལས་ ཡར་རྒྱས་འགྱོ་བཞིན་ཡོད་པའི་ ཨེ་ཤི་ཡ་ཤར་ཕྱོགས་ཀྱི་ས་གནས་ཚུ་ ཚུདཔ་ཨིན། དེ་ཡང་ པཱརཐ་གི་ལམ་སྲོལ་གྱི་སྒྲིག་བཀོད་ནང་ལུ་ ཕྱི་མི་ཚུ་གི་ལོ་རྒྱུས་དང་ འབྲེལ་བ་ཡོད་པའི་ གནད་དོན་ཚུ་ མངོན་གསལ་སྦོམ་སྦེ་ཡོདཔ་དང་ དེ་ནང་ལུ་ བིརི་ཊིཤ་དང་ ཨི་ཊ་ལི་ཡན་ རྒྱ་མི་ དེ་ལས་ རྒྱ་གར་གི་མི་རིགས་ རྒྱ་ཆེཝ་སྦེ་ཚུདཔ་ཨིན།
'''སྲིད་དོན་དང་གཞུང་ལུགས།'''
པཱརཐ་འདི་ ནུབ་ཕྱོགས་ཨཱསི་ཊེ་ལི་ཡ་གི་རྒྱལ་ས་ཨིནམ་དང་ མངའ་སྡེ་གི་སྤྱི་ཚོགས་ལམ་ལུགས་ཐོག་ལས་ གཞུང་སྐྱོང་འབདཝ་ཨིན། དེ་ལུ་ པཱརཐ་ཁྲོམ་སྡེའི་ལྷན་ཚོགས་ཀྱིས་ འགོ་འདྲེན་འཐབ་པའི་ས་གནས་ཀྱི་གཞུང་སྐྱོང་ རང་དབང་ཡོདཔ་ཨིན། མངའ་སྡེ་གཞུང་གིས་ ལུང་ཕྱོགས་ཀྱི་རྒྱུ་དངོས་མཁོ་ཆས་དང་ འཕྲོད་བསྟེན་ དེ་ལས་ ཤེས་རིག་ཚུ་ ལྟ་རྟོག་འབདཝ་ཨིནམ་དང་ ལུང་ཕྱོགས་ཀྱི་སྲིད་དོན་འདི་ ཨཱསི་ཊེ་ལི་ཡ་གི་ རྒྱལ་ཡོངས་གཞུང་གིས་ འཛིན་སྐྱོང་འབདཝ་ཨིན།
'''ཁ་སྐད་ ལམ་སྲོལ་ མི་སྡེའི་འཚོ་བ་ ཆོས་ལུགས་ ཐུན་མིན་ཁྱད་ཆོས།'''
པཱརཐ་ནང་ལུ་ ཨིང་ལིཤ་འདི་ ཁ་སྐད་གཙོ་བོ་སྦེ་སླབ་དོ་ཡོདཔ་ཨིན་རུང་ ཕྱི་མི་ཚུ་ལུ་བརྟེན་ཏེ་ སྐད་རིགས་གཞན་ཚུ་ཡང་ མང་རབས་ཅིག་ སླབ་ནི་ཡོདཔ་ཨིན། པཱརཐ་གི་ལམ་སྲོལ་འདི་ ཕྱི་ཁའི་ལས་རིམ་ཚུ་དང་ སྒྱུ་རྩལ་གྱི་དུས་སྟོན་ཚུ་ དེ་ལས་ སེམས་ཀྱིས་དལ་ཁོམ་ཡོད་པའི་ འཚོ་བའི་ལམ་ ལུགས་ཚུ་གིས་ བཟོ་བཀོད་འབད་ཡོདཔ་ཨིན། མི་སྡེའི་འཚོ་བ་འདི་ མཚོ་མཐའ་དང་ ཀེ་ཕེ་ གླིང་ག་ཚུ་གིས་མཐའ་འཁོར་ལུ་ བརྟེན་པའི་འཚོ་བ་ཅིག་ཨིན། ཁྲོམ་སྡེ་འདི་ནང་ ཆོས་ལུགས་སྣ་ཚོགས་ཡོདཔ་དང་ ཡེ་ཤུ་གི་ཆོས་ལུགས་འདི་ ཆོས་ལུགས་ཀྱི་གྲས་ལས་ ཁྱབ་ཆེ་ཤོས་ཅིག་སྦེ་ཡོདཔ་ཨིན།
'''གནམ་གཤིས་དང་མཐའ་འཁོར།'''
པཱརཐ་ལུ་ ས་ཆུ་མཐོ་དམན་སྙོམས་པའི་གནམ་གཤིས་ཡོདཔ་དང་ དེ་ཡང་ བྱཱར་ཚ་དྲོད་ཡོད་པའི་ སྐམ་སྐམ་དང་ དགུན་ལུ་ ཆར་ཆུ་རན་ཏོག་ཏོ་ཡོད་པའི་ ངོ་རྟགས་ཅིག་ཨིན། བྱཱར་གྱི་དྲོད་ཚད་འདི་ ཌིག་རི་སེལ་ཤི་ཡས་ ༣༠ ཚུན་ ལྷོད་ཚུགསཔ་དང་ དགུན་གྱི་དྲོད་ཚད་འདི་ ཌིག་རི་སེལ་ཤི་ཡས་ ༨–༡༨ གི་བར་ན་གནས་སྡོདཔ་ཨིན། ཁྲོམ་སྡེ་དེ་ཡང་ མཚོ་མཐའ་དང་ སྤང་ཐང་ དེ་ལས་ སྭན་གཙང་ཆུ་བརྩིས་པའི་ རང་བཞིན་གྱི་མཛེས་ཆ་ཚུ་གིས་སྦེ་ ངོས་འཛིན་ཅན་ཅིག་ཨིནམ་དང་ དེ་ཚུ་གིས་ ངལ་གསོའི་ཁེ་ཕན་བྱིནམ་ཨིན། མཐའ་འཁོར་དང་འབྲེལ་བའི་ སེམས་ཁར་ངེས་དགོ་པའི་གནད་དོན་ཚུ་ཡང་ ཆུའི་འཛིན་སྐྱོང་དང་ ཁྲོམ་གྱི་ས་ཆ་ཚུ་ ངན་ལྷད་འབྱུང་ནིའི་ཉེན་ཁ་ཚུ་ཡོདཔ་ཨིན།
'''དཔལ་འབྱོར་དང་ཚོང་འབྲེལ།'''
པཱརཐ་གི་དཔལ་འབྱོར་འདི་ ས་རྫས་བཏོན་ནི་དང་ རྡོ་སྣུམ་ རླངས་རྫས་ དེ་ལས་ སོ་ནམ་ཞིང་ལས་ལུ་བརྟེན་ཏེ་འགྱོཝ་ཨིན། དེ་ཡང་ རྒྱུ་དངོས་མཁོ་ཆས་ཚུ་ བཏོན་ནི་འདི་གཙོ་བོ་ཅིག་ཨིནམ་ལས་ ཨཱསི་ཊེ་ལི་ཡ་གི་ཕྱིར་ཚོང་དཔལ་འབྱོར་ལུ་ ཕན་ཐོགས་སྦོམ་སྦེ་ར་ཡོདཔ་ཨིན། ཁྲོམ་སྡེ་འདི་ཡང་ དངུལ་འབྲེལ་དང་ འཕྲུལ་རིག་ དེ་ལས་ ཤེས་རིག་ཚུ་གི་ལྟེ་བ་ཅིག་ཡང་ཨིན། དེ་གི་གཙུག་ལག་སློབ་སྡེ་ ཕིརི་མཱན་ཊལ་གྱི་གཙུག་ལག་སློབ་སྡེ་དེ་གིས་ གཏེར་རྫས་དང་ སོ་ནམ་ཐོན་སྐྱེད་ཚུ་ག་ར་ རྒྱལ་སྤྱི་ཚོང་འབྲེལ་ནང་ལུ་ འཛིན་སྐྱོང་འབདཝ་ཨིན།
'''གསོ་བ་དང་ཤེས་རིག།'''
པཱརཐ་ལུ་ རྒྱལ་འཛིན་པཱརཐ་དང་ སཱར་ཅརལ་སི་གར་ཌི་ནཱེར་བཟུམ་མའི་ སྨན་ཁང་སྦོམ་ཚུ་ཡོད་པའི་ འཕྲོད་བསྟེན་ལམ་ལུགས་ ཡུན་བརྟན་ཅན་ཅིག་ཡོདཔ་ཨིན། དེ་ཁ་ལུ་ ཁྲོམ་སྡེ་འདི་གིས་ ནུབ་ཕྱོགས་ཨཱསི་ཊེ་ལི་ཡ་གི་གཙུག་ལག་སློབ་སྡེ་དང་ ཀར་ཊིན་གཙུག་ལག་སློབ་སྡེ་བཟུམ་མའི་ ཤེས་རིག་མཐོ་རིམ་གཙུག་སྡེ་ཚུ་སྟོནམ་ཨིན། པཱརཐ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་སློབ་ཕྲུག་ཚུ་དང་ རྒྱལ་སྤྱི་སློབ་ཕྲུག་གཉིས་ཆ་ར་ བཙུགས་དོ་ཡོདཔ་ཨིནམ་དང་ དེ་ལུ་བརྟེན་ ཤེས་ཡོན་དང་ཞིབ་འཚོལ་གྱི་ལྕོགས་གྲུབ་ཚུ་ ཡར་སེང་གཏངམ་ཨིན།
'''དཀའ་ངལ་དང་གདོང་ལེན།'''
པཱརཐ་གི་ སྡོད་གནས་ཀྱི་གོང་ཚད་དང་ འགྲུལ་ལམ་གྱི་སྐྱེལ་འདྲེན་ དེ་ལས་ མི་དམངས་སྐྱེལ་འདྲེན་གྱི་གདམ་ཁ་ དཀོན་སུ་ཅིག་ཡོད་པའི་དཀའ་ངལ་ཚུ་ ཡོདཔ་ཨིན། མི་འབོར་གྱི་ཡར་སེང་མགྱོགས་དྲགས་ལུ་བརྟེན་ཏེ་ རྒྱུ་དངོས་མཁོ་ཆས་དང་ ཞབས་ཏོག་ཚུ་ལུ་ གནོན་ཤུགས་ཐེབས་སྦེ་ར་ཕོགས་ཏེ་ཡོདཔ་ཨིན། མཐའ་འཁོར་གྱི་དཀའ་ངལ་ཚུའི་གྲས་ལས་ ཆུ་དཀོན་དྲགས་སྦེ་ཡོད་པའི་གནས་སྟངས་དང་ རང་བཞིན་གྱི་གནས་ཡུལ་ཚུ་ བདག་འཛིན་འཐབ་ནི་འདི་ཚུ་ སེམས་ཁར་འབག་དགོ་པའི་གལ་གནད་ཅན་ཅིག་ཨིན། དེ་མ་ཚད་ མི་སྡེའི་འདྲ་མཉམ་མེད་པའི་གནས་སྟངས་དང་ ས་གནས་ལ་ལུ་ཅིག་ནང་ལུ་ ལཱ་གཡོག་ མེད་པའི་གནས་སྟངས་ཚུ་དང་འབྲེལ་བའི་དཀའ་ངལ་ཚུ་སེལ་ནི་འདི་ ས་གནས་གཞུང་གི་གཙོ་རིམ་ཅིག་ཨིན།
རྒྱབ་རྟེན།
༡ <nowiki>https://en.wikipedia.org/wiki/Perth</nowiki>
༢ <nowiki>https://www.westernaustralia.com/en/places-to-visit/perth-and-surrounds/perth</nowiki>
jotb9twml51fn6vpxwpixrazxnggp6l
བིརིསི་བེན། Brisbane
0
9006
39622
2026-04-15T03:37:13Z
Kinleyg
12459
Brisbane
39622
wikitext
text/x-wiki
'''ངོ་སྤྲོད།'''
[[File:BRISBANE locality map (LABELS, NO ROADS).svg|thumb|308x308px|བིརིསི་བེན་གྱི་ས་ཁྲ།]]
༉ བིརིསི་སི་བེན་འདི་ ཨཱོས་ཊེ་ལི་ཡ་གི་ཤར་མཚམས་ཁ་ཐུག་གུར་ཡོད་པའི་ ཀུ་ཝིནསི་ལེནཌ་གི་རྒྱལ་ས་ཨིན། ཁྲོམ་ཚོགས་འདི་ ཚེ་སྲོག་ཉམས་ལྡན་གྱི་མི་ཚེ་སྐྱོང་ཐངས་དང་ ཕྱི་ཁའི་ལས་སྣ་ དེ་ལས་ མཛེས་ཆ་དང་ལྡན་པའི་ གཙང་ཆུའི་མདུན་ཐང་ཚུ་གི་དོན་ལུ་ སྙན་གྲགས་ཅན་ཅིག་ཨིན་མི་འདི་ཡང་ དེང་སང་གི་ཁྲོམ་ཁར་སྡོད་ཐངས་དང་ རང་བཞིན་གྱི་མཛེས་ཆའི་འདྲེས་མ་ཅིག་ཨིན། ཚོང་ལས་དང་ སྒྱུ་རྩལ་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་ཨིནམ་ལས་ བལྟ་བཤལ་པ་དང་ ས་གནས་ནང་ལུ་སྡོད་མི་གཉིས་ཆ་ར་ལུ་ གདམ་ཁ་ཡོད་པའི་ས་གནས་ཅིག་ཨིན།
'''ས་ཆའི་བཀོད་པ་ རྒྱ་ཚད་ མངའ་ཁོངས་བདག་སྐྱོང་།'''
བིརིསི་བེན་གཙང་ཆུ་གུར་ཆགས་ཏེ་ཡོད་པའི་ བིརིསི་བེན་གྱི་ས་ཁྱོན་སྦོམ་ཚད་ ཨིསི་ཀོ་ཡར་མི་ཊར་ ༡༥,༨༤༢ དེ་ཅིག་ཡོདཔ་ཨིན། འདི་ཡང་ ཀུ་ཝིནསི་ལེནཌ་གི་ ལྷོ་ཤར་ལུང་ཕྱོགས་ཀྱི་ཆ་ཤས་ཅིག་ཨིནམ་དང་ ས་གནས་གཞུང་གི་ས་ཁོངས་ ༢༦ ལུ་ བགོ་བཤའ་རྐྱབ་སྟེ་ཡོད། ཁྲོམ་སྡེ་འདི་ བིརིསི་བེན་ཁྲོམ་སྡེ་གི་ཁྲི་འཛིན་གྱིས་ བདག་སྐྱོང་འཐབ་ཨིན་པའི་ཁར་ ཀུ་ཝིནསི་ལེནཌ་གི་བདག་སྐྱོང་ རྒྱལ་སའི་ལཱ་འགན་ཡང་འབགཔ་ཨིན།
'''བྱུང་རབས།'''
བིརིསི་བེན་འདི་ སྤྱི་ལོ་ ༡༨༢༥ ལུ་ ཉེས་ཅན་གྱི་མི་ བཙོན་བཟུང་འབད་ས་ཨིན་པའི་ཐོག་ལས་ གཞི་བཙུགས་འབད་བའི་ཁར་ ཧེ་མ་ མོ་རི་ཊོན་བཱེ་ཉེས་ཆད་གཞིས་ཆགས་ (Moreton Bay Penal Settlement) ཟེར་མིང་བཏགས་ནུག། སྤྱི་ལོ་ ༡༨༤༢ ལུ་ རང་དབང་ཅན་གྱི་གཞིས་ཆགས་ཅིག་ལུ་ འགྱུར་བའི་ཤུལ་ལས་ མཐའ་ཟུར་གྱི་གྲུ་གཟིངས་ཆགས་ས་དང་ ཚོང་འབྲེལ་གྱི་ལྟེ་བ་ཅིག་ལུ་ གྱུར་ཡོདཔ་ཨིན། བིརིསི་བེན་འདི་ སྤྱི་ལོ་ ༡༨༥༩ ལུ་ ཀུ་ཝིནསི་ལེནཌ་གི་རྒྱལ་ས་སྦེ་གྱུར་ཏེ་ དེང་སང་གི་ཁྲོམ་སྡེ་ཅིག་ལུ་གྱུར་ཡོདཔ་ཨིན། དེའི་ལོ་རྒྱུས་ཀྱིས་ མི་སྡེ་གཞི་བཙུགས་ཀྱི་གོང་འཕེལ་དང་ ས་གནས་ཀྱི་ཕ་མེས་ཀྱི་ལམ་སྲོལ་ཚུ་ མཚོན་དོ་ཡོདཔ་ཨིན།
'''མི་རློབས་དང་མི་རིགས།'''
བིརིསི་བེན་ནང་ལུ་ མི་གྲངས་ས་ཡ་ ༢.༥ ལས་ ལྷགཔ་སྡོད་ས་ཨིན། དེའི་མི་རློབས་འདི་ མི་རིགས་མ་འདྲཝ་ལེ་ཤ་ཡོད་པའི་ས་ཨིནམ་དང་ གཙོ་བོ་ར་ ཨེངག་ལོ་-ཨོསི་ཊེ་ལི་ཡཱན་དང་ རྒྱ་ནག་ རྒྱ་གར་ ས་གནས་ཀྱི་གདུང་རྒྱུད་ དེ་ལས་ ཡུ་རོ་པི་ཡཱན་གྱི་མི་རིགས་ལེ་ཤ་ཡོད། བིརིསི་བེན་གྱི་མི་རློབས་བརྒྱ་ཆ་ ༣༠ ལྷགཔ་ཅིག་ ཕྱི་རྒྱལ་ལས་སྐྱེས་ཏེ་ཡོདཔ་ལས་ དེ་གིས་ཡང་ དེའི་ལམ་སྲོལ་གྱི་རྣམ་པ་ཕྱུགཔོ་ཅིག་བཟོཝ་ཨིན། ཁྲོམ་སྡེ་དེ་གིས་ དུས་སྟོན་དང་ཟ་ཁང་ དེ་ལས་ ལམ་སྲོལ་གྱི་མཛད་སྒོ་ཚུ་གི་ཐོག་ལས་ མི་རིགས་མ་འདྲཝ་གི་ལམ་སྲོལ་གྱི་དགའ་སྟོན་བརྩི་སྲུང་འབདཝ་ཨིན།
'''སྲིད་དོན་དང་གཞུང་ལུགས།'''
བིརིསི་བེན་འདི་ ཀུ་ཝིནསི་ལེནཌ་གི་སྤྱི་ཚོགས་ལམ་ལུགས་འོག་ལུ་བདག་སྐྱོང་འབདཝ་ཨིན། ཁྲོམ་སྡེ་འདིའི་གཙོ་འཛིན་གྱིས་ འགོ་འདྲེན་འཐབ་པའི་ བིརིསི་བེན་ཁྲོམ་སྡེའི་ཁྲི་འཛིན་གྱིས་ བདག་སྐྱོང་འཐབ་ཨིན་པའི་ཁར་ ཀུ་ཝིནསི་ལེནཌ་མངའ་སྡེ་གི་ཆ་ཤས་ཅིག་ཡང་ཨིན། ས་གནས་ འདི་ནང་ སྡོད་མི་ཚུ་གིས་ཡང་ ཀུ་ཝིནསི་ལེནཌ་སྤྱི་ཚོགས་ལུ་ ངོ་ཚབ་ཚུ་བཙག་འཐུ་འབདཝ་ཨིན། ཁྲོམ་སྡེ་འདི་གིས་ མངའ་སྡེ་དང་ རྒྱལ་ཡོངས་ཀྱི་ སྲིད་དོན་ནང་ལུ་ ཤུགས་ཆེ་བའི་གྲལ་གཏོགས་འབདཝ་ཨིན།
'''སྐད་ཡིག་ ལམ་སྲོལ་ མི་སྡེའི་མི་ཚེ་ ཆོས་ལུགས་ ཐུན་མོང་མ་ཡིན་པའི་ཁྱད་ཆོས།'''
ཨིང་སྐད་འདི་ སྐད་ཡིག་གཙོ་བོ་ཨིན་རུང་ མི་རིགས་མ་འདྲཝ་ཡོད་ནི་དེ་གིས་ སྐད་རིགས་གཞན་ཡང་ ལེ་ཤ་ཅིག་ར་སླབ་དོ་ཡོདཔ་ཨིན། ཁྲོམ་སྡེ་འདི་ སྒྱུ་རྩལ་དང་ལམ་སྲོལ་ལྟེ་བ་ཕྱུག་དྲགས་ཅིག་ཨིནམ་དང་ འགྲེམས་སྟོན་ཁང་དང་ པར་རིས་སྟོན་ཁང་ དེ་ལས་ རོལ་དབྱངས་ཀྱི་ས་ཁོངས་ཚུ་གིས་ ཕྱུག་དྲགས་ཅིག་སྦེ་ཡོད། མི་སྡེའི་མི་ཚེ་གི་ལྟེ་བ་འདི་ ཕྱི་ཁའི་ལས་སྣ་ ཀེཕི་ དེ་ལས་ དུས་སྟོན་ཚུ་གི་མཐའ་བསྐོར་ཏེ་ཡོདཔ་ཨིན། འདི་ ཡང་ སེམས་སྐྱིད་ཏོང་ཏོ་དང་ འབྲེལ་བ་མཐུན་ཏོག་ཏོ་ དེ་ལས་ མཛེས་ཆ་དང་ལྡན་པའི་ལྡུམ་ར་དང་ གཙང་ཆུའི་མདུན་ཐང་ཚུ་གི་དོན་ལུ་ སྙན་གྲགས་ཅན་ཅིག་ཨིན།
'''གནམ་གཤིས་དང་མཐའ་འཁོར།'''
བིརིསི་བེན་གྱི་ ཚ་དྲོད་ཅན་གྱི་གནམ་གཤིས་ལས་འབྱུང་པའི་ གནམ་བྱཱར་དུས་ཚ་དྲོད་དང་ རླུང་མང་སུ་ཅིག་དང་ དགུན་དུས་ དྲོད་ཚད་མར་ཕབ་སྦེ་གནས་ཏེ་ཡོད། བྱཱར་དུས་ཀྱི་ཆ་སྙོམས་དྲོད་ཚད་འདི་ ཌིགི་རི་སེནཊི་གི་རེཌི་ ༢༩ ཡོདཔ་དང་ དགུན་གྱི་དྲོད་ཚད་འདི་ ཌིགི་རི་སེནཊི་གི་རེཌི་ ༡༠ ལས་ ༢༡ གི་བར་ན་ཨིན། ཁྲོམ་སྡེ་དེ་ནང་ལུ་ ཆརཔ་ཤུགས་སྦེ་རྐྱབ་ནི་ཡོདཔ་དང་ བྱེ་བྲག་ལུ་ བྱཱར་གྱི་དུས་ལུ་འདི་ ཧེང་སྐལ་ར་ ཤུགས་ཆེ་སུ་ཅིག་སྦེ་ར་རྐྱབ་དོ་ཡོདཔ་ཨིན། བིརིསི་བེན་འདི་ རང་བཞིན་གྱི་ས་གོ་ཚུ་ དཔེར་ན་ ལྡུམ་ར་དང་སྔོ་ལྗང་རྒྱས་པའི་ས་ཁོངས་ དེ་ལས་ བིརིསི་བེན་གཙང་ཆུ་གིས་སྦེ་ སྙན་གྲགས་ཅན་ཅིག་ཨིནམ་དང་ འདི་ཚུ་ཡང་ དེའི་མཐའ་འཁོར་གྱི་ངོ་རྟགས་ཁག་ཆེ་དྲགས་ཨིན།
'''དཔལ་འབྱོར་དང་ཚོང་འབྲེལ།'''
བིརིསི་བེན་འདི་ ཨོསི་ཊེ་ལི་ཡ་ནང་ལུ་ གཙོ་བོའི་དཔལ་འབྱོར་གྱི་ལྟེ་བ་ཅིག་ཨིནམ་དང་ མ་དངུལ་དང་ ཤེས་རིག་ བལྟ་བཤལ་ བཟོ་གྲྭ་ དེ་ལས་ འཕྲུལ་རིག་བཟུམ་མའི་ས་ཁོངས་ཚུ་གིས་ གཙོ་བོར་བཏོན་ཏེ་ཡོད། བིརིསི་བེན་གྱི་གྲུ་ཆགས་ས་གིས་ རྒྱལ་སྤྱི་ཚོང་འབྲེལ གལ་ཆེ་ཤོས་ཚུ་ འཛིན་སྐྱོང་འཐབ་དོ་ཡོདཔ་མ་ཚད་ འཕྲོད་བསྟེན་དང་ ཞིབ་འཚོལ་ དེ་ལས་ སོ་ནམ་ལ་སོགས་པའི་བཟོ་གྲྭ་ཚུ་གི་ལྟེ་བ་ཅིག་ཨིན། འདི་གི་གོང་འཕེལ་འགྱོ་བཞིན་ཡོད་པའི་ འགོ་ཐོག་ལས་འགྱོ་བའི་གནས་སྟངས་དང་ ཨེ་ཤི་ཡཱ་དང་ཐག་ཉེ་བའི་གནས་ཡུལ་གྱི་དཔལ་འབྱོར་གནས་སྟངས་ལུ་ རྒྱབ་སྐྱོར་འབདཝ་ཨིན།
'''གསོ་བ་དང་ཤེས་རིག།'''
བིརིསི་བེན་གྱི་ རྒྱལ་ཁབ་ནང་འཁོད་ དཔེར་ན་ རྒྱལ་འཛིན་བིརིསི་བེན་དང་ཨམ་སྲུའི་སྨན་ཁང་བཟུམ་མའི་སྨན་ཁང་སྦོམ་དང་གཅིག་ཁར་ ལེགས་ཤོམ་སྦེ་གོང་འཕེལ་འགྱོ་ཡོད་པའི་ འཕྲོད་བསྟེན་གྱི་ལམ་ལུགས་ཅིག་བྱིནམ་ཨིན། ཁྲོམ་སྡེ་འདི་ཡང་ ཤེས་རིག་གི་ས་ཁོངས་ཀྱི་དོན་ལུ་ སྙན་གྲགས་ཅན་ཅིག་ཨིནམ་དང་ ཀུ་ཝིནསི་ལེནཌ་གཙུག་ལག་སློབ་སྡེ་དང་ ཀུ་ཝིནསི་ལེནཌ་འཕྲུལ་རིག་གཙུག་ལག་སློབ་སྡེ་བཟུམ་མའི་གཙུག་ལག་སློབ་སྡེ་ཚུ་གི་ གཞི་ས་ཨིན། བིརིསི་བེན་གྱིས་ རྒྱལ་སྤྱི་སློབ་ཕྲུག་ཚུ་ འོང་བཅུག་དོ་ཡོདཔ་དང་ ཤེས་ཡོན་དང་ ཞིབ་འཚོལ་གྱི་གོ་སྐབས་སྣ་ཚོགས་བྱིནམ་ཨིན།
'''དཀའ་ངལ་དང་གདོང་ལེན།'''
བིརིསི་བེན་གྱིས་ མི་རློབས་མགྱོགས་དྲགས་སྦེ་ཡར་སེང་འགྱོ་མི་ལུ་བརྟེན་ ཁྲོམ་སྡེ་རྒྱ་བསྐྱེད་འགྱོ་ནི་དང་ སྣུམ་འཁོར་འགྲུལ་འཁོར་མང་བའི་དཀའ་ངལ་ དེ་ལས་ སྡོད་ཁྱིམ་གྱི་གོང་ཚད་ལ་སོགས་པའི་དཀའ་ངལ་ཚུ་དང་ གདོང་ལེན་འབད་དགོཔ་འཐོནམ་ཨིན། ཆུ་རུད་འཐོན་ནི་དང་ གནམ་གཤིས་འགྱུར་བ་ དེ་ལས་ སྔོ་ལྗང་རྒྱས་པའི་ས་ཁོངས་ཚུ་ བདག་འཛིན་འཐབ་ནི་ལ་སོགས་པའི་མཐའ་འཁོར་གནད་དོན་ཚུ་ཡང་ རྒྱུན་མ་ཆད་པའི་སེམས་ཁར་ངལ་བའི་རྒྱུ་ཨིན། ཡུན་བརྟན་གོང་འཕེལ་ངེས་བརྟན་བཟོ་ནི་དང་ གཞི་རྟེན་མཁོ་ཆས་འཛིན་སྐྱོང་འཐབ་ནི་ དེ་ལས་ མི་སྡེའི་འདྲ་མཉམ་མེད་པའི་གནད་དོན་ཚུ་ བསལ་ནི་འདི་ ཁྲོམ་སྡེ་དེ་གི་དོན་ལུ་ གཙོ་བོའི་གདོང་ལེན་ཨིན།
'''རྒྱབ་རྟེན།'''
# <nowiki>https://en.wikipedia.org/wiki/Brisbane</nowiki>
6xp5wwy81f7tt9m39p4pro42j94wu7k
མེལ་བོརན། Melbourn
0
9007
39623
2026-04-15T03:52:33Z
Kinleyg
12459
Created page with "'''ངོ་སྤྲོད།''' [[File:Armingford Crescent, Melbourn - geograph.org.uk - 4522251.jpg|thumb|385x385px|མེལ་བོརན།]] ༉ མེལ་བོརན་འདི་ ཨོས་ཊེ་ལི་ཡ་གི་ ཝིཀ་ཊོ་རི་ཡ་མངའ་སྡེའི་རྒྱལ་ས་དང་ རྒྱལ་ཁབ་ཀྱི་ཁྲོམ་ཚོགས་སྦོམ་ཤོས་གཉིས་པ་དང་ ལམ་སྲ..."
39623
wikitext
text/x-wiki
'''ངོ་སྤྲོད།'''
[[File:Armingford Crescent, Melbourn - geograph.org.uk - 4522251.jpg|thumb|385x385px|མེལ་བོརན།]]
༉ མེལ་བོརན་འདི་ ཨོས་ཊེ་ལི་ཡ་གི་ ཝིཀ་ཊོ་རི་ཡ་མངའ་སྡེའི་རྒྱལ་ས་དང་ རྒྱལ་ཁབ་ཀྱི་ཁྲོམ་ཚོགས་སྦོམ་ཤོས་གཉིས་པ་དང་ ལམ་སྲོལ་གྱི་ལྟེ་བ་ཅིག་ཨིན། འདི་ནང་ སྒྱུ་རྩལ་གྱི་ལཱ་ཚུ་དང་ རྩེད་འགྲན་གྱི་མཛད་རིམ་ཚུ་དང་ མི་རིགས་སྣ་ཚོགས་ཀྱི་སྤྱི་ཚོགས་ཚུ་གི་དོན་ལུ་ ཁྱད་པར་ཅན་ཨིན། མེལ་བོརན་འདི་ སྡོད་ནི་དང་ འཚོ་བ་བསྐྱོང་ནི་ལུ་ དྲག་ཤོས་ཀྱི་ཁྲོམ་ཚོགས་ཚུ་གི་གྲས་ལས་ཅིག་ནང་ ཨ་རྟག་ར་ཚུད་དོ་ཨིན། དེ་ཡང་ ད་རིས་ནངས་པའི་གཞི་རྟེན་མཁོ་ཆས་ཚུ་དང་ སྔར་སྲོལ་ཁྱིམ་བཟོའི་རིག་རྩལ་ དེ་ལས་ ལམ་སྲོལ་སྣ་ཚོགས་ཀྱི་ངོ་བོ་ཚུ་ མཉམ་བསྡོམས་འབད་དེ་ ལྟ་བཤལ་པ་ཚུ་དང་ སློབ་ཕྲུག་ཚུ་ ཁྱད་རིག་ལཱ་འབད་མི་ཚུ་གི་དོན་ལུ་ འགྱུར་བ་དང་ལྡན་པའི་ས་གནས་ཅིག་ཨིན།
'''ས་ཆའི་བཀོད་པ་ རྒྱ་ཚད་ བདག་སྐྱོང་གི་ས་ཁོངས།'''
མེལ་བོརན་འདི་ ཨོས་ཊེ་ལི་ཡ་གི་ལྷོ་ཤར་མཚམས་ལུ་ པོརཊ་ཕི་ལིབ་མཚོ་ཁའི་མཐའམ་བདའ་སྟེ་ཆགས་ཏེ་ཡོད། འདི་གིས་ ས་ཁྱོན་ཨིསི་ཀོ་ཡར་ཀི་ལོ་མི་ཊར་ ༩,༩༩༣ དེ་ཅིག་ཡོད། ཁྲོམ་ཚོགས་འདི་ ས་གནས་ཀྱི་གཞུང་བདག་སྐྱོང་མངའ་ཁུལ་ ༣༡ ལུ་བགོ་སྟེ་ཡོད་པའི་ནང་ རེ་རེ་བཞིན་གྱིས་ ས་གནས་ཀྱི་ཞབས་ཏོག་ཚུ་ འཛིན་སྐྱོང་འཐབ་ཨིན། སྤྱིར་བཏང་མེལ་བོརན་ནང་ ཁྲོམ་ཚོགས་གྱི་ནང་འཁོད་ཀྱི་གྲོང་ཚོགས་ཚུ་ཚུད་དོ་ཡོདཔ་དང་ འདི་གིས་ ཕྱི་ཁའི་ཁྲོམ་ཚོགས་དང་ གྲོང་གསེབ་ཀྱི་ས་ཁུལ་ཚུ་ནང་ཡང་ ཁྱབ་སྟེ་ཡོདཔ་ཨིན། ཝིཀ་ཊོ་རི་ཡ་གི་རྒྱལ་ས་འབད་ནི་དེ་གིས་ མེལ་བོརན་འདི་གིས་ མངའ་སྡེའི་སྲིད་བྱུས་དང་ བདག་སྐྱོང་གི་ལྟེ་བ་སྦེ་ཕྱག་ཞུ་སྟེ་ གཞུང་གི་ལས་ཁུངས་ཚུ་དང་ ཁྲིམས་ཀྱི་འདུན་ས་ཚུ་ དེ་ལས་གཙུག་སྡེ་ཚུ་ གནས་ས་བྱིནམ་ཨིན།
'''བྱུང་རབས།'''
མེལ་བོརན་འདི་ སྤྱི་ལོ་ ༡༨༣༥ ལུ་ རྒྱུན་སྲོལ་ལྟར་དུ་ ཀུ་ལིན་མི་རིགས་ཀྱི་ ཝུ་རུན་ཇེ་རི་མི་ཚུ་གི་ས་ཆ་ཅིག་གི་ཐོག་ལུ་ བཱན་ ཌི་མེན་ལཱནཌ་ (ཊཱསི་མེ་ནི་ཡཱ་)ལས་ རང་དབང་གི་གཞིས་ཆགས་པ་ཚུ་གིས་བཙུགས་ནུག། སྤྱི་ལོ་ ༡༨༥༠ ལུ་ གསེར་གྱི་དུས་རབས་ནང་ ཡར་འཕར་མགྱོགས་དྲགས་སྦེ་བྱུང་སྟེ་ དཔལ་འབྱོར་གྱི་ལྟེ་བ་གཙོ་བོ་ཅིག་ལུ་འགྱུར་ནུག། སྤྱི་ལོ་ ༡༩ པའི་དུས་རབས་ཀྱི་མཇུག་ལུ་ མེལ་བོརན་འདི་ ཨོས་ཊེ་ལི་ཡ་གི་ཁྲོམ་ཚོགས་ དཔལ་འབྱོར་ལྡན་ཤོས་ཅིག་ཨིན་པས། ཀེན་བྷེ་ར་འདི་ གཞི་བཙུགས་མ་ཚར་ཚུན་ སྤྱི་ལོ་ ༡༩༠༡ ལས་ མེལ་བོརན་འདི་ རྒྱལ་ཡོངས་ཀྱི་རྒྱལ་ས་ གནས་སྐབས་ཅིག་སྦེ་ལཱ་འབད་ནུག། ད་རེས་ནངས་པ་ འདི་གི་ལོ་རྒྱུས་ཧིང་སངས་ས་ཚུ་ བདག་འཛིན་འབད་དེ་ཡོད་པའི་ཁྱིམ་རྙིངམ་ཚུ་དང་ གཡུས་མི་ལམ་ སྲོལ་གྱི་རྟེན་གཞི་ཚུ་ནང་ གསལ་ཏོག་ཏོ་སྦེ་མཐོང་ཚུགས།
'''མི་གྲངས་དང་མི་རིགས།'''
མེལ་བོརན་ལུ་ མི་གྲངས་ས་ཡ་ ༥ ལྷག་པའི་གནས་སའི་ས་ཁོངས་ཅིག་དང་ འདི་ཡང་ ལམ་སྲོལ་གྱི་རྒྱ་ཆེ་བའི་དོན་ལས་ སྙན་གྲགས་ཅན་ཅིག་ཨིན། སྡོད་མི་བརྒྱ་ཆ་ ༣༥ ལྷག་པ་ཅིག་ རྒྱལ་ཁབ་ཕྱི་ཁ་ལས་སྐྱེས་ཏེ་ རྒྱ་ནག་དང་ རྒྱ་གར་ གིརིསི། ཨི་ཊཱ་ལི། བེཊ་ནམ། དེ་ལས་ ཡུ་ཀེ་གི་མི་སྡེ་ཚུ་གི་ངོ་ཚབ་འབདཝ་ཨིན་པས། མི་རིགས་སྣ་ཚོགས་ཀྱི་མི་རློབས་འདི་གིས་ ཁྲོམ་ཚོགས་གྱི་འགྱུར་རྟགས་བཟུམ་ལུ་ཕན་ཐོགས་བྱིན་དོ་ཡོདཔ་ད་ དེ་ཡང་ སྐད་རིགས་སྣ་ཚོགས་དང་ ཟས་སྣ་ཚུ་དང་ སྲོལ་ཚུ་གིས་ ཉིན་རེའི་མི་ཚེ་འདི་ཕྱུག་བཅུག་སྟེ་ཡོདཔ་ཨིན། མེལ་བོརན་ལུ་ཡུལ་མི་སྤྱི་ཚོགས་ཡར་འཕེལ་འགྱོ་བཞིན་ཡོདཔ་ད་ ལམ་སྲོལ་བདག་འཛིན་དང་ངོས་ལེན་གྱི་འབད་བརྩོན་ཚུ་ཡང་སྒྲིང་སྒྲི་ཡོད།
'''སྲིད་དོན་དང་གཞུང་ལུགས།'''
མེལ་བོརན་འདི་ ཨོས་ཊེ་ལི་ཡ་གི་ སྤྱི་ཚོགས་གོས་ཚོགས་ཀྱི་དམངས་གཙོའི་ལམ་ལུགས་ཀྱི་འོག་ལུ་གནས་ཏེ་ཡོད། འདི་ ཝིཀ་ཊོ་རི་ཡ་གི་རྒྱལ་ས་ཨིནམ་ལས་ མངའ་སྡེའི་སྤྱི་ཚོགས་དང་ གཞུང་གི་ཡིག་ཚང་ཚུ་ཡོད། ཁྲོམ་ཚོགས་འདི་ ས་གནས་ཀྱི་མི་སྡེ་ འཐུས་ཚོགས་ཚུ་གིས་ ས་གནས་ཀྱི་བདག་ སྐྱོང་འབད་དེ་ཡོདཔ་དང དེ་ཚུ་གི་གྲས་ལས་ ཁྲོམ་ཚོགས་མེལ་བོརན་ཚོགས་སྡེ་ཡང་ཚུདཔ་ཨིན། ས་གནས་ནང་ལུ་ སྡོད་མི་ཚུ་གིས་ མངའ་སྡེ་དང་ སྤྱི་ཚོགས་གཉིས་ཆ་རའི་རིམ་པ་ཚུ་ལུ་ ངོ་ཚབ་ཚུ་བཙག་འཐུ་འབདཝ་ཨིན། ཝིཀ་ཊོ་རི་ཡ་གི་གཞུང་གིས་ ཤེས་རིག་དང་སྐྱེལ་འདྲེན་ འཕྲོད་བསྟེན་དང་ གཞི་རྟེན་མཁོ་ཆས་ཚུ་ལུ་ ལྟ་རྟོག་འབདཝ་ད་ སྤྱི་ཚོགས་གཞུང་གིས་ རྒྱལ་ཡོངས་ཀྱི་ལས་དོན་ཚུ་ ལག་ལེན་འཐབ་ཨིན། མེལ་བོརན་ནང་ སྲིད་དོན་གྱི་ འགྲུལ་སྐྱོད་འདི་ སྤྱིར་བཏང་ལུ་ མཐོ་དྲགས་འབད་ཡོདཔ་དང་ མི་སྡེའི་ལས་སྣ་ཚུ་ནང་ མཉམ་རུབ་དང་གོ་བསྡུར་ཚུ་ཡང་ ཧུར་བརྩོནསྦེ་འབད་དོ་ཡོདཔ་ ཨིན།
'''ཁ་སྐད་ ལམ་སྲོལ་ མི་སྡེའི་མི་ཚེ་ ཆོས་ལུགས་དང་ ཐུན་མིན་ཁྱད་ཆོས།'''
མེལ་བོརན་ནང་ལུ་ གཙོ་བོ་ཨིང་སྐད་སླབ་མི་ཡོད། དེ་འབདཝ་ད་ ལེ་ཤ་ཅིག་གིས་ར་ མན་ཌ་རིན། གིརིསི། ཨི་ཊཱ་ལི། བེཊ་ནམ་དང་ ཨ་ར་བིཀ་ཚུ་ ཡང་སླབ་ཨིན། ཁྲོམ་ཚོགས་འདི་ ལམ་སྲོལ་གྱི་ཕྱུགཔོ་ཅིག་ཨིནམ་དང་ དེ་ཡང་ ཐད་ཀར་རོལ་ཆ་དང་ ལམ་ཟུར་སྒྱུ་རྩལ་ ཀོ་ཕི་ལམ་སྲོལ་དང་ དུས་སྟོན་ཚུ་གི་དོན་ལུ་ སྙན་གྲགས་ཅན་ཨིན། མི་སྡེའི་མི་ཚེ་འདི་ གྱང་ལམ་ཚུ་དང་ ཚོང་ཁྲོམ་ཚུ་ རྩེད་འགྲན་གྱི་མཛད་རིམ་ཚུ་ནང་ལུ་ ཡར་འཕེལ་འགྱོ་དོ་ ཡོདཔ་ཨིན། ཆོས་ལུགས་ཡང་ སྣ་ཚོགས་ཡོདཔ་ད་ ཡེ་ཤུའི་ཆོས་ལུགས་དང་ ཁ་ཆེ་ ནང་ཆོས་དང་ཧིན་དྷུའི་ཆོས་ལུགས་ཚུ་ཡང་ སྤྱོད་ལེན་འཐབ་དོ་ཡོདཔ་ཨིན། མེལ་བོརན་གྱི་དམིགས་བསལ་ཅན་གྱི་ཁྱད་ཆོས་འདི་ ཡུ་རོབ་ཀྱི་མཛེས་ཤིང་ཡིད་དུ་འོང་བ་དང་ ཡུལ་མི་ལམ་སྲོལ་གྱི་ཤུལ་ དེ་ལས་ དེང་སང་ གི་གསར་གཏོད་ཀྱི་རིག་རྩལ་ཚུ་ མཉམ་བསྲེས་འབད་དེ་ཡོད་མི་འདི་ཨིན།
'''གནམ་གཤིས་དང་མཐའ་འཁོར།'''
མེལ་བོརན་ལུ་ རྒྱ་མཚོའི་མཐའ་མཚམས་ཅན་གྱི་གནམ་གཤིས་དང་ འགྱུར་བ་སྣ་ཚོགས་ཡོད་པའི་གནམ་གཤིས་ཡོད། བྱཱར་གྱི་དུས་ཚོད་ནང་ དྲོད་ཚད་ (ཕལ་ཆེར་ ༢༦°C) ཙམ་ཡོདཔ་དང་ དགུན་གྱི་སྐབས་ལུ་ བསིལ་དྲོད་དང་ བརློན་གཤེར་ཆེ་བ་ (ཕལ་ཆེར་ ༦–༡༤°C) ཙམ་གནས་སྡོདཔ་ཨིན། འདི་ "ཉིན་གཅིག་ནང་ དུས་ཚོད་བཞི་" མྱོང་ནི་ཡོད་ཟེར་སླབ་ཨིན་པས། གནམ་གཤིས་བརྡ་མཚོན་སྤྲོད་ནི་འདི་ མགྱོགས་དྲགས་སྦེ་ སོར་སྒྱུར་འགྱོ་བཏུབ་ཨིན། ཁྲོམ་ཚོགས་འདི་གིས་ རྒྱལ་འཛིན་རྩི་ཤིང་སྐྱེ་ལྡན་གླིང་ག་དང་ ཡཱ་ར་གཙང་ཆུའི་ཞར་རྩེད་ལམ་ཚུ་དང་འདྲཝ་སྦེ་ ཁྲོམ་ཚོགས་ནང་ལུ་ རང་བཞིན་གྱིས་ཉམས་སྣང་བྱིན་མི་ སྔོ་ལྗང་གི་ས་ཁོངས་ཚུ་ལུ་ཡང་ གཙོ་བོར་བཏོནམ་ཨིན། མཐའ་འཁོར་གྱི་ཐོག་ལས་ གདོང་ལེན་ལ་ལུ་ཅིག་འདི་ ཆུའི་ཐོན་ཁུངས་ཚུ་ འཛིན་སྐྱོང་འབད་ནི་དང་ སྐྱེ་ལྡན་རིགས་སྣ་མངམ་བཟོ་ནི་ལུ་ གཙོ་བོར་བཏོན་ཏེ་ གནམ་མེད་ས་མེད་འབད་དགོཔ་ཚུ་ཨིན།
'''དཔལ་འབྱོར་དང་ ཚོང་འབྲེལ།'''
མེལ་བོརན་གྱི་དཔལ་འབྱོར་འདི་ སྣ་ཚོགས་སྦེ་ཡོདཔ་ཨིན། དེ་ཡང་ གཙོ་བོའི་ཐོན་སྐྱེད་ཚུ་ཡང་ དངུལ་འབྲེལ་དང་ བཟོ་གྲྭ་ ཤེས་རིག འཕྲོད་བསྟེན་དང་ འཕྲུལ་རིག་ཚུ་ཚུདཔ་ཨིན། འདི་ནང་ དངུལ་འབྲེལ་གྱི་ལྟེ་བ་གཙོ་བོ་ཅིག་ཨིན། མི་སྡེ་དང་ རྒྱལ་སྤྱིའི་ཚོང་ལས་ཁང་ཚུ་གི་ཡིག་ཚང་ཆགས་ས་ཨིནམ་མ་ཚད་ མེལ་བོརན་གྱི་མཚོ་ཁ་འདི་ ཨོས་ཊེ་ལི་ཡ་གི་ སྒྲོམ་ཅུང་སྐྱེལ་འདྲེན་གྱི་མཚོ་ཁ་ མགྱོགས་ཤོས་ཅིག་ཨིན། དེ་ཡང་ ཚོང་འབྲེལ་གྱི་དོན་ལུ་ གལ་གནད་ཆེ་ཤོས་ཅིག་ཨིན་པས། བལྟ་བཤལ་པ་ གསར་གཏོད་ཀྱི་ཐོན་སྐྱེད་དང་ རྒྱལ་སྤྱིའི་ཤེས་ཡོན་ཚུ་གིས་ གལ་ཆེ་བའི་ཁེ་ཕན་བྱིནམ་ཨིན། ཨེ་ཤི་ཡཱ་-པེ་སི་ ཕིག་ལུང་ཕྱོགས་ལུ་ འཛུལ་སྒོ་ཅིག་འབད་ནི་དེ་གིས་ མེལ་བོརན་གྱིས་ ཚོང་འབྲེལ་སྒྲིང་སྒྲིང་འབད་དེ་ རྒྱལ་སྤྱིའི་ནང་ར་ གཞི་བཙུགས་འདི་ གསར་གཏོད་དང་ དཔལ་འབྱོར་ཡར་འཕེལ་གྱི་སྐུལ་མ་འབདཝ་ཨིན།
'''གསོ་བ་དང་ཤེས་རིག།'''
མེལ་བོརན་གྱིས་ མི་དམངས་དང་སྒེར་གྱི་ལམ་ལུགས་ཚུ་གི་ཐོག་ལུ་ གསོ་བའི་ཞབས་ཏོག་མཆོག་འགྱུར་ཅན་སྦེ་བྱིནམ་ཨིན། དེ་ཚུ་ཡང་ རྒྱལ་འཛིན་མེལ་ བོརན་སྨན་ཁང་དང་ དི་ཨཱལ་ཕིརེཊ་ལུ་བཟུམ་མའི་ སྙན་གྲགས་ཅན་གྱི་སྨན་ཁང་ཚུ་ཡོད། འདི་གི་གསོ་བའི་ལས་སྡེ་འདི་ ཞིབ་འཚོལ་དང་ གསར་གཏོད་ ཀྱི་འགོ་ཁྲིད་པ་ཅིག་ཨིན། དེ་མ་ཚད་ ཁྲོམ་ཚོགས་འདི་ མེལ་བོརན་གཙུག་ལག་སློབ་སྡེ་དང་ མོ་ནཱཤ་གཙུག་ལག་སློབ་སྡེ་བཟུམ་གྱི་ མཐོ་རིམ་སློབ་གྲྭ་ཚུ་ ཡོད་པའི་ མཆོག་ལྡན་ཤེས་རིག་གི་ས་གནས་ཅིག་ཨིན། སློབ་གྲྭ་སྣ་ཚོགས་དང་ འཛམ་གླིང་གི་གནས་ཚད་མཐོ་བའི་ ཞིབ་འཚོལ་གཙུག་སྡེ་ཚུ་དང་གཅིག་ཁར་ མེལ་བོརན་འདི་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་གི་དོན་ལས་ ལྟེ་བ་ཅིག་ཅིག་ཨིན་པའི་ཁར་ ཤེས་རིག་གི་མཆོག་འགྱུར་གྱི་དོན་ལས་ཡང་ གཞི་བཅོལ་ས་ཅིག་ཨིན།
'''དཀའ་ངལ་དང་གདོང་ལེན།'''
མེལ་བོརན་ལུ་ སྡོད་ཁྱིམ་གྱི་རིན་གོང་སྤྲོད་ཚུགས་མི་ཚུགས་དང་ ཁྲོམ་ཚོགས་ལས་ ཕྱི་ཁར་གྱི་འཐུས་ཤོར་ དེ་ལས་ སྣུམ་འཁོར་འགྲུལ་ལམ་ཚུ་ནང་ མགྱོགས་འགྲོས་མེད་པའི་དཀའ་ངལ་ཚུ་འདུག། མི་རློབས་ཡར་འཕེལ་མགྱོགས་དྲགས་སྦེ་འགྱོ་མི་འདི་གིས་ གཞི་རྟེན་མཁོ་ཆས་དང་ མི་དམངས་ཞབས་ཏོག་ཚུ་ལུ་ ལྕི་ཆེ་སུ་ཅིག་སྦེ་ གནོན་ཤུགས་སྤྲོད་དོ་ཡོདཔ་ཨིན། མཐའ་འཁོར་གནད་དོན་ཚུ་ གནམ་གཤིས་འགྱུར་བགྲོད་དང་ ཕྱགས་སྙིགས་འཛིན་སྐྱོང་ཚུ་བརྩིས་ཏེ་ རྒྱུན་མཐུད་དེ་ དོ་སྣང་འབད་དགོཔ་ཚུ་འདུག། སྤྱི་ཚོགས་ཀྱི་འདྲ་མཉམ་མེདཔ་དང་ ཁྱིམ་མེད་སྡོད་ས་མེད་མི་ཚུ་ཡང་ སེམས་ཁར་བཞག་ དགོ་པའི་དོན་ཚན་ཚུ་ཨིན། ཡར་འཕེལ་དང་ ཡུན་བརྟན་གནས་ཚུགས་པའི་དབྱེ་དཔྱད་ སྔོ་ལྗང་གི་ས་ཁོངས་ཚུ་བདག་འཛིན་འབད་ནི་དང་ ཁྱབ་ཚད་ཅན་གྱི་ ཡར་འཕེལ་ ངེས་བརྟན་བཟོ་ནི་ཚུ་ ཁྲོམ་ཚོགས་གྱི་འཆར་གཞི་བཟོ་མི་ཚུ་དང་ སྲིད་བྱུས་བཟོ་མི་ཚུ་གིས་ འཕྲོ་མཐུད་དེ་ར་ གདོང་ལེན་འབད་དོ་ཡོད་པའི་ གནད་དོན་གཙོ་བོ་ཚུ་ཨིན།
༼སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས༽
'''རྒྱབ་རྟེན།'''
https://en.wikipedia.org/wiki/Melbourne
03dwa1hodshfwd4ufq4cih1xi0pr1d9
ཝིཀ་ཊོ་རི་ཡ། Victoria
0
9008
39624
2026-04-15T04:05:18Z
Kinleyg
12459
Created page with "'''ངོ་སྤྲོད།''' [[File:Victoria City Hall, Victoria, British Columbia, Canada 01.jpg|thumb|398x398px]] ༉ ཀེ་ན་ཌའི་རྒྱལ་ཁབ་ནང་གི་ ཝེན་ཀོ་ཝར་མཚོ་གླིང་ལུ་ཡོད་མི་ ཝིཀ་ཊོ་རི་ཡ་འདི་ བིརིཊིཤ་ཀོ་ལོམ་བི་ཡ་གི་ ལྟེ་བ་ཅིག་ཨིན། ཡོངས་གྲགས..."
39624
wikitext
text/x-wiki
'''ངོ་སྤྲོད།'''
[[File:Victoria City Hall, Victoria, British Columbia, Canada 01.jpg|thumb|398x398px]]
༉ ཀེ་ན་ཌའི་རྒྱལ་ཁབ་ནང་གི་ ཝེན་ཀོ་ཝར་མཚོ་གླིང་ལུ་ཡོད་མི་ ཝིཀ་ཊོ་རི་ཡ་འདི་ བིརིཊིཤ་ཀོ་ལོམ་བི་ཡ་གི་ ལྟེ་བ་ཅིག་ཨིན། ཡོངས་གྲགས་ལུ་ མཛེས་ཆ་དང་ལྡན་པའི་མཚོའི་འགྲམ་གྱི་ གྲུ་ཆགས་ས་དང་ བྱུང་རབས་ཅན་གྱི་བཟོ་བཀོད་ དེ་ལས་ བསིལ་དྲོད་ལྡན་པའི་གནམ་གཤིས་ཡོད་མི་ནང་ རང་བཞིན་གྱི་མཛེས་པའི་ གནས་སྟངས་དང་ ལམ་སྲོལ་གྱི་མཛད་ཤུལ་ཚུ་ཡོད། ཁྲོམ་ཚོགས་ཀྱི་དཔའ་ཉམས་ཆེ་ཤོས་འདི་ར་ ག་ནི་བ་དགའ་བའི་ལྡུམ་ར་ འགྲེམ་སྟོན་ཁང་དང་ སྤྲོ་བ་ཆེ་ཏོག་ཏོ་སྦེ་ཡོད་པའི་ སྒྱུ་རྩལ་གྱི་མཐོང་སྣང་ཚུ་གིས་སྦེ་ ལྟ་བཤལ་པ་ལེ་ཤ་སྦེ་ འོང་སའི་ས་གོ་ཅིག་ཨིན།
'''ས་ཆའི་གནས་སྟངས་ སྦོམ་ཚད་དང་ མངའ་སྡེའི་བདག་སྐྱོང་།'''
ཝིཀ་ཊོ་རི་ཡ་འདི་ བིརིཊིཤ་ཀོ་ལོམ་བི་ཡ་གི་ ཝེན་ཀོ་ཝར་གྱི་ལྷོ་ཕྱོགས་ལུ་ ཆགས་ཏེ་ཡོད། མཐའ་ཡས་རྒྱ་མཚོ་པེ་སི་ཕིཀ་དང་ ཀི་ལོ་མི་ཊར་ ༡༠༠ དེ་ཅིག་ མཐུད་དེ་ཡོད་པའི་ ཝེན་ཀོ་ཝར་གྱི་ནུབ་ཕྱོགས་ཁ་ཐུག་གནས་ཡོད་མི་འདི་ གནམ་གྲུ་ཐོག་ལས་དང་ གྲུ་ནང་ལས་ཡང་ ལྷོད་ཚུགསཔ་ཨིན། ཁྲོམ་ཚོགས་འདི་ ཡུདཔ་ཅིག་ སའི་རྒྱ་ཚད་ ཨིསི་ཀོ་ཡར་ཀི་ལོ་ མི་ཊར་ ༡༩.༤༧ དེ་ཅིག་ཡོད། མ་གཞི་གི་ ཀེ་ན་ཌ་ལུ་ མངའ་སྡེ་ཟེར་མེད་རུང་ མངའ་ཁོངས་ ༡༠ ལུ་དབྱེ་སྟེ་ཡོདཔ་དང་ རང་དབང་ས་གནས་ ༣ ཡོདཔ་ཨིན། ཝིཀ་ཊོ་རི་ཡ་འདི་ མཚོ་གླིང་དང་མཚོའི་འགྲམ་ལུ་གནས་ཏེ་ཡོད་མི་ བིརིཊིཤ་ཀོ་ལོམ་བི་ཡ་གི་མངའ་ཁོངས་ནང་ ཚུདཔ་ཨིན།
'''བྱུང་རབས།'''
ཝིཀ་ཊོ་རི་ཡ་ཟེར་ ཨ་ཞེ་ཝིཀ་ཊོ་རི་ཡ་གི་རྗེས་དྲན་ལུ་བཏགས་མི་ ངོ་མ་ལུ་འབད་བ་ཅིན་ ཕོརཊི་ཝིཀ་ཊོ་རི་ཡ་ཟེར་སླབ་མི་ནང་ སྤྱི་ལོ་ ༡༨༤༣ ལུ་ ཧུད་སཱོན་ལས་སྡེ་གིས་ ཚོང་འབྲེལ་ལྟེ་བ་ཅིག་སྦེ་ གཞི་བཙུགས་འབད་འབདཝ་ཨིན། མཚོའི་འགྲམ་གྲུ་ཆགས་སའི་ས་གནས་ནང་ལུ་ ཚོང་འབྲེལ་གྱི་ལྟེ་བ་གཙོ་བོ་ཅིག་སྦེ་ ཡར་རྒྱས་སོང་ཡོདཔ་དང་ དེའི་ནང་ལས་ ཕེརེ་ཡར་ཀེན་ཡཱོན་གཱོལ་རཱཤ་ཟེར་ སྤྱི་ལོ་ ༡༨༥༠ གི་སྐབས་ལུ་ འདི་ཧེང་སྐལ་ར་ མགྱོགས་སུ་ཅིག་སྦེ་ གོང་འཕེལ་སོང་ནུག། ཧེ་མ་ ཝིཀ་ཊོ་རི་ཡ་འདི་ སྤྱི་ལོ་ ༡༨༥༡ སྐབས་ལུ་ ཝེན་ཀོ་ཝར་མཚོ་གླིང་ས་ཁོངས་ཀྱི་ ལྟེ་བ་ཅིག་ལུ་གྱུར་ཡོད་རུང་ ཤུལ་ལས་ སྤྱི་ལོ་ ༡༨༧༡ ལུ་ བིརིཊིཤ་ཀོ་ལོམ་བི་ཡ་འདི་ ཀེ་ན་ཌའི་རྒྱལ་ཁབ་དང་མཉམ་སྡེབ་འབད་བའི་ སྐབས་ལུ་ བིརིཊིཤ་ཀོ་ལོམ་བི་ཡ་གི་ལྟེ་བ་ཅིག་ལུ་གྱུར་བཏང་ནུག། ཁྲོམ་ཚོགས་ཀྱི་ བྱུང་རབས་ཅན་གྱི་ས་ཁོངས་ནང་ལུ་ ག་ནི་བ་མཛེས་པའི་བཟོ་བཀོད་དང་ མཛད་ཤུལ་ཚུ་གིས་ ལྟ་བཤལ་པ་ཚུ་འོང་སའི་ ཡོངས་གྲགས་ཅན་གྱི་ས་གནས་ཅིག་ལུ་ གྱུར་ཚུགས་ཏེ་ཡོད། ཝེན་ཀོ་ཝར་མཚོ་གླིང་ནང་གི་ ཝིཀ་ཊོ་རི་ཡ་འདི་ རིམ་འགྱུར་གྱིས་སྦེ་ ལམ་སྲོལ་དང་ དཔལ་འབྱོར་གྱི་ལྟེ་བ་ཅིག་ལུ་ གྱུར་ཏེ་ཡོད།
'''མི་རློབས་དང་མི་རིགས།'''
སྤྱི་ལོ་ ༢༠༢༡ གི་མི་རློབས་གྲངས་རྩིས་དང་འཁྲིལ་བ་ཅིན་ ཝིཀ་ཊོ་རི་ཡ་ལུ་ མི་རློབས་ཀྱི་གྱངས་ཁ་ སྟོང་ཕྲག་ ༩༤ དེ་ཅིག་དང་ ཁང་ཁྱིམ་འབུམ་བཞི་དེ་ཅིག་ཡོད། ཁྲོམ་ཚོགས་འདི་ ནང་ མི་རིགས་ཡང་ཁྱབ་ཆེ་སུ་ཅིག་ ཡུ་རོ་པིན་གྱི་མི་རྒྱུད་དང་ འདི་ནང་ལས་ཡང་ བིརིཊིཤ་ དེ་ལས་ ཨིས་ཀོ་ཊིཤ་དང་ ཨའི་རིཤ་ ཇར་མཱན་གྱི་མཛད་ཤུལ་ཚུ་ཡང་ཡོད། ས་གནས་ འདི་ནང་ སྔོན་དུས་ལས་སྡོད་ཡོད་མི་ མཚོའི་འགྲམ་གྱི་ སཱ་ལིཤ་དང་ ནཱུ་ཆཱད་ནཱོལཊི་གི་རིགས་ཚུ་ཡང་ ཡར་སེང་འགྱོ་བའི་བསྒང་ཡོདཔ་དང་ དེང་སང་ ཕྱི་མི་ནང་སྐྱོད་པ་ ཨེ་ཤི་ཡ་ལས་ འོང་མི་ཚུ་གིས་ མི་རིགས་སྣ་ཚོགས་འཛོམས་ས་ཅིག་ལུ་འགྱུར་དོ་ཡོདཔ་ཨིན།
'''གཞུང་ལུགས་དང་སྲིད་ཚོགས།'''
ཝིཀ་ཊོ་རི་ཡ་འདི་ གྲོང་སྡེ་ལས་འཛིན་གྱི་མངའ་འོག་ལུ་ སྤྱི་ཚོགས་ཅན་གྱི་དམངས་གཙོའི་རིང་ལུགས་ལུ་གནས་མི་ཅིག་ཨིན། ཁྲོམ་ཚོགས་འདི་ཡང་ ཁྲོམ་དཔོན་དང་འཐུས་མི་ཚུ་གིས་ འཛིན་སྐྱོང་འབད་དེ་ ས་གནས་ཀྱི་སྲིད་བྱུས་དང་ཞབས་ཏོག་ཚུ་གི་ འགན་ཁྲིད་འབག་དོ་ཡོདཔ་ཨིན། བིརིཊིཤ་ཀོ་ལོམ་བི་ཡ་གི་ཆ་འོག་ལུ་ཚུད་ཡོད་མི་ ཝིཀ་ཊོ་རི་ཡ་འདི་ནང་ལུ་ བཙག་འཐུ་ ལས་གྲུབ་ཡོད་མི་ འཐུས་མི་ཚུ་གིས་ ལུང་ཕྱོགས་ནང་ ངོ་ཚབ་སྦེ་གནས་ཏེ་ཡོད། ཝིཀ་ཊོ་རི་ཡ་འདི་ བིརིཊིཤ་ཀོ་ལོམ་བི་ཡ་གི་ལྟེ་བ་ཅིག་འབད་ནི་འདི་གིས་ སྲིད་ཚོགས་ཀྱི་ས་གནས་དང་ ས་ཁོངས་ཀྱི་གཞུང་དང་ གཙུག་སྡེ་ཚུ་ གནས་ས་ཅིག་ཨིན།
'''ཁ་སྐད་ ལམ་སྲོལ་ མི་སྡེའི་འཚོ་གནས་ ཆོས་དང་ ཐུན་མིན་ཁྱད་ཆོས།'''
ཁྲོམ་ཚོགས་འདི་ནང་ ཨིང་སྐད་སླབ་མི་ཁྱབ་ཆེ་སུ་ཅིག་ཡོདཔ་དང་ ཁྱིམ་ནང་ལུ་ཨིན་པ་ཅིན་ མཱན་ཌ་རིན་དང་ པཱན་ཇ་བི་སླབ་མི་ཡང་ དར་ཁྱབ་འགྱོ་བའི་བསྒང་ར་ཡོད། ཁྲོམ་འདི་ནང་ སྒྱུ་རྩལ་ཆེ་བའི་མཐོང་སྣང་ཚུ་ཡོདཔ་མ་ཚད་ འདི་གི་གྲས་ལུ་ པར་རིས་འགྲེམ་སྟོན་ཁང་ འཁྲབ་སྟོན་ཁང་དང་ དུས་སྟོན་བརྩི་སྲུང་ཚུ་ཡང་འབད་ནི་ཡོད། སྒྲིང་སྒྲི་དང་ཡུན་བརྟན་སྦེ་ གནས་ཐབས་ལུ་ དམིགས་གཏད་བསྐྱེད་དེ་ མི་སྡེའི་འཚོ་གནས་ཡང་ ཕྱི་ཁའི་ལས་རིམ་དང་ ངལ་འཚོའི་ཇ་ཁང་ཚུ་ མི་ཚེ་དལ་ཉམས་ཅན་ཅིག་སྦེ་ཡོད། རང་ར་སོ་སོའི་ཁྱིམ་ནང་ལུ་ མང་སུ་ཅིག་ར་ ཡེ་ཤུའི་ཆོས་ལུགས་འབད་མི་ཡོད་དེ་འབད་རུང་ ཆོས་ལུགས་སོ་སོ་ཚུ་ཡང་ འབད་མི་ཡོདཔ་ཨིན། ཁྲོམ་འདི་གི་ཁྱད་ཆོས་ཟེར་རུང་ རང་བཞིན་མཛེས་ལྡན་དང་ སྔོན་རབས་ཀྱི་མཛེས་ཆ་གཉིས་ འདྲེས་མ་སྦེ་ཡོདཔ་དང་ ས་གནས་འདི་ཆུང་ཀུ་ཅིག་ལས་བརྒལ་མེད་རུང་ སྣ་འདུས་མི་སྡེའི་ཁྲོམ་ཚོགས་ཅིག་ཨིན།
'''གནམ་གཤིས་དང་མཐའ་འཁོར།'''
ཝིཀ་ཊོ་རི་ཡ་ལུ་ བསིལ་དྲོད་ལྡན་པའི་མེ་ཌི་ཊེ་རི་ནི་ཡཱན་གྱི་གནམ་གཤིས་ཡོདཔ་དང་ འདི་ཡང་ གནམ་དགུན་ལུ་ རློནམ་འཚམས་སུ་ཅིག་དང་ གནམ་བྱཱར་ལུ་འབད་བ་ཅིན་ ས་སྐམ་རྡོ་སྐམ་དང་ ཚ་དྲོད་རན་ཏོག་ཏོ་སྦེ་ གནསཔ་ཨིན། གནམ་དགུན་གྱི་ བསིལ་དྲོད་ཀྱི་ཚད་གཞི་ནང་ འཕྲལ་འཕྲལ་སྐབས་ ཌིགི་རི་སེལ་ཤི་ཡཱསི་ ཀླད་སྐོར་ལས་མར་བུད་ནི་དང་ གནམ་བྱཱར་ལུ་ཨིན་པ་ཅིན་ ཌིག་རི་སེལ་ཤི་ཡཱསི་ ༡༨ ལས་ ༢༢ ཚུན་གནས་སྡོདཔ་ཨིན། ལུང་ཕྱོགས་ནང་ལུ་ ཆར་ཆུ་ཡང་ རན་ཏོག་ཏོ་ཅིག་དང་ འདི་ཡང་ སྤྱི་ཟླ་ ༡༡ པ་ལས་ ༣ པ་ཚུན་ཨིན། སྔོ་ལྗང་ཅན་གྱི་ཝིཀ་ཊོ་རི་ཡ་ནང་ལུ་ མཛེས་པའི་གླིང་ག་དང་ ནགས་ཚལ་ དེ་ལས་ མཚོ་མཐའི་ས་གནས་ཚུ་ཡོད། ཁྲོམ་ཚོགས་འདི་ ཝེན་ཀོ་ཝར་མཚོ་གླིང་ནང་ཆགས་ཏེ་ཡོདཔ་ལས་ རི་དྭགས་སེམས་ཅན་ཚུ་ ག་ནི་བ་མངམ་སྦེ་ཡོདཔ་དང་ མཛེས་ཏོག་ཏོ་ཡོད་པའི་ས་ཆ་དང་ སྐྱེད་ཚལ་མཛེས་པའི་གླིང་ག་དང་ མཚོ་མཐའི་བྱེམ་ཐངས་ཚུ་ཡང་ཡོད།
'''དཔལ་འབྱོར་དང་ ཚོང་འབྲེལ།'''
ཝིཀ་ཊོ་རི་ཡ་ཁྲོམ་ཚོགས་ནང་ལུ་ དཔལ་འབྱོར་འོང་འབབ་གཙོ་བོ་ར་ ལྟ་བཤལ་ལས་སྡེ་ གཞུང་འབྲེལ་ཞབས་ཏོག་ འཕྲུལ་རིག་དང་ ཤེས་ཡོན་ལྟེ་བ་ཚུ་ཨིན། ཁྲོམ་ཚོགས་འདི་ ས་ཁོངས་ལྟེ་བ་ཅིག་འབདཝ་ལས་ གཞུང་འབྲེལ་གྱི་ཡིག་ཚང་དང་ གཙུག་སྡེ་ལེ་ཤ་ཅིག་ར་ཡོད། ལྟ་བཤལ་ལས་སྡེ་ལུ་ གཙོ་བོར་བཏོན་དགོ་མི་འདི་ཡང་ མཛེས་པའི་ས་ཆའི་མཐོང་སྣང་དང་ བྱུང་རབས་ཅན་གྱི་ས་གནས་ དེ་ལས་ སྤྲོ་བ་ཆེ་བའི་ལམ་སྲོལ་ཚུ་ལུ་བརྟེན་ཏེ་ཨིན། འཕྲུལ་རིག་ལས་ཚན་ཡང་ ཡར་རྒྱས་འགྱོ་བའི་བསྒང་ཡོདཔ་ལས་ དམིགས་གཏད་གཙོ་བོ་ར་ མཉེན་ཆས་བཟོ་ནི་དང་ གསར་གཏོད་འབད་ནི་ལུ་ གཞི་བཟུང་སྟེ་ཡོད།
'''གསོ་བ་དང་ཤེས་རིག།'''
ཝིཀ་ཊོ་རི་ཡ་གི་ གསོ་བའི་ཞབས་ཏོག་འདི་ མཆོག་འགྱུར་ཅན་ཅིག་སྦེ་ཡོདཔ་དང་ འདི་ཡང་ གཙོ་བོ་ར་ རྒྱལ་འཛིན་ཇུབ་ལི་སྨན་ཁང་དང་ ཝིཀ་ཊོ་རི་ཡ་སྤྱིར་བཏང་སྨན་ཁང་གཉིས་ཨིན། མི་དམངས་ཀྱི་གྲོགས་རམ་ལུ་བརྟེན་ ཁྲོམ་ཚོགས་གསོ་བའི་ཞབས་ཏོག་གིས་ ས་གནས་འདི་ནང་སྡོད་མི་ཚུ་ལུ་ ཞབས་ཏོག་སྤྲོད་ཚུགསཔ་ཨིན། ཤེས་རིག་ལམ་ལུགས་ཡང་ སྒྲིང་སྒྲི་ཅིག་སྦེ་ར་ཡོདཔ་དང་ འདི་ཡང་ ཝིཀ་ཊོ་རི་ཡ་གཙུག་སྡེ་གིས་ འབྲིང་རིམ་གོང་མའི་ནང་ལུ་ གོ་སྐབས་སྤྲོད་ཡོདཔ་དང་ འདི་དང་གཅིག་ཁར་ གཞི་རིམ་དང་འབྲིང་རིམ་སློབ་གྲྭ་ ལེ་ཤ་ཅིག་ར་ཡོད། ཁྲོམ་ཚོགས་འདི་ནང་ ཀེ་མོ་སམ་མཐོ་སློབ་ཀྱིས་ འཕྲུལ་རིག་དང་ལག་ཤེས་འཕྲུལ་རིག་སྦྱོང་བརྡར་ལས་རིམ་ཚུ་ཡང་བྱིནམ་ཨིན། སྤྱིར་བཏང་ ཝིཀ་ཊོ་རི་ཡ་ལུ་ གསོ་བ་དང་ཤེས་རིག་གཉིས་ཆ་ར་ནང་ སྤུས་ཚད་ཅན་ཅིག་སྦེ་ར་ཡོདཔ་ཨིན།
'''དཀའ་ངལ་དང་གདོང་ལེན།'''
སྡོད་སའི་ཁང་གླ་ཡར་སེང་འགྱོ་བའི་དཀའ་ངལ་དང་ ཁྱིམ་མེད་པར་འཁྱམས་སྡོད་དགོ་པའི་དཀའ་ངལ་ དེ་ལས་ གླ་རིན་སྤྲོད་ཚུགས་པའི་ཅ་དངོས་ཚུ་ ཐོབ་ཚུགས་པར་ལ་ཁག་ཅིག་ཡོདཔ་ཨིན། སྣུམ་འཁོར་མ་ཤོང་པའི་དཀའ་ངལ་དང་ མི་དམངས་སྐྱེལ་འདྲེན་ཉུང་སུ་ཅིག་ལས་བརྒལ་མེདཔ་ཨིན། འདི་ནང་ལས་ ལྟ་བཤལ་འོང་པའི་དུས་ཚོད་ལུ་ ཧེང་སྐལ་ར་ དཀའ་ངལ་འཐོནམ་ཨིན། ལྷག་པར་དུ་ རྒན་རྒས་ཀྱི་མི་རློབས་ཡར་སེང་སོང་བའི་སྟབས་ཀྱིས་ གསོ་བའི་ཞབས་ཏོག་དང་ མི་སྡེའི་ཞབས་ཏོག་བྱིན་ནིའི་ནང་ལུ་ དུས་ཡུན་རིངམ་སྦེ་ གནས་ཐུབ་པའི་ ཐབས་ལམ་ཚུ་སྒྲིག་དགོཔ་ཡོད།
'''རྒྱབ་རྟེན།'''
https://en.wikipedia.org/wiki/Victoria_(state)
kgbcg1js6ggwvjru4rv0mbk7ezmlbbt
སིཌ་ནི། Sidney
0
9009
39625
2026-04-15T04:16:13Z
Kinleyg
12459
Sidney
39625
wikitext
text/x-wiki
'''ངོ་སྤྲོད།'''
[[File:Sydney Opera House - Dec 2008.jpg|thumb|428x428px|ཡོངས་གྲགས་ཡོད་པའི་སིཌ་ནི་ཨོ་པི་ར་ཧའུསི་ཁྲབ་སྟོན་ཁང་།]]
༉ སིཌ་ནི་འདི་ ནིའུ་སཱའུཐ་ཝེལསི་གི་རྒྱལ་ས་ཨིནམ་དང་ ཨོསི་ཊེ་ལི་ཡ་གི་མངའ་སྡེ་སྦོམ་ཤོས་དང་ སྙན་གྲགས་ཅན་གྱི་ཁྲོམ་ཅིག་ཨིན། སིཌ་ནི་གི་མཚོ་ཁ་དང་ སིཌ་ནི་གི་ཨོ་པེ་ར་ཁང་ཁྱིམ་ དེ་ལས་ མཚོ་མཐའི་ཟམ་འདི་ འཛམ་གླིང་ནང་ ཡོངས་གྲགས་ཡོད་པའི་ས་ཁོངས་ རང་བཞིན་གྱི་མཛེས་ཆ་དང་ ཕུན་སུམ་ཚོགས་པའི་ཁྲོམ་སྡེའི་མི་ཚེ་གཉིས་ གཅིག་ཁར་མཉམ་འབྲེལ་འབད་དེ་ཡོདཔ་ཨིན། མཛེས་ཆ་ཅན་གྱི་མཚོ་མཐའ་དང་ ཕྱུག་པའི་ལམ་སྲོལ་གྱི་སྔར་ཤུལ་ དེ་ལས་ མི་རིགས་མ་འདྲཝ་སྣ་ཚོགས་སྡོད་མི་དང་གཅིག་ཁར་ སིཌ་ནི་འདི་ བལྟ་བཤལ་དང་ ཚོང་ལཱ་ ཤེས་ཡོན་གྱི་ལྟེ་བ་ཅིག་ཨིན། དེ་གི་སྤྲོ་བ་ཆེ་བའི་ཁོར་ཡུག་དང་ མཛེས་ཆ་ཅན་གྱི་མཐའ་འཁོར་ལུ་བརྟེན་ འཛམ་གླིང་ནང་ ལྟ་བཤལ་པ་ཚུ་གི་དོན་ལུ་ ས་ཁོངས་གཙོ་བོ་ཅིག་ལུ་གྱུར་ཏེ་ཡོད།
'''ས་ཆའི་བཀོད་པ་ རྒྱ་ཚད་ བདག་སྐྱོང་ས་ཁོངས།'''
སིཌ་ནི་འདི་ ཨོསི་ཊེ་ལི་ཡ་གི་ཤར་ཕྱོགས་ཀྱི་མཚོ་མཐའ་ལུ་ ཊསི་མཱན་རྒྱ་མཚོ་ཁ་ཐུག་ ནིའུ་སཱའུཐ་ཝེལསི་མངའ་སྡེ་ནང་ཨིན། འདི་གིས་ ས་ཁྱོན་ སྦོམ་ཚད་ ཡུདཔ་ཅིག་ ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༡༢,༣༦༨ ཡོདཔ་དང་ ཨོསི་ཊེ་ལི་ཡ་ནང་ ས་ཁྱོན་གྱི་ཐད་ཁར་ སྦོམ་ཤོས་ཅིག་ཨིན། སིཌ་ནི་གི་ཁྲོམ་ཚོགས་ནང་ མཚོ་མཐའི་ས་ཁོངས་དང་ རྒྱལ་ཡོངས་ཀྱི་ལྡུམ་ར་ དེ་ལས་ ཁྲོམ་གྱི་ལྟེ་བ་ཚུ་མཉམ་སྡེབ་འབད་དེ་ཡོད། བདག་སྐྱོང་གི་ཐད་ཁར་ སིཌ་ནི་འདི་ ས་གནས་གཞུང་གི་ས་ཁོངས་ ༣༠ ལས་ལྷགཔ་ཅིག་ནང་ ས་གོ་དབྱེ་བ་ཕྱེ་སྟེ་ཡོད། དེ་ཚུ་ནང་ལས་ སིཌ་ནི་ཁྲོམ་སྡེ་གིས་ ཚོང་ལཱ་ལྟེ་བའི་ས་ཁོངས་སྦེ་ ལཱ་འབདཝ་ཨིནམ་དང་ ས་གནས་གཞུང་གི་ས་ཁོངས་ཚུ་གིས་ ས་གནས་ཀྱི་ཞབས་ཏོག་དང་ འཆར་གཞི་ཚུ་ འཛིན་སྐྱོང་འབད་དོ་ཡོདཔ་དང་ མངའ་སྡེ་གཞུང་གིས་ ཁྲོམ་ཚོགས་ས་ ཁོངས་ཡོངས་ལུ་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ཞབས་ཏོག་ཡར་རྒྱས་ཚུ་ ལྟ་རྟོག་འབདཝ་ཨིན།
'''བྱུང་རབས།'''
སིཌ་ནི་གི་ལོ་རྒྱུས་འདི་ ཨེའོ་རའི་མི་བརྒྱུད་ཀྱི་རྒྱ་དྷི་གྷལ་མི་སྡེ་ཚུ་དང་གཅིག་ཁར་ འགོ་བཙུགས་ཏེ་ཡོདཔ་ཨིན། ཁོང་ཚུ་ བྲི་ཊིཤ་གི་མི་ཚུ་མ་ལྷོད་པའི་ཧེ་མ་ ལོ་ངོ་སྟོང་ཕྲག་མང་རབས་ཅིག་གི་རིང་ལུ་ ས་ཁོངས་འདི་ནང་སྡོད་ནུག། སྤྱི་ལོ་ ༡༧༨༨ ལུ་ སྤྱི་དཔོན་ཨར་ཐར་ཕི་ལིཔ་གིས་ འགོ་འདྲེན་འཐབ་སྟེ་ གྲུ་ཚོགས་དང་པ་འདི་ པོརཊ་ཇེཀ་སཱོན་ལུ་ལྷོད་དེ་ སིཌ་ནི་འདི་ བཙོན་པ་ཚུ་སྡོད་ས་སྦེ་ གཞི་བཙུགས་འབད་ནུག། ཨོས་ཊེ་ལི་ཡ་ནང་ ཡུ་རོ་པི་ཡན་གྱི་གཞིས་ཆགས་དང་པ་ཨིན། དེ་ལས་ ས་གནས་འདི་ རིམ་གྱིས་སྦེ་ མཐའ་འཁོར་ལུ་ ཡར་རྒྱས་འགྱོ་སྟེ་ ཚོང་ལཱ་གི་མཚོ་ཁ་སྦོམ་ཅིག་ལུ་ འགྱུར་ནུག། དུས་རབས ༡༩ པ་དང་ ༢༠ པའི་ ཧྲིལ་བུ་གི་བར་ན་ སིཌ་ནི་འདི་ མགྱོགས་དྲགས་སྦེ་ སྦོམ་ཐལ་ཡོདཔ་དང་ མི་རིགས་མ་འདྲཝ་ སྣ་ཚོགས་ཡོད་པའི་ ས་གནས་སྦོམ་ཅིག་ལུ་གྱུར་ཡོད། ད་རེས་ནངས་པ་ ཁོ་གི་ཕྱུག་པའི་གདོད་མའི་སྔར་ཤུལ་དང་ བཙན་བཟུང་གི་ཧེ་མའི་དུས་སྐབས་ཚུ་ལུ་བརྟེན་ ལམ་སྲོལ་སྣ་རྟགས་དང་ ཁྱིམ་བཟོའི་བཀོད་པ་ དེ་ལས་ ལོ་རྒྱུས་ཅན་གྱི་ས་ཁོངས་ཚུ་ནང་ འགྲེམ་སྟོན་འབད་དེ་ཡོད།
'''མི་རློབས་དང་མི་རིགས།'''
སིཌ་ནི་ནང་ མི་གྲངས་ས་ཡ་ ༥ ལས་ལྷག་སྟེ་ཡོདཔ་ལས་ ཨོསི་ཊེ་ལི་ཡ་ནང་ ག་ནི་བ་མི་རློབས་མང་བའི་ཁྲོམ་ཅིག་ཨིན། དེ་ནི་ བརྒྱ་ཆ་ ༤༠དེ་ཅིག་ ཕྱི་ཁར་སྐྱེས་ཏེ་ཡོདཔ་ལས་ ལམ་སྲོལ་གྱི་ཐད་ཁར་ སྣ་ཚོགས་འཛོམས་ཡོད་པའི་ཁྱད་ཆོས་ཡོད། ཁྲོམ་འདི་ནང་ མི་རིགས་མ་འདྲཝ་སྣ་ཚོགས་སྦེ་ ཡོདཔ་དང་ དེ་ཚུ་གི་ནང་ལུ་ བྲི་ཊིཤ་དང་ རྒྱ་ནག་ རྒྱ་གར་ ལེ་བ་ནིསི་ ཝེཊ་ནཱམ་དང་ ཕེ་ལི་པིནསི་མི་སྡེ་ཚུ་ཚུདཔ་ཨིན། སིཌ་ནི་ནང་ སྔོན་མའི་མི་རིགས་ཀྱི་མི་རློབས་ ཡང་ གལ་ཅན་ཅིག་ཡོདཔ་དང་ ཁོང་ཚུ་ གཙོ་བོ་ ཨེའོ་ར་མི་བརྒྱུད་ཀྱི་རྒྱ་དྷི་གྷལ་གྱི་མི་སྡེ་ཨིན། མི་རིགས་སྣ་ཚོགས་ཀྱི་བཟོ་བཀོད་འབད་མི་འདི་གིས་ ཁྲོམ་གྱི་ ཕྱུག་པའི་ལམ་སྲོལ་དང་ཟ་ཆས་ དེ་ལས་ མི་སྡེ་གི་གནས་སྟངས་ཚུ་ལུ་ ཁེ་ཕན་བྱུངམ་ཨིན།
'''སྐད་ཡིག་ ལམ་སྲོལ་ མི་སྡེའི་མི་ཚེ་ ཆོས་ལུགས་དང་ ཐུན་མིན་ཁྱད་ཆོས།'''
སིཌ་ནི་ནང་ གཙོ་བོ་ལག་ལེན་འཐབ་པའི་སྐད་རིགས་འདི་ ཨིང་སྐད་ཨིན་རུང་ མི་སྡེ་མང་ཤོས་ཅིག་གིས་ མེན་ཌ་རིན་དང་ ཨ་ར་བིཀ་ ཧིན་དྷི་བཟུམ་ སྐད་ཡིག་མ་འདྲཝ་ཚུ་སླབ་ཨིན། ཁྲོམ་འདི་གིས་ སྣ་ཚོགས་ཅན་གྱི་ལམ་སྲོལ་ཚུ་ ཡོངས་ལུ་དགའ་བསུ་འབདཝ་ཨིན། ལམ་སྲོལ་འདི་ ཁོང་གི་དུས་སྟོན་ཚུ་དང་ ཟ་ཆས་ སྒྱུ་རྩལ་ཚུ་ནང་ སྟོནམ་ཨིན། མི་སྡེའི་མི་ཚེ་འདི་ མཚོ་མཐའ་དང་ ཁྲོམ་སྟོང་ནང་གི་ས་སྒོ་ དེ་ལས་ ཕྱི་ཁའི་རྩེད་སྟོན་ཚུ་གི་ མཐའ་འཁོར་ལུ་འབད་བཞིན་ཡོད། སིཌ་ནི་འདི་ ཆོས་ལུགས་སྣ་ཚོགས་ཡོད་པའི་ ཁྲོམ་ཅིག་ཨིནམ་དང་ ཡེ་ཤུ་དང་ ཨིས་ལཱམ་ ནང་པ་ དེ་ལས་ ཧིན་དུ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ ཆོས་ཕྱོགས་ཀྱི་སྦྱང་བ་འབདཝ་ཨིན། སིཌ་ནི་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདི་ རང་བཞིན་གྱི་མཛེས་ཆ་དང་ སྙན་གྲགས་ཅན་གྱི་ས་ཁོངས་ དེ་ལས་ ལམ་སྲོལ་སྣ་ཚོགས་བཅས་ཡོདཔ་ཨིན།
'''གནམ་གཤིས་དང་མཐའ་འཁོར།'''
སིཌ་ནི་ལུ་ ཚ་དྲོད་ལྡན་པའི་བྱཱར་དང་ བསིལ་དྲོད་ལྡན་པའི་དགུན་དུས་ གནམ་གཤིས་ཕུན་སུམ་ཚོགས་སྦེ་ཡོདཔ་ཨིན། བྱཱར་གྱི་དྲོད་ཚད་ ཨ་རྟག་ར་ ཧ་ལམ་ དྲི་གི་རི་སེལ་ཤི་ཡས་ ༢༦ གནས་ཡོདཔ་ད་ དགུན་གྱི་དྲོད་ཚད་འདི་ དྲི་གི་རི་སེལ་ཤི་ཡས་ ༨ ལས་མར་ བབ་འགྱོཝ་ཨིན། ཁྲོམ་འདི་ནང་ ལོ་གཅིག་ གི་རིང་ལུ་ར་ ཉིམ་ཤུགས་སྦེ་ཤརཝ་ཨིནམ་དང་ ཟླ་དང་པའི་ཕྱེད་ཀ་ནང་ལས་ ཆརཔ་ཚུ་འབབ་ནི་ཡང་ རན་ཏོག་ཏོ་ཅིག་འབད་ཡོད། སྐྱེ་ལྡན་རིགས་སྣ་ལུ་ རྒྱབ་སྐྱོར་འབད་དེ་ སིཌ་ནི་འདི་ ལྡུམ་ར་ལེ་ཤ་དང་ མཚོ་མཐའ་ དེ་ལས་ རྒྱལ་ཡོངས་ལྡུམ་ར་དང་གཅིག་ཁར་ ཧིང་སངས་ས་དང་ སྔོ་ལྗང་ལྡན་པའི་ཁྲོམ་ ཅིག་ཨིནམ་འབད་ སྙན་གྲགས་ཅན་དེ་གིས་ མི་སེར་ཚུ་ལུ་ ཕྱི་ཁར་ལུ་ཕན་ཐོགས་ཅན་གྱི་མི་ཚེ་སྐྱོང་ནི་ལུ་ གོ་སྐབས་བྱིནམ་ཨིན།
'''དཔལ་འབྱོར་དང་ཚོང་འབྲེལ།'''
སིཌ་ནི་ལུ་ དངུལ་འབྲེལ་དང་ འཕྲུལ་རིག་ བལྟ་བཤལ་ དེ་ལས་ ཤེས་ཡོན་གྱིས་རྒྱབ་སྐྱོར་འབད་མི་ སྒྲིང་སྒྲིང་དང་སྣ་ཚོགས་ཅན་གྱི་དཔལ་འབྱོར་ཡོད། འདི་ནི་ ཨོས་ཊེ་ལི་ཡ་གི་དངུལ་འབྲེལ་ལྟེ་བ་ཅིག་ཨིནམ་ད་ དངུལ་ཁང་སྦོམ་ཚུ་དང་ རྒྱལ་སྤྱི་ལས་སྡེ་ཚུ་ཡོད། ཁྲོམ་་གྱི་མཚོ་ཁ་དེ་གིས་ ལྷག་པར་དུ་ ཅ་ ཆས་དང་ཞབས་ཏོག་ཚུ་གི་ནང་ རྒྱལ་སྤྱི་ཚོང་འབྲེལ་ལུ་ རྒྱབ་སྐྱོར་བྱིནམ་ནི། སིཌ་ནི་གིས་ རྒྱལ་སྤྱི་མ་རྩ་བཙུགས་མི་ཡང་ འབོ་ཚུགསཔ་ད་ རྒྱལ་ཡོངས་ དཔལ་འབྱོར་ལུ་ གལ་ཆེ་བའི་ཁེ་ཕན་ མང་རབས་ཅིག་བྱིན་ཏེ་ ཨེ་ཤི་ཡ-པེ་སི་ཕིཀ་གི་ཚོང་ལཱ་ལྟེ་བ་ གཙོ་བོ་ཅིག་གི་གནས་སྟངས་ བདག་འཛིན་འབདཝ་ ཨིན།
'''གསོ་བ་དང་ཤེས་རིག།'''
སིཌ་ནི་གིས་ སྤུས་ཚད་མཐོ་བའི་གསོ་བ་དང་ ཤེས་ཡོན་ཞབས་ཏོག་ཚུ་བྱིནམ་ཨིན། འདི་ལུ་ ཡར་རྒྱས་ཅན་གྱི་གསོ་བའི་ཞབས་ཏོག་བྱིན་མི་ རྒྱལ་འཛིན་ པི་རིནསི་ཨལ་ཕི་རེཌ་དང་ སེནཊ་ཝིན་སེན་གསོ་བའི་སྨ་ཁང་བཟུམ་ནང་ ལེགས་ཤོམ་སྦེ་ ཡར་རྒྱས་ཐོན་པའི་མི་དམངས་དང་ སྒེར་སྡེའི་གསོ་བའི་ ལམ་ ལུགས་ཚུ་ཡོད། ཁྲོམ་དེ་ནི་ ཤེས་ཡོན་གྱི་ལྟེ་བ་ཅིག་ཡང་ཨིནམ་ད་ སིཌ་ནི་གཙུག་ལག་སློབ་སྡེ་དང་ ཨེན་ཨེསི་ཌབ་ལུ་གཙུག་ལག་སློབ་སྡེ་བཟུམ་ འཛམ་གླིང་ ནང་ མཚན་གྲགས་ཡོད་པའི་གཙུག་ལག་སློབ་སྡེ་ཚུ་ཡོད། སློབ་གྲྭ་དང་གཙུག་སྡེ་ཚུ་གིས་ འཛམ་གླིང་ག་ཏེ་ལས་ཡང་ སློབ་ཕྲུག་ཚུ་ འབོ་སྟེ་ སྣ་ཚོགས་ཅན་ གྱི་ ལས་རིམ་ཚུ་ བྱིནམ་ཨིན། སིཌ་ནི་གིས་གསར་གཏོད་འབད་ནི་དང་ ཞིབ་འཚོལ་གྱི་བརྩི་མཐོང་ཚུ་ལུ་བརྟེན་ ཨོས་ཊེ་ལི་ཡ་ནང་ ཤེས་ཡོན་དང་ གསོ་ བའི་ལྟེ་བ་ གཙོ་བོ་ཅིག་ལུ་ གྱུར་ཏེ་ཡོད།
'''དཀའ་ངལ་དང་གདོང་ལེན།'''
སིཌ་ནི་ལུ་ ཁང་གླ་སྤྲོད་ཚུགས་པའི་ སྡོད་ཁྱིམ་འཐོབ་ནི་ལུ་ ལ་ཁག་ཅིག་དང་ སྣུམ་འཁོར་གྱི་འགྲུལ་འཁོར་མང་དྲགས་ དེ་ལས་ ཁྲོམ་སྡེ་འགྱེལ་ཏེ་འགྱོ་ནི་བཟུམ་གྱི་ དཀའ་ངལ་མང་རབས་ཅིག་འབྱུངམ་ཨིན། མི་རློབས་མགྱོགས་པ་ར་ ཡར་འཕར་འགྱོ་མི་ལུ་བརྟེན་ གཞི་རྟེན་མཁོ་ཆས་དང་ མི་དམངས་སྐྱེལ་འདྲེན་ཚུ་ འཐུས་ཤོར་འགྱོཝ་ཨིན། འདི་མ་ཚད་ བཙོག་རླུང་དང་ སྡོད་གནས་བརླག་ནི་བཟུམ་ མཐའ་འཁོར་དང་འབྲེལ་བའི་ཚ་གྱང་ཚུ་གིས་ཡང་ གནད་དོན་མང་རབས་ཅིག་བཀོད་དེ་ཡོདཔ་ཨིན། མི་སྡེའི་དྲང་བདེན་རྒྱུན་སྐྱོང་འཐབ་ནི་དང་ མི་སྡེ་སྣ་ཚོགས་ཚུ་གི་ དགོས་མཁོ་ཚུ་ བདག་འཛིན་འཐབ་ནི་ཡང་ ཁྲོམ་གྱི་འཆར་གཞི་བཟོ་མི་ཚུ་དང་ སྲིད་བྱུས་བཟོ་མི་ཚུ་གི་དོན་ལུ་ རྒྱུན་སྐྱོང་གི་བྱ་དཀའ་བའི་ལཱ་ཅིག་སྦེ་གནས་ཏེ་ཡོད།
རྒྱབ་རྟེན།
<nowiki>https://en.wikipedia.org/wiki/Sydney</nowiki>
cyqqnfd5nexg6cltra4wd34t00ry8z8
ཨེ་ཌི་ལེཊ། Adelaide
0
9010
39626
2026-04-15T04:38:50Z
Kinleyg
12459
Adelaide
39626
wikitext
text/x-wiki
'''ངོ་སྤྲོད།'''
[[File:Adelaide LGAs map (City of Salisbury highlighted).png|thumb|383x383px]]
༉ ཨེ་ཌི་ལེཊ་འདི་ ལྷོ་ཕྱོགས་ཨོས་ཊེ་ལི་ཡ་གི་རྒྱལ་ས་ཨིནམ་དང་ མི་ཚེའི་སྤུས་ཚད་ཅན་དང་ སྒྱུ་རྩལ་ཆེ་བའི་ས་ཆ་ དེ་ལས་ དུས་སྟོན་མང་རབས་ཅིག་ བརྩི་སྲུང་འབད་ནི་ཡོད་མི་ལུ་ མིང་གཏམ་ཡོདཔ་ཨིན། "ཡེ་ཤུ་པའི་ཆོས་ཁང་གི་ཁྲོམ་" ཟེར་ཡང་བཀོད་དེ་ཡོདཔ་དང་ འདི་གིས་ སྲོལ་རྒྱུན་གྱི་ ལམ་སྲོལ་དང་ཞི་བདེའི་ གཤིས་ལུགས་ཚུ་གི་འདྲེས་སྦྱོར་ ཁྱད་པར་ཅན་ཅིག་སྦེ་གནསཔ་ཨིན། ཁྲོམ་ལམ་རྒྱ་སྦོམ་དང་ ལེགས་པའི་ལྡུམ་ར་ དེ་ལས་ ཉེ་འདབས་ཀྱི་མཚོ་མཐའ་དང་བཅསཔ་ཡོདཔ་ལས་ ཨེ་ཌི་ལེཊ་ལུ་ བཟོ་རྣམ་རང་བཞིན་གྱི་མཛེས་ཆ་དང་ བཞེས་སྒོ་དང་ཆང་གི་ལམ་སྲོལ་ ཡུ་རོབ་ཀྱི་ ཤུགས་རྐྱེན་ཡོད་ནི་འདི་གིས་ ལྟ་སྐོར་པ་ཚུ་ གང་མང་འོང་བཅུགཔ་ཨིན། ཁྲོམ་སྡེ་འདི་ནང་ འཕྲུལ་རིག་གི་གནས་སྐབས་དང་ གསར་གཏོད་སྡེ་ཚན་ནང་ མིང་གཏམ་ཡར་སེང་འགྱོ་ནི་འདི་གིས་ ལུང་ཕྱོགས་ནང་ལུ་ དཔལ་འབྱོར་གྱི་ལྟེ་བ་ གལ་ཅན་ཅིག་ལུ་གྱུར་ཡོད།
'''ས་ཆའི་བཀོད་པ་ རྒྱ་ཁྱོན་ བདག་སྐྱོང་མངའ་ཁོངས།'''
ཨེ་ཌི་ལེཊ་འདི་ ཨོས་ཊེ་ལི་ཡ་གི་ལྷོ་ཕྱོགས་མཚོ་མཐའམ་ སེནཊ་ བིན་སེནཊ་མཚོ་ཁའི་ཉེ་འདབས་ལུ་ ཆགས་ཏེ་ཡོད་མི་གིས་ རྒྱ་མཚོའི་མཐོང་སྣང་ཚུ་བྱིནམ་ཨིན། ཁྲོམ་སྡེ་འདི་ ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༡,༨༣༠ ལྷག་ཙམ་གུར་ཁྱབ་ཡོདཔ་དང་ ས་གནས་གཞུང་སྡེ་ མང་རབས་ཅིག་ལུ་ བགོ་བཤའ་རྐྱབ་སྟེ་ཡོད། བདག་སྐྱོང་ལྟེ་བ་ཡོད་པའི་ཁྲོམ་སྡེ་ཨེ་ཌི་ལེཊ་དང་ མངའ་ཁུལ་ས་ཁོངས་འཛིན་སྐྱོང་འཐབ་མི་ ཉེ་འདབས་ཀྱི་གཞུང་སྡེ་ཚུ་དང་སྦྲགས་ཏེ་ཨིན། ལྷོ་ཨོས་ཊེ་ལི་ཡ་གི་མངའ་སྡེའི་རྒྱལ་ས་འབད་ ཨེ་ཌི་ལེཊ་འདི་ རི་དང་མཚོ་མཐའམ་ཚུ་གིས་བསྐོར་ཏེ་ཡོད་པའི་ ཁྲོམ་སྡེ་གལ་གནད་ཅན་ཅིག་ཨིན། ས་གནས་འདི་གི་གནས་ཡུལ་གྱིས་ གནམ་གཤིས་མཐུན་ཏོག་ཏོ་དང་ ཕྱི་ཁར་གྱི་མི་ཚེ་བྱིནམ་ལས་ སྡོད་མི་དང་བལྟ་སྐོར་པ་གཉིས་ཆ་ར་གི་དོན་ལུ་ འགྲུལ་གླིང་ཅིག་སྦེ་ སྙན་གྲགས་སོང་སྟེ་ཡོདཔ་ཨིན།
'''བྱུང་རབས།'''
[[File:OIC adelaide war memorial 2.jpg|thumb|264x264px|རྒྱལ་ཡོངས་དམག་གི་རྗེས་དྲན་འདི་ལྟ་བཤལཔ་ཚུ་ལུ་ཡོངས་གྲགས་ཡོདཔ་ཨིན།]]
ཨེ་ཌི་ལེཊ་འདི་ ཨོས་ཊེ་ལི་ཡ་གི་ཁྲོམ་སྡེ་མང་ཤོས་ར་ ཉེས་ཁྲིམས་ས་གནས་འབད་གཞི་བཙུགས་འབད་བའི་ཁར་ རང་དབང་སྦེ་གཞི་བཙུགས་འབད་དེ་ སྤྱི་ལོ་ ༡༨༣༦ ལུ་ གཞི་བཙུགས་གནང་ནུག། འདི་ཡང་ བྲི་ཊིཤི་གི་སྒྲིང་ཁྱིམ་བཟོ་རིག་པ་ ཀཱོ་ལོ་ནལ་ ཝི་ལཱིམ་ལཱའི་ཊི་གིས་ ངོ་སྤྲོད་འབད་བའི་མནོ་བསམ་ཅིག་ཨིན་མི་ ལམ་རྒྱ་ཆེ་དྲགས་དང་ དྲ་བའི་བཀོད་པ་དང་བཅས་ འཆར་གཞིའི་ཐོག་ལུ་བཟོ་ཡོདཔ་ཨིན། ཁྲོམ་སྡེ་འདི་ རྒྱལཔོ་ཝི་ལཱིམ་ ༤ པའི་བཙུནམོ་ ཨེ་ཌི་ལེཊ་གི་མཚན་ལས་རྟགས་དྲངས་ཏེ་བཏགས་བཏགསཔ་ཨིན། ཨེ་ཌི་ལེཊ་འདི་མགྱོགས་པ་ར་ སྲོལ་རྒྱུན་དང་ སེམས་རིག་གི་ལྟེ་བ་ལུ་ འགྱུར་ཏེ་ དམིགས་བསལ་དུ་ ཡུ་རོབ་ལས་ གཞིས་ཆགས་མི་ཚུ་འོང་སྟེ་ཡོདཔ་ཨིན། དུས་ཚོད་རིམ་པ་སྦེ་ བཟོ་གྲྭ་དང་ཚོང་ལམ་གྱི་ལྟེ་བ་ལུ་འགྱུར་ཏེ་ ལྷོ་ཨོས་ཊེ་ལི་ཡ་གི་གོང་འཕེལ་དང་ དེང་རབས་ངོ་རྟགས་ནང་ འགན་ཁག་གལ་ཅན་ཅིག་འབག་ནི་འགོ་བཙུགས་ནུག།
'''མི་རློབས་དང་མི་རིགས།'''
ཨེ་ཌི་ལེཊ་ལུ་ མི་གྲངས་ས་ཡ་ ༡.༤ ཡོདཔ་ལས་ ཨོས་ཊེ་ལི་ཡ་གི་ཁྲོམ་སྡེ་སྦོམ་ཤོས་ལྔ་པ་ཨིན། ཁྲོམ་སྡེ་འདི་ནང་ མི་རིགས་སྣ་ཚོགས་ཡོདཔ་དང་ ཁྱད་པར་དུ་ ཡུ་ནའི་ཊེཊ་ཀིང་ཌོམ་དང་ ཨི་ཊ་ལི་ དེ་ལས་ གྷི་རིསི་ཚུ་ལས་ ཡུ་རོབ་ཀྱི་མི་རྒྱུད་ཡོད་མི་ཚུ་གིས་ ཚད་གཞི་གལ་ཅན་ཅིག་བཟུང་སྟེ་ཡོད། ཤུལ་མའི་ལོ་ངོ་བཅུ་ཕྲག་ནང་ ཨེ་ཌི་ལེཊ་ལུ་ ཨེ་ཤི་ཡཱ་དང་ ཨཕ་རི་ཀ་ལས་ གཞི་ཆགས་མི་ཚུ་ ཡར་སེང་འགྱོ་ནི་འདི་གིས་ ལམ་སྲོལ་སྣ་ཚོགས་ཡོད་པའི་མི་སྡེ་གི་ཁེ་ཕན་བྱིནམ་ཨིན། ཁྲོམ་སྡེ་འདི་ནང་ སྲོལ་ལུགས་སྣ་ཚོགས་ཅན་གྱི་མི་སྡེ་ཚུ་ཡོདཔ་དང་ རང་སོའི་ཁྱད་ཆོས་ཆེ་བའི་ སྲོལ་ལུགས་དང་ དུས་སྟོན་ དེ་ལས་ བཞེས་སྒོ་ཚུ་ལུ་ ཁེ་ཕན་བྱུང་བཞིན་དུ་ཡོདཔ་ཨིན། ཨེ་ཌི་ལེཊ་གི་མི་སྡེའི་མི་ཚེ་ནང་ལུ་ མི་རིགས་སྣ་ཚོགས་ཅན་གྱི་ཁྱིམ་ ཚང་དང་ ལམ་སྲོལ་ལས་ཚོགས་ཚུ་གིས་ ཁྲོམ་སྡེའི་ལམ་སྲོལ་སྣ་ཚོགས་ཅན་གྱི་གྲལ་སྒྲིག་དགའ་སྤྲོ་བཏོན་མི་ཚུ་གིས་ མི་སྡེའི་མི་ཚེ་ནང་ གསལ་སྟོན་འབདཝ་ཨིན།
'''སྲིད་དོན་དང་གཞུང་ལུགས།'''
ཨེ་ཌི་ལེཊ་འདི་ སྤྱི་ཚོགས་དམང་གཙོའི་འོག་ལུ་གནསཔ་ཨིན་རུང་ ལྷོ་ཨོས་ཊེ་ལི་ཡ་ལུ་ ཁོང་ར་ རང་སོའི་མངའ་སྡེའི་གཞུང་ཡོདཔ་ཨིན། ཁྲོམ་སྡེ་འདི་ར་ བློན་པོ་གཙོ་ཅན་དང་ ལྷོ་ཨོས་ཊེ་ལི་ཡ་གི་སྤྱི་ཚོགས་ཟེར་ཞུ་མི་ ཁྲིམས་བཟོ་ལྷན་ཚོགས་ཀྱིས་ བདག་སྐྱོང་འབད་བའི་ ལྷོ་ཨོས་ཊེ་ལི་ཡ་གི་སྲིད་དོན་ བཀོད་རིས་ཀྱི་ཆ་ཤས་ཅིག་ཨིན། ཨེ་ཌི་ལེཊ་ནང་གི་ས་གནས་གཞུང་གིས་ ཁྲོམ་སྡེ་འཆར་གཞི་དང་ མི་དམངས་སྐྱེལ་འདྲེན་ དེ་ལས་ ས་གནས་ཀྱི་ཞབས་ ཏོག་ཚུ་ ལྟ་རྟོག་འབད་བའི་ ཨེ་ཌི་ལེཊ་ཀྱི་ཁྲོམ་སྡེ་གཞུང་གིས་ བདག་སྐྱོང་འཐབ་ཨིན། ལྷོ་ཨོས་ཊེ་ལི་ཡ་གི་སྲིད་དོན་བཀོད་རིས་ནང་ མི་སྡེའི་གནད་ དོན་དང་ དཔལ་འབྱོར་གོང་འཕེལ་ དེ་ལས་ གནས་ཚད་བརྟན་ཏོག་ཏོ་བཟོ་ནི་ལུ་ དོ་སྣང་འབད་ནི་གི་ངོ་རྟགས་བཀོད་ཡོདཔ་དང་ ཨེ་ཌི་ལེཊ་འདི་ མངའ་སྡེའི་ནང་འཁོད་ལུ་ ལྟ་བ་རྒྱ་བསྐྱེད་ཀྱི་ལེགས་བཅོས་ཚུ་གི་མདུན་ཐད་ལུ་ དམིགས་གཏད་བསྐྱེདཔ་ཨིན།
'''ཁ་སྐད་ ལམ་སྲོལ་ མི་སྡེའི་མི་ཚེ་ ཆོས་ལུགས་དང་ མཐུན་མིན་ཁྱད་ཆོས།'''
ཨིང་སྐད་འདི་ ཨེ་ཌི་ལེཊ་ནང་སླབ་པའི་སྐད་རིགས་གཙོ་བོ་ཨིན་རུང་ ཁྲོམ་སྡེའི་ལམ་སྲོལ་སྣ་ཚོགས་ཀྱིས་ བཟོ་ནི་འདི་གིས་ ཨི་ཊ་ལི་ཡན་ གྷི་རིཀ་ མན་ཌ་རིན་དང་ ཨ་ར་བིཀ་ཚུ་དང་སྦྲགས་ སྐད་རིགས་གཞན་ཡང་ ཡོདཔ་ཨིན། ཨེ་ཌི་ལེཊ་འདི་ སྒྱུ་རྩལ་དང་ ལམ་སྲོལ་གྱི་མཐའ་འཁོར་ དར་ཁྱབ་སྦོམ་ཡོད་པའི་ སྙན་གྲགས་ཅན་ཅིག་ཨིནམ་དང་ ཨེ་ཌི་ལེཊ་སྒྱུ་རྩལ་དུས་སྟོན་དང་ ཨེ་ཌི་ལེཊ་ཕིརནཇི་དུས་སྟོན་བཟུམ་མའི་ གཙུག་སྡེ་ཚུ་གིས་ རྒྱལ་ སྤྱིའི་ནང་ར་ དོ་སྣང་བྱིནམ་ཨིན། ཁྲོམ་སྡེ་ནང་ལུ་ ཆོས་ལུགས་སྣ་ཚོགས་ཀྱི་ སྲོལ་རྒྱུན་སྒྲིང་སྒྲི་ཡོདཔ་དང་ ཆོས་ཁང་དང་མཆོད་ཁང་ ལྷ་ཁང་ཚུ་གིས་ ས་ཁོངས་ལུ་ཁྱབ་ཡོདཔ་ཨིན། ཨེ་ཌི་ལེཊ་ཀྱི་ཁྱད་ཆོས་ཡང་ ཞི་བདེའི་སྡོད་གནས་དང་ ལམ་སྲོལ་གནམ་མེད་ས་མེད་ལེགས་ཤོམ་ དེ་ལས་ རྐང་འཁོར་གཏང་ནི་དང་ རི་བཤལ་རྐང་འགྲུལ་འགྱོ་ནི་ དེ་ལས་ མཚོའི་མཐའམ་ལུ་ སྤྲོ་སྟོན་ཚུ་དང་སྦྲགས་ ཕྱི་ཁའི་ལས་སྣ་ཚུ་ལུ་ གཙོ་བོར་བཟུངམ་ཨིན།
'''གནམ་གཤིས་དང་མཐའ་འཁོར།'''
ཨེ་ཌི་ལེཊ་ནང་ ཚ་དྲགས་ སྐམ་ཀྲོག་ཀྲོ་སྦེ་ཡོད་པའི་གནམ་བྱཱར་གྱི་དུས་ཚོད་དང་ རློན་གཤེར་རན་ཏོག་ཏོ་གི་ གནམ་དགུན་གྱི་དུས་ཚོད་ཚུ་ཡོད་པའི་ མེ་ཌི་ཊེ་རཱ་ནི་ཡན་གནམ་གཤིས་ཀྱི་མྱོང་ཚོར་འབྱུངམ་ཨིན། སྤྱིར་བཏང་གི་བྱཱར་གྱི་དྲོད་ཚད་ ཌིག་རི་སེལ་ཤི་ཡཱསི་ ༢༩ སྦེ་གནས་ཏེ་ འཕྲལ་འཕྲལ་སྦེ་ར་ ཌིག་རི་སེལ་ཤི་ཡཱསི་ ༣༠ ལུ་འཛེགསཔ་ཨིན། གནམ་དགུན་གྱི་དྲོད་ཚད་ཚུ་ གྱང་སུ་ཅིག་ཨིནམ་དང་ ཌིག་རི་སེལ་ཤི་ཡཱསི་ ༨-༡༦ གི་བར་ན་སྦེ་སྡོདཔ་ཨིན། ཨེ་ཌི་ལེཊ་ཀྱི་མཐའ་འཁོར་ སྣ་ཚོགས་སྦེ་ཡོདཔ་དང་ ས་གནས་མ་འདྲཝ་ཚུ་དང་ རི་ལྡེབས་འབུར་ལྡེབ་ཡོད་མི་དང་ མཚོ་མཐའ་རྒྱ་ཆེ་དྲགས་སྦེ་ཡོདཔ་ཨིན། ཁྲོམ་སྡེ་འདི་ཡང་ རྒྱལ་ཡོངས་ལྡུམ་ར་དང་ རང་བཞིན་ཉེན་སྲུང་ས་ཁོངས་ཚུ་གིས་བསྐོར་ཏེ་ ཕྱི་ཁའི་ལས་སྣ་ཚུ་གི་དོན་ལུ་ ས་གནས་འདི་ ཁེ་ཕན་ཅན་ཅིག་བཟོཝ་ཨིན། ལུང་ ཕྱོགས་འདི་ནང་ སྔོ་ལྡུམ་དང་སྲོག་ཆགས་ སེམས་ཅན་གྱི་རིགས་ཁྱད་པར་ཅན་ཚུ་ཡོད་ནི་འདི་གིས་ སྙན་གྲགས་ཅན་ཅིག་སྦེ་ བཟོ་ཡོདཔ་ཨིན།
'''དཔལ་འབྱོར་དང་ཚོང་འབྲེལ།'''
ཨེ་ཌི་ལེཊ་ལུ་ དམག་ཆས་ འཕྲུལ་རིག་ ཤེས་ཡོན་དང་ སོ་ནམ་གྱི་ཁེ་ཕན་གལ་ཅན་བཅས་ དཔལ་འབྱོར་སྣ་ཚོགས་སྦེ་ཡོདཔ་ཨིན། ཉེན་སྲུང་བཟོ་གྲྭ་འདི་ ཁྲོམ་སྡེའི་དཔལ་འབྱོར་གྱི་ཐོན་སྐྱེད་ཀྱི་ཉེན་སྲུང་འཕྲུལ་ཆ་དང་ དམག་ཆས་ཀྱི་སྲ་དངོས་ཚུ་ གཞི་བཙུགས་གནང་ཡོད་པའི་ ཁྲོམ་སྡེའི་དཔལ་འབྱོར་ གྱི་འབྱུང་གནས་གཙོ་བོ་ཅིག་ཨིན། ཨེ་ཌི་ལེཊ་འདི་ ཨོས་ཊེ་ལི་ཡ་གི་ ཆང་ལེགས་ཤོས་ཀྱི་བཟོ་སྐྲུན་འབད་སའི་ ས་གནས་ཅིག་ཨིན་པའི་ ཉེ་འདབས་ཀྱི་ བཱ་རོ་ས་རླུང་མའི་ནང་ དམིགས་བསལ་དུ་ ཆང་བཟོ་བསྐྱེད་ཀྱི་ལྟེ་བ་སྦོམ་ཅིག་ཡང་ཨིན། ཁྲོམ་སྡེ་འདི་གིས་ གསར་གཏོད་དང་འཕྲུལ་རིག་གི་སྡེ་ཚན་ཚུ་ནང་ ཡང་བསྐྱར་བྱུང་ནུས་ཀྱི་ནུས་ཤུགས་དང་ མཁའ་འགྲུལ་བཟོ་གྲྭ་ དེ་ལས་ ཞིབ་འཚོལ་ཚུ་ ངེས་པར་དུ་གཞི་བཙུགས་འབད་དེ་ཡོདཔ་དང་ ཨེ་ཌི་ལེཊ་གཙུག་ལག་སློབ་སྡེ་གིས་ གསར་གཏོད་ཡར་སྐྱེད་ནང་ འགན་ཁག་ཅིག་འབག་སྟེ་ཡོད།
'''གསོ་བ་དང་ཤེས་ཡོན།'''
ཨེ་ཌི་ལེཊ་ལུ་ རྒྱལ་ཁབ་ནང་གི་སྦོམ་ཤོས་ཚུ་གི་གྲས་ལས་ཅིག་ཨིན་མི་ རྒྱལ་འཛིན་ཨེ་ཌི་ལེཊ་སྨན་ཁང་དང་གཅིག་ཁར་ མི་དམངས་དང་ སྒེར་གྱི་སྨན་ཁང་ལེ་ཤ་དང་ མཉམ་འབྲེལ་ཐོག་ལས་ གསོ་བའི་ལམ་ལུགས་ སྤུས་ཚད་ཅན་ཅིག་སྦེ་ཡོདཔ་ཨིན། གསོ་བའི་ལམ་ལུགས་འདི་ མི་དམངས་མ་དངུལ་གྱི་རྒྱབ་སྐྱོར་ཐོག་ལས་ཨིནམ་དང་ གཞི་རིམ་གསོ་བ་དང་ གློ་བུར་ཞབས་ཏོག་ དེ་ལས་ དམིགས་བསལ་སྨན་བཅོས་ཚུ་ ཚུད་པའི་ཞབས་ཏོག་ཡོངས་རྫོགས་བྱིནམ་ཨིན། ཨེ་ཌི་ལེཊ་ནང་ ཤེས་ཡོན་ཡང་ གནས་ཚད་མཐོ་དྲགས་ཅིག་ཡོདཔ་དང་ ཁྲོམ་སྡེ་འདི་ནང་ ཨེ་ཌི་ལེཊ་གཙུག་ལག་སློབ་སྡེ་དང་ ཕི་ལིན་ཌར་གཙུག་ལག་སློབ་སྡེ་ དེ་ལས་ ལྷོ་ཨོས་ཊེ་ལི་ཡ་གཙུག་ལག་སློབ་སྡེ་བཟུམ་མའི་གཙུག་ལག་སློབ་སྡེ་ ཡོངས་གྲགས་ཅན་ཚུ་ཡོདཔ་ཨིན། ཁྲོམ་སྡེ་འདི་ལུ་ གསོ་བའི་ཚན་རིག་དང་ བཟོ་རིག་ དེ་ལས་ སོ་ནམ་གྱི་ས་ཁོངས་ཚུ་ནང་ དམིགས་བསལ་དུ་ ཞིབ་འཚོལ་གྱི་མིང་གཏམ་སྒྲིང་སྒྲི་ཡོདཔ་ལས་ ནང་འཁོད་དང་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་འོང་ནི་ཡོདཔ་ཨིན།
'''དཀའ་ངལ་དང་གདོང་ལེན་ཚུ།'''
ཨེ་ཌི་ལེཊ་ལུ་ ཁྲོམ་སྡེ་ནང་སྡོད་གནས་ཀྱི་དགོས་མཁོ་ རྒྱུན་སྐྱོང་འགྱོ་བའི་སྐབས་ སྡོད་གནས་ཀྱི་གོང་ཚད་སྤྲོད་ཚུགསཔ་ཅིག་འཐོབ་ཚུགས་ནི་དང་ འདི་དང་འབྲེལ་བའི་ དཀའ་ངལ་ལེ་ཤ་ར་འབྱུང་ནི་ཡོདཔ་ཨིན། ཁྲོམ་སྡེའི་དཔལ་འབྱོར་འདི་ སྣ་ཚོགས་སྦེ་ཡོད་རུང་ ཨོས་ཊེ་ལི་ཡ་གི་ཁྲོམ་སྡེ་གཞན་ཚུ་དང་ཕྱདཔ་ད་ ལཱ་གཡོག་གི་གོ་སྐབས་དང་ དཔལ་འབྱོར་གོང་འཕེལ་གྱི་སྐོར་ལས་ སེམསཚ་གྱང་ཅན་ཅིགསྦེ་ འབྱུང་ནི་ཡོདཔ་ཨིན། འཐུང་ཆུ་དང་སྤྱོད་ཆུ་ཚུ་ཡང་ དཀོན་སུ་ཅིག་དང་ གདོང་ལེན་ཅན་གཞན་མི་ཅིག་ཨིནམ་དང་ ཨེ་ཌི་ལེཊ་ཀྱི་སྡོད་གནས་དང་ སོ་ནམ་གྱི་དགོས་མཁོ་གཉིས་ཆ་ར་གི་དོན་ལུ་ ཆུའི་ འབྱུང་ཁུངས་ཚད་འཛིན་ཡོད་མི་ཚུ་ལུ་ ལྷག་པར་དུ་རྟེན་ཡོདཔ་ཨིན། དེ་གུར་ གནམ་གཤིས་འགྱུར་བ་གིས་ མཐའ་འཁོར་གནས་སྟངས་དང་ དཔལ་འབྱོར་ གཉིས་ཆ་ར་ལུ་ གནོད་པའི་ཉེན་ཁ་ཅིག་བྱིནམ་ཨིན། ཨེ་ཌི་ལེཊ་གི་གཞུང་གིས་ གནད་དོན་འདི་ཚུ་ སེལ་ནིའི་དོན་ལུ་ ཡུན་བརྟན་ལས་འགུལ་ཚུ་གུ་ གཙོ་བཏོན་འབད་དེ་ཡོད་རུང་ གོང་འཕེལ་ཚུ་རིམ་པ་སྦེ་ར་ གཏང་བའི་བསྒང་ར་ཡོད།
ca7let84wmljx3u0nfuvqmf4eebka0j
ཨོག་ལེནཌ། Auckland
0
9011
39628
2026-04-15T04:50:53Z
Kinleyg
12459
Created page with "'''ངོ་སྤྲོད།''' [[File:Auckland, New Zealand 2025.jpg|thumb|413x413px|ནིའུ་ཛིཡ་ལེནཌ་གི་ཨོག་ལེནཌ་ཁྲོམ་ཚོགས།]] ཨོག་ལེནཌ་འདི་ ནིའུ་ཛི་ལེནཌ་གི་ཁྲོམ་ཚོགས་སྦོམ་ཤོས་ཨིནམ་དང་ དེ་ཡང་ མཚོ་གཞུང་ཉམས་དགའ་ཏོག་ཏོ་དང་ མ..."
39628
wikitext
text/x-wiki
'''ངོ་སྤྲོད།'''
[[File:Auckland, New Zealand 2025.jpg|thumb|413x413px|ནིའུ་ཛིཡ་ལེནཌ་གི་ཨོག་ལེནཌ་ཁྲོམ་ཚོགས།]]
ཨོག་ལེནཌ་འདི་ ནིའུ་ཛི་ལེནཌ་གི་ཁྲོམ་ཚོགས་སྦོམ་ཤོས་ཨིནམ་དང་ དེ་ཡང་ མཚོ་གཞུང་ཉམས་དགའ་ཏོག་ཏོ་དང་ མི་རིགས་སྣ་ཚོགས་ དེ་ལས་ སྲོལ་ཁྱུན་སྒྲིང་སྒྲི་སྦེ་ཡོད་པའི་ཆ་ལས་ སྙན་གྲགས་ཅན་ཅིག་ཨིན། ཁྲོམ་ཚོགས་འདི་ ཆུའི་མཐའམ་ལུ་ཆགས་ཏེ་ཡོདཔ་དང་ རྒྱ་མཚོའི་ལས་སྣ་ སྣ་ཚོགས་ལུ་བརྟེན་ "གྲུ་གཟིངས་ཀྱི་ཁྲོམ་ཚོགས་" ཟེར་ངོས་འཛིན་འབད་དེ་ཡོད། ཨོག་ལེནཌ་འདི་ རྒྱལ་ཁབ་ནང་གི་ དཔལ་འབྱོར་དང་ སྲོལ་ཁྱུན་གྱི་ ལྟེ་བ་གཙོ་བོ་ཅིག་ཨིན། ཁྲོམ་ཚོགས་འདི་ སྣ་མང་གིས བཟོ་བཟོཝ་ཅིག་ཨིནམ་དང་ ནུབ་ཕྱོགས་ཀྱི་གོང་འཕེལ་ དེང་རབས་ཅན་དང་ལྡན་པའི་ བྱུང་རབས་ཀྱི་གནས་སྟངས་ལེགསཔ་ དེ་ལས་ སྤྲོ་སྟོན་གྱི་གདམ་ཁ་སྣ་ཚོགས་ཡོད། ཨོག་ལེནཌ་གི་ སྒྱུ་རྩལ་སེམས་ཤུགས་ཅན་གྱི་ལས་རིམ་ཚུ་དང་ ཟ་ཁང་མཆོག་འགྱུར་ཚུ་ དེ་ལས་ མི་རིགས་སྣ་ཚོགས་ཀྱི་མི་སྡེ་ཚུ་གིས་ པེ་སི་ཕིཀ་རྒྱ་མཚོའི་ལུང་ཕྱོགས་ནང་གི་ ཁྲོམ་ཚོགས་ཅིག་ལུ་གྱུར་ཏེ་ཡོད།
'''ས་ཆའི་བཀོད་པ་ རྒྱ་ཚད་དང་ བདག་སྐྱོང་མངའ་ཁོངས།'''
ཨོག་ལེནཌ་འདི་ ནིའུ་ཛི་ལེནཌ་གི་བྱང་ཕྱོགས་མཚོ་གླིང་ནང་ ཆགས་ཏེ་ཡོད། འདི་ཡང་ མཚོ་གཞུང་སྦོམ་གཉིས་ཀྱི་བར་ན་ཡོདཔ་དང་ བྱང་ཕྱོགས་ལུ་ ཝེ་ཊེ་མ་ཊ་གྲུ་ཆགས་ས་དང་ ལྷོ་ཕྱོགས་ལུ་ མ་ནུ་ཀའུ་མཚོ་གྲུ་ཆགས་ས་ཨིན། ཁྲོམ་ཚོགས་འདི་གིས་ ས་ཁྱོན་སྦོམ་ཚད་ ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༡,༠༨༦ ལྷགཔ་ཅིག་ལུ་ གནས་ཏེ་ཡོདཔ་ལས་ ནིའུ་ཛི་ལེནཌ་གི་མི་རློབས་དང་ ས་ཆའི་གནས་ཚད་རྒྱ་སྦོམ་ཤོས་ཅིག་ཨིན། ཨོག་ལེནཌ་འདི་ ས་གནས་གཞུང་གི་ མངའ་ཁུལ་ ཁག་ལེ་ཤ་ལུ་དབྱེ་ཡོདཔ་དང་ ཨོག་ལེནཌ་ཚོགས་པ་གིས་ བདག་སྐྱོང་དབང་ཆ་སྦོམ་ཤོས་ཅིག་སྦེ་འབག་སྟེ་ཡོད། བདག་སྐྱོང་ གི་ས་ཁོངས་འདི་གི་མཐའ་འཁོར་གྱི་ཉེ་འདབས་དང་ མཚོ་གླིང་ཚུ་ དེ་ལས་ མཚོ་གླིང་གི་མཐའམ་ཚུ་ ཚུདཔ་ཨིནམ་ལས་ སྣ་ཚོགས་ལྡན་པའི་གྲོང་སྡེ་ ས་ཁོངས་ཅིག་ བཟོ་སྟེ་ཡོད།
'''བྱུང་རབས།'''
ཨོག་ལེནཌ་གི་ལོ་རྒྱུས་འདི་ ཧེ་མའི་པོ་ལི་ནི་ཤི་ཡན་གཞིས་ཆགས་མི་ མ་འོ་རི་ཚུ་ དུས་རབས་ ༡༣ པའི་ནང་ བྱོན་པའི་སྐབས་ལས་ འགོ་བཙུགས་ནུག། ཧེ་མ་འདི་ ཡུ་རོ་པི་ཡཱན་གྱི་སྔོན་དུས་ཚུ་ དཔེར་ན་ ཀེབ་ཊེན་ཇེམསི་ཀུཀ་ཚུ་ དུས་རབས་ ༡༨ པའི་ནང་ མ་བྱོན་པའི་ཧེ་མ་ལས་ མ་འོ་རི་གི་ གཞིས་ཆགས་ཡོདཔ་ཨིན། ཁྲོམ་ཚོགས་འདི་ སྤྱི་ལོ་ ༡༨༤༠ ལུ་ ནིའུ་ཛི་ལེནཌ་གི་རྒྱལ་ས་སྦེ་ བྲི་ཊིཤ་གཞིས་ཆགས་མི་ཚུ་གིས་ གཞི་བཙུགས་འབད་ནུག། དེ་ཡང་ ས་ཁག་ཆེ་ཏོག་ཏོ་དང་ རང་བཞིན་གྱི་མཚོ་ཚུན་ལུ་བརྟེན་ཏེ་ཨིན། ཨོག་ལེནཌ་འདི་ ༡༨༦༥ ཚུན་ཚོད་ རྒྱལ་ས་སྦེ་གནས་ ཡོདཔ་དང་ དེའི་ཤུལ་ལས་ རྒྱལ་ས་འདི་ ཝེ་ལིང་ཊོན་ལུ་སོར་ནུག། ལོ་བཅུ་ཕྲག་མང་རབས་ཅིག་གི་ནང་འཁོད་ལུ་ ཨོག་ལེནཌ་འདི་ མགྱོགས་དྲགས་སྦེ་ ཡར་རྒྱས་སོང་སྟེ་ གྲུ་གཟིངས་འགྲུལ་བསྐྱོད་ཀྱི་ཁྲོམ་ཚོགས་སྦོམ་ཅིག་ལུ་གྱུརཝ་མ་ཚད་ མཐའ་མཇུག་ལུ་ ནིའུ་ཛི་ལེནཌ་གི་ དཔལ་འབྱོར་དང་ སྲོལ་ཁྱུན་གྱི་ལྟེ་བ་ ཅིག་ལུ་གྱུར་ནུག།
'''མི་རློབས་དང་མི་རིགས།'''
ཨོག་ལེནཌ་འདི་ ནིའུ་ཛི་ལེནཌ་ནང་ མི་རློབས་མང་ཤོས་ཡོད་པའི་ཁྲོམ་ཚོགས་ཅིག་ཨིན། དེ་ནང་ མི་གྲངས་ས་ཡ་ ༡.༧ དེ་ཅིག་ཡོད་མི་འདི་ རྒྱལ་ཁབ་ཀྱི་མི་རློབས་ཧྲིལ་བུམ་ལས་ གསུམ་དཔྱ་གཅིག་དེ་ཅིག་ཨིན། ཁྲོམ་ཚོགས་འདི་ མི་རིགས་སྣ་ཚོགས་ཀྱིས་གང་སྟེ་ཡོདཔ་དང་ དེ་ནང་ པེ་སི་ཕིཀ་རྒྱ་ མཚོའི་མཚོ་གླིང་པ་དང་ མ་འོ་རི་ ཨེ་ཤི་ཡཱན་ དེ་ལས་ ཡུ་རོ་པི་ཡཱན་གྱི་མི་རིགས་ཁྱབ་ཆེ་སུ་ཅིག་སྦེ་ཡོད། མི་རིགས་བསྡུ་ཚོགས་སྦོམ་ཤོས་ཚུ་ ཡུ་རོ་པི་ཡཱན་ (གཙོ་བོ་བྲི་ཊིཤ་རིགས་བརྒྱུད་) དེ་ལས་ མ་འོ་རི་ ཨེ་ཤི་ཡ་པ་ཚུ་ པེ་སི་ཕིཀ་རྒྱ་མཚོའི་མཚོ་གླིང་པ་ཚུ་ཨིནམ་དང་ དེ་གིས་ ཁྲོམ་ཚོགས་འདི་གི་ སྲོལ་ཁྱུན་གྱི་ལམ་སྲོལ་སྣ་ཚོགས་ཡོདཔ་སྦེ་ སྟོནམ་ཨིན། ཨོག་ལེནཌ་གི་མི་རིགས་སྣ་ཚོགས་ཀྱི་གནས་སྟངས་འདི་ ཁོང་གི་བཞེས་སྒོ་དང་དུས་སྟོན་ཚུ་ དེ་ལས་ མི་སྡེའི་མི་ཚེ་ནང་མངོན་གསལ་སྦོམ་ཡོདཔ་དང་ དེ་ལུ་བརྟེན་ཏེ་ སེམས་ཤུགས་ཅན་དང་ ལས་སྣ་སྣ་ཚོགས་ཡོད་པའི་ ཁྲོམ་ཚོགས་ཅིག་དང་ འཛམ་གླིང་ཧྲིལ་བུའི་ཚོར་སྣང་ཡོད་པའི་ ཁྲོམ་ཚོགས་ཅིག་ལུ་ གྱུར་ཏེ་ཡོད།
'''སྲིད་དོན་དང་གཞུང་ལུགས།'''
ཨོག་ལེནཌ་འདི་ ས་གནས་གཞུང་གི་ ལམ་ལུགས་འོག་ལུ་ གནས་ཏེ་ཡོདཔ་དང་ ཨོག་ལེནཌ་ཚོགས་པ་གིས་ མི་དམངས་ཀྱི་ལས་དོན་ཆ་མཉམ་ལུ་ ལྟ་རྟོག་འབདཝ་ཨིན། ཁྲོམ་ཚོགས་འདི་ ས་གནས་བཀོད་ཚོགས་ཚུ་ལུ་ དབྱེ་སྟེ་ཡོདཔ་དང་ དེ་ནང་ལུ་ རང་དབང་གི་སྒོ་ལས་ གདམ་ཁ་རྐྱབ་སྟེ་ཡོད་ པའི་ ངོ་ཚབ་ཚུ་ཡོད། དེ་ཚུ་གིས་ ས་གནས་རང་སོའི་ནང་ལུ་ གཞུང་སྐྱོངམ་ཨིན། ཨོག་ལེནཌ་གི་སྤྱི་ཁྱབ་འདི་ ལོ་ངོ་གསུམ་རེའི་ནང་ ཚར་རེ་ གདམ་ཁ་རྐྱབ་ཨིན། དེ་གིས་ ཁྲོམ་ཚོགས་ནང་ དབང་ཆ་སྦོམ་ཡོདཔ་དང་ རྟེན་གཞི་དང་སྡོད་ཁྱིམ་ དེ་ལས་ མི་དམངས་ཞབས་ཏོག་ཚུ་བཟུམ་མའི་ གནད་དོན་གཙོ་བོ་ཚུ་ བདག་སྐྱོང་འཐབ་ཨིན། ཨོག་ལེནཌ་འདི་ ནིའུ་ཛི་ལེནཌ་གི་གྲོས་ཚོགས་དམངས་གཙོ་གི་ཆ་ཤས་ཅིག་ཨིནམ་དང་ རྒྱལ་ཁབ་འདི་ སྲིད་བློན་དང་ ཝེ་ལིང་ཊོན་ལུ་ཆགས་ཏེ་ཡོད་པའི་ གྲོས་ཚོགས་ཀྱིས་ བདག་སྐྱོང་འཐབ་ཨིན། ཨོག་ལེནཌ་གི་སྲིད་དོན་གྱི་ ས་གཞི་ནང་ལུ་ ཁྲོམ་སྡེའི་གོང་འཕེལ་རྒྱུན་སྐྱོང་དང་ སྡོད་ཁྱིམ་ དེ་ལས་ མི་སྡེའི་ཆ་སྙོམས་ཚུ་གི་ཐོག་ལུ་ གཙོ་བོ་བཏོན་དོ་ཡོདཔ་ཨིན་པས།
'''ཁ་སྐད་ ལམ་སྲོལ་ མི་སྡེའི་མི་ཚེ་ ཆོས་ལུགས་ ཐུན་མིན་ཁྱད་ཆོས།'''
ཨོག་ལེནཌ་ནང་ལུ་ སྐད་ཡིག་གཙོ་བོ་ ཨིང་སྐདསྦེ་བརྡ་སྤྲོད་འབད་དོ་ཡོདཔ་ཨིན་རུང་ ཁྲོམ་ཚོགས་འདི་ནང་ མི་རིགས་སྣ་ཚོགས་ཡོད་པའི་མི་རློབས་ལུ་བརྟེན་ སྐད་ཡིག་མང་རབས་ཅིག་གི་ཁྱིམ་ཅིག་ཨིན། དེ་ཚུ་གི་གྲངས་སུ་ མ་འོ་རི་དང་ ས་མོ་ཨཱན་ མེན་ཌ་རིན་ དེ་ལས་ ཧིན་དི་ཚུ་ཡང་ཚུདཔ་ ཨིན། ཁྲོམ་ཚོགས་འདི་ནང་ལུ་ སྲོལ་ཁྱུན་ཕྱུགཔོ་ཡོདཔ་དང་ སྒྱུ་རྩལ་དང་སྟོན་ཁང་ དེ་ལས་ རོལ་དབྱངས་ལ་སོགས་པའི་ཐོག་ལུ་ ཤུགས་བཏོན་དོ་ ཡོདཔ་ཨིན། ཨོག་ལེནཌ་ནང་ལུ་ རྒྱལ་སྤྱིའི་དུས་སྟོན་ལེ་ཤ་བརྩི་སྲུང་ཞུཝ་ཨིན། དཔེར་ན་ ཨོག་ལེནཌ་སྒྱུ་རྩལ་དུས་སྟོན་དང་ པེ་སི་ཕིཀ་དུས་སྟོན་ཚུ་ཡང་ཚུདཔ་ཨིན། དེ་ཚུ་གིས་ ཁྲོམ་ཚོགས་འདི་གི་སྣ་ཚོགས་བརྩི་སྲུང་ཞུཝ་ཨིན། ཆོས་ཕྱོགས་ཀྱི་མི་ཚེ་ཡང་ སྣ་ཚོགས་ཅན་ཅིག་ཨིནམ་ད་ ཡེ་ཤུ་གི་ཆོས་ལུགས་འདི་ ཆོས་ལུགས་སྦོམ་ཤོས་ཨིན། དེའི་རྒྱབ་ལས་ ཧིན་དུ་དང་ ཨིསི་ལམ་ དེ་ལས་ ནང་པའི་ཆོས་ལུགས་ཚུ་ཡོད། ཨོག་ལེནཌ་གི་ཐུན་མིན་གྱི་ཁྱད་ཆོས་འདི་ དེང་རབས་ཀྱི་ཁྲོམ་ཚོགས་གྱི་མི་ཚེ་དང་ རང་བཞིན་མཐའ་འཁོར་ལེགས་པ་ དེ་ལས་ སྲོལ་ཁྱུན་ཟུང་འབྲེལ་ཚུ་གི་ སྤྱི་མཐུན་ནང་ལུ་གནས་ཡོད།
'''གནམ་གཤིས་དང་མཐའ་འཁོར།'''
ཨོག་ལེནཌ་ལུ་ རྒྱ་མཚོའི་གནམ་གཤིས་ཆ་སྙོམས་ཅན་འབད་ཡོདཔ་དང་ དེ་ཡང་ གནམ་དགུན་གྱི་སྐབས་ལུ་ རློན་གཤེར་དང་ཚ་དྲོད་ཅན་དང་ གནམ་བྱཱར་ལུ་ རློན་གཤེར་ཅན་སྦེ་གནསཔ་ཨིན། གནམ་བྱཱར་ལུ་ རན་ཏོག་ཏོ་སྦེ་གནས་ཏེ་ ཌིག་རི་སེལ་ཤི་ཡཱསི་ ༢༠ ལས་ ༢༥ ཚུན་གྱི་བར་ན་ ཡོདཔ་ད་ དགུན་གྱི་བསིལ་དྲོད་དེ་ཡང་ ཆ་སྙོམས་ལུ་ དྲོད་ཚད་ཌིག་རི་སེལ་ཤི་ཡཱས་ ༡༠ ལས་ ༡༥ གི་བར་ན་ཡོདཔ་ཨིན། ཁྲོམ་ཚོགས་འདི་ནང་ལུ་ ལོ་གཅིག་གི་རིང་ལུ་ ཆརཔ་རྐྱབ་ཨིནམ་དང་ དེ་ཡང་ ཟླཝ་དྲུག་པ་ལས་བརྒྱད་པ་ཚུན་ ཆརཔ་ཤུགས་སྦེ་རྐྱབ་ཨིན། ཨོག་ལེནཌ་གི་མཐའ་འཁོར་ གནས་སྟངས་འདི་ སྣ་ཚོགས་ཅན་སྦེ་ཡོདཔ་དང་ དེ་ནང་ ཧོ་ལྡེམ་ལྡེམ་དང་མཚོ་ཁ་ དེ་ལས་ མེ་རིའི་ས་གཞི་ཚུ་ཡོད། ཁྲོམ་ཚོགས་འདི་གི་མཐའ་ འཁོར་ལུ་ མེ་རིའི་ཐར་ཐོར་བཏང་ ༥༠ ལས་ལྷགཔ་སྦེ་ཡོདཔ་ལས་ ཐུན་མོང་མ་ཡིན་པའི་ རང་བཞིན་གྱི་ཁྱད་ཆོས་ཅིག་ཨིན། དེའི་མཚོ་འགྲམ་གྱི་ གནས་སྟངས་ཀྱིས་ཡང་ ཉམས་དགའ་ཏོག་ཏོ་གི་ས་གཞི་དང་ ཕྱི་ཁའི་མི་ཚེ་སྐྱོང་ཐབས་ལུ་ ཕན་ཐོགས་འབྱུང་དོ་ཡོདཔ་ཨིན།
'''དཔལ་འབྱོར་དང་ཚོང་འབྲེལ།'''
ཨོག་ལེནཌ་འདི་ ནིའུ་ཛི་ལེནཌ་གི་དཔལ་འབྱོར་གྱི་ནུས་ཤུགས་ཅན་ཅིག་ཨིནམ་དང་ རྒྱལ་ཁབ་ཀྱི་ཐོན་ཁུངས་ཅན་ཅིག་སྦེ་ གནས་ཏེ་ཡོད། ཁྲོམ་ཚོགས་ཀྱི་དཔལ་འབྱོར་འདི་ སྣ་ཚོགས་སྦེ་ཡོདཔ་དང་ དེ་ཡང་ དངུལ་རྩིས་དང་འཕྲུལ་རིག་ བཟོ་སྐྲུན་ བལྟ་བཤལ་ དེ་ལས་ ཚོང་འབྲེལ་བཟུམ་མའི་ ལས་སྡེ་ གཙོ་བོ་ཚུ་ཚུདཔ་ཨིན། ཨོག་ལེནཌ་འདི་ ནིའུ་ཛི་ལེནཌ་གི་ གྲུ་གཟིངས་མཐུད་འབྲེལ་གཙོ་བོ་ཅིག་ཨིནམ་ད་ ཨོག་ལེནཌ་གྲུ་གཟིངས་མཐུད་འབྲེལ་གྱིས་ རྒྱལ་ཁབ་ཀྱི་ནང་འདྲེན་དང་ ཕྱིར་ཚོང་གི་བརྒྱ་ཆ་ སྦོམ་ཤོས་ཅིག་སྦེ་བདག་འཛིན་འཐབ་ཨིན། ཁྲོམ་ཚོགས་འདི་ རྒྱལ་ཁབ་ཀྱི་འཕྲུལ་རིག་ལས་སྡེ་ འཕེལ་བཞིན་ཡོད་མི་གི་ ལྟེ་བ་ཡང་ཨིནམ་དང་ དེ་ནང་ལུ་ ལས་སྦྱོར་གསརཔ་ལེ་ཤ་དང་ རྒྱལ་སྤྱི་ཚོང་སྡེ་སྦོམ་ཚུ་ཡོད། འཕྲུལ་རིག་ ལས་སྡེ་དང་ དངུལ་རྩིས་ལས་སྡེ་ཚུ་ཡོད་པའི་ཁར་ ཨོག་ལེནཌ་གི་བལྟ་བཤལ་ལས་སྡེ་འདི་ དར་ཁྱབ་འགྱོ་དོ་ཡོདཔ་ད་ དེ་ཡང་ བལྟ་བཤལཔ་ཚུ་ གིས་ རང་བཞིན་མཛེས་པའི་ས་ཆ་དང་ སྲོལ་ཁྱུན་གྱི་མཐོང་སྣང་གྱི་ལས་རིམ་ཚུ་གི་དོན་ལུ་ འོང་དོ་ཡོདཔ་ཨིན།
'''གསོ་བ་དང་ཤེས་རིག།'''
ཨོག་ལེནཌ་ལུ་ གསོ་བའི་ལམ་ལུགས་ གནམ་མེད་ས་མེད་ལེགས་ཤོམ་ཡོདཔ་དང་ དེ་ནང་ལུ་ གཞུང་དང་སྒེར་གྱི་ གསོ་བའི་ཞབས་ཏོག་ བྱིན་མི་ཚུ་ ཚུདཔ་ཨིན། ཁྲོམ་ཚོགས་འདི་ནང་ གསོ་བའི་སྨན་ཁང་སྦོམ་ལེ་ཤ་ཡོད་མི་ཚུ་ལས་ ཨོག་ལེནཌ་ཁྲོམ་ཚོགས་སྨན་ཁང་ཡང་ ཚུདཔ་ཨིན། གསོ་བའི་ སྨན་ཁང་དེ་གིས་ ལུང་ཕྱོགས་ནང་གི་སྨན་བཅོས་འབད་ནི་གི་ ལྟེ་བ་སྦེ་ཞབས་ཏོག་ཞུཝ་ཨིན། ཨོག་ལེནཌ་ལུ་ ཤེས་རིག་གི་གནས་ཚད་ མཐོ་དྲགས་ ཡོདཔ་དང་ དེ་ནང་ལུ་ གཙུག་ལག་སློབ་སྡེ་སྦོམ་ཚུ་ཡོདཔ་ཨིན། དཔེར་ན་ ཨོག་ལེནཌ་གཙུག་ལག་སློབ་སྡེ་དང་ ཨོག་ལེནཌ་གཙུག་ལག་འཕྲུལ་རིག་ཚུ་ཡང་ཚུདཔ་ཨིན། ཁྲོམ་ཚོགས་འདི་ ཞིབ་འཚོལ་དང་ གསར་གཏོད་ཀྱི་གཙོ་བོ་ཅིག་ཨིནམ་དང་ ལྷག་པར་དུ་ མཐའ་འཁོར་གནས་སྟངས་ རྒྱུན་སྐྱོང་དང་ འཕྲུལ་རིག་ དེ་ལས་ གསོ་བའི་ཚན་རིག་བཟུམ་མའི་ཁྱབ་ཁོངས་ཚུ་ནང་ཨིན། དེ་གིས་ རྒྱལ་སྤྱི་སློབ་ཕྲུག་ མང་རབས་ཅིག་ འོང་བཅུག་དོ་ཡོདཔ་དང་ ཁྲོམ་ཚོགས་གྱི་སེམས་ཤུགས་ཅན་གྱི་ ཤེས་རིག་མི་སྡེ་ལུ་ ཕན་ཐོགས་འབྱུང་དོ་ཡོདཔ་ཨིན།
'''དཀའ་ངལ་དང་གདོང་ལེན།'''
ཨོག་ལེནཌ་ལུ་ དཀའ་ངལ་སྣ་ཚོགས་སྦེ་ཡོདཔ་ཨིན། དེ་ཚུ་གི་གྲས་ལས་ མི་རློབས་མགྱོགས་དྲགས་སྦེ་ འཕེལ་ཡོད་མི་ལས་བརྟེན་ཏེ་ སྡོད་ཁྱིམ་གྱི་གོང་ཚད་ སྤྲོད་མ་ཚུགསཔ་དང་འབྲེལ་བའི་དཀའ་ངལ་ བྱུང་དོ་ཡོདཔ་ཨིན། སྡོད་ཁྱིམ་དགོ་པའི་ དགོས་མཁོ་ཡོད་མི་ལས་བརྟེན་ཏེ་ རན་ཏོག་ཏོ་གི་ གོང་ཚད་གུར་གནོད་པ་འབྱུང་སྟེ་ ས་གནས་ནང་མི་ཚུ་གི་དོན་ལུ་ ལྷག་པར་དུ་ འགོ་དང་པ་ཁྱིམ་ཉོ་མི་ཚུ་ལུ་ ཉོ་བཙོང་འབད་ནི་ལུ་ དཀའ་ངལ་འབྱུང་དོ་ཡོདཔ་ཨིན། ཁྲོམ་ཚོགས་འདི་ནང་ལུ་ སྐྱེལ་འདྲེན་གྱི་འགྲུལ་འཁོར་ འགྲིག་ཐབས་མེད་པའི་དཀའ་ངལ་ཡང་འབྱུངམ་ཨིན། དེ་ཡང་ དེའི་རྟེན་གཞི་ཚུ་ མི་རློབས་ཡར་སེང་དང་གཅིག་ཁར་ འགྲོས་མཉམ་སྦེ་ གོང་འཕེལ་འགྱོ་མི་ཚུགས་པའི་དཀའ་ངལ་ཡོད། མཐའ་འཁོར་གནས་སྟངས་དང་ འབྲེལ་བའི་ དཀའ་ངལ་ཚུ་ དཔེར་ན་ རྒྱ་མཚོའི་ཁ་མཐོ་དྲགས་འགྱོ་མི་དང་ གནམ་གཤིས་འགྱུར་བ་ལ་སོགས་པ་ཚུ་གིས་ཡང་ ཨོག་ལེནཌ་གི་མཚོ་འགྲམ་ས་ཁོངས་ཚུ་ལུ་ ཡུན་རིང་གི་ཉེན་ཁ་བཀལ་དོ་ཡོདཔ་ཨིན། དེ་མ་ཚད་ གོང་འཕེལ་རྒྱུན་སྐྱོང་ཅན་ངེས་གཏན་བཟོ་ནི་དང་ ལ་ལུ་ཅིག་ལུ་ སྔོ་ལྗང་ཅན་གྱི་ས་ ཁོངས་དང་ རང་བཞིན་གྱི་མཐའ་འཁོར་གཞི་བཙུགས་ཚུ་ ཉམས་སྲུང་འབད་ནི་འདི་ ཁྲོམ་ཚོགས་འཆར་གཞི་བཟོ་མི་ཚུ་དང་ གཞུང་གི་དབང་འཛིན་ཚུ་ གི་དོན་ལུ་ གཙོ་རིམ་སྦེ་གནས་ཡོདཔ་ཨིན།
t0dwv99b1kyrv29dhh94yki66uvjqd3