Wikipedia dzwiki https://dz.wikipedia.org/wiki/%E0%BD%98%E0%BC%8B%E0%BD%A4%E0%BD%BC%E0%BD%82%E0%BC%8D MediaWiki 1.47.0-wmf.15 first-letter Media Special Talk User User talk Wikipedia Wikipedia talk File File talk MediaWiki MediaWiki talk Template Template talk Help Help talk Category Category talk TimedText TimedText talk Module Module talk Event Event talk རི་དྭགས་སེམས་ཅན་ལྟ་རྟོག་འབད་ཐངས་ཀྱི་སྐོར། 0 9188 40095 2026-08-18T10:59:10Z Kheng Singye Dorji (KSD) 9274 Created page with "༉ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་མཐའ་འཁོར་གནས་སྟངས་དང་མཐུན་པའི་ རྒྱལ་ཁབ་ཚུ་གི་གྲས་ལས་གཅིག་ཨིན། རྒྱལ་ཁབ་འདི་ནང་ སྐྱེ་ལྡན་རིགས་སྣ་དང་ནགས་ཚལ་མཛེས་ཆ་དང་ལྡནམ་སྦེ་ཡོད་..." 40095 wikitext text/x-wiki ༉ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་མཐའ་འཁོར་གནས་སྟངས་དང་མཐུན་པའི་ རྒྱལ་ཁབ་ཚུ་གི་གྲས་ལས་གཅིག་ཨིན། རྒྱལ་ཁབ་འདི་ནང་ སྐྱེ་ལྡན་རིགས་སྣ་དང་ནགས་ཚལ་མཛེས་ཆ་དང་ལྡནམ་སྦེ་ཡོད་པའི་ཁར་ ཁཝ་གིས་བསྐོར་བའི་གངས་རི་དང་་ གཙང་ཆུ་ཧིང་སང་ས་ དེ་ལས་ ཉམས་སྲུང་འབད་སའི་ས་ཁོངས་ཚུ་ཡོངས་གྲགས་ཅན་ཡོདཔ་ཨིན། འབྲུག་རྒྱལ་ཁབ་ནང་ སའི་རྒྱ་ཚད་བརྒྱ་ཆ་ ༧༠ ལྷགཔ་ཅིག་ ནགས་ཚལ་གྱིས་ཁྱབ་སྟེ་ཡོདཔ་ལས་ རི་དྭགས་སེམས་ཅན་གྱི་རིགས་ལེ་ཤ་ཅིག་ལུ་ འོས་འབབ་དང་ལྡན་པའི་སྡོད་ས་ཚུ་བྱིནམ་ཨིན། འབྲུག་རྒྱལ་ཁབ་འདི་ འཛམ་གླིང་ནང་ སེམས་ཅན་སྟོང་ཉེན་ཅན་འཁྱམ་སའི་ས་གོ་ཅིག་ཡང་ཨིན། འབྲུག་གི་རྩ་ཁྲིམས་ཆེན་མོ་དང་འཁྲིལ་བ་ཅིན་ དུས་ཨ་རྟག་ར་ རྒྱལ་ཁབ་ཀྱི་ས་ཆ་ཉུང་ཤོས་བརྒྱ་ཆ་ ༦༠ དེ་ཅིག་ ནགས་ཚལ་གྱིས་ཁྱབ་སྟེ་བཞག་དགོཔ་སྦེ་ཡོདཔ་ལས་ རྒྱལ་ཁབ་ཀྱིས་ མཐའ་འཁོར་ཉམས་སྲུང་འབད་ནི་ལུ་ ཁས་བླངས་སྒྲིང་སྒྲི་འབད་དེ་ཡོདཔ་ཨིན། རི་དྭགས་སེམས་ཅན་ལྟ་རྟོག་འབད་ནི་འདི་ ཚན་རིག་མཁས་པ་དང་ཉམས་སྲུང་མཁས་མཆོག་ ནགས་ཚལ་འགོ་དཔོན་ དེ་ལས་ ས་གནས་ཀྱི་མི་སྡེ་ཚུ་གིས་ སེམས་ཅན་གྱི་གྱངས་ཁ་ གསོ་བ་དང་གནས་སྟངས་ཚུ་ ཧ་གོ་ཚུགས་པའི་ ལཱ་ཁག་ཆེ་ཤོས་ཅིག་ཨིན། འདི་ནང་ལུ་ དུས་ཚོད་དང་འཁྲིལ་ཏེ་ རི་དྭགས་སེམས་ཅན་ཚུ་ ལྟ་རྟོག་དང་ ཐོ་བཀོད་འབད་ནི་ དེ་ལས་ བརྟག་དཔྱད་འབད་ནི་ཚུ་ཚུདཔ་ཨིན། དེ་བཟུམ་ལྟ་རྟོག་འབད་མི་འདི་གིས་ མཁས་མཆོག་ཚུ་གིས་ སེམས་ཅན་གྱི་གྱངས་ཁ་ ཡར་སེང་མར་ཕབ་ ཡངན་ སེང་ཕབ་མེད་པར་བརྟན་ཏོག་ཏོ་སྦེ་ཡོད་མེད་ཚུ་ ཤེས་ཚུགས་ནི་ཨིན་མས། === '''རི་དྭགས་ལྟ་རྟོག་ཟེར་མི་འདི་ག་ཅི་སྨོ?''' === རི་དྭགས་ལྟ་རྟོག་ཟེར་མི་འདི་ རི་དྭགས་སེམས་ཅན་དང་ ཁོང་གི་སྡོད་སའི་ས་གོ་ཚུ་གི་སྐོར་ལས་ དུས་ཡུན་རིངམོ་གི་རིང་ལུ་ བརྡ་དོན་བསྡུ་ལེན་འབད་ནི་གི་ལམ་ལུགས་ཀྱི་བྱ་རིམ་ཅིག་ལུ་སླབ་ཨིན། དེ་ཡང་ སེམས་ཅན་ཚུ་གྱངས་ཁ་རྐྱབ་ནི། ཁོང་གི་འགྲོ་འགྲུལ་ཚུ་བརྟག་ཞིབ་འབད་ནི། བྱ་སྤྱོད་ཚུ་བརྟག་ཞིབ་འབད་ནི། ཕྱུ་གུ་མཚར་ནི་གི་དཔེ་རིས་ཚུ་ཐོ་བཀོད་འབད་ནི་དང་ དེཁོང་གི་ མི་ཚེ་གནས་ཐབས་ལུ་ཉེན་ཁ་ཡོད་མི་ཚུ་ ངོས་འཛིན་འབད་ནི་ཚུ་ཨིན། རི་དྭགས་སེམས་ཅན་ཚུ་ ལྟ་རྟོག་འབད་དགོ་པའི་དམིགས་ཡུལ་ངོ་མ་ར་ རི་དྭགས་སེམས་ཅན་གྱི་གྱངས་ཁ་དང་ སྐྱེ་ལྡན་གནས་སྟངས་ཀྱི་འགྱུར་བ་ཚུ་ ཧ་གོ་ཐབས་ལུ་ཨིན། === '''རི་དྭགས་སེམས་ཅན་ལྟ་རྟོག་འབད་དགོ་པའི་གལ་གནད།''' === ང་བཅས་འབྲུག་རྒྱལ་ཁབ་ནང་ རི་དྭགས་སེམས་ཅན་ཚུ་ ལྟ་རྟོག་འབད་ནི་འདི་ གནམ་མེད་ས་མེད་ཁག་ཆེ་ཤོས་ཅིག་ཨིན། དེ་ཡང་ ག་ཅི་སྦེ་ཟེར་བ་ཅིན་ འབྲུག་རྒྱལ་ཁབ་ནང་ སྐྱེ་ལྡན་གནས་སྟངས་རིམ་ལུགས་མ་འདྲཝ་ཡོད་ནི་དེ་གིས་ཨིན་པས། སྐྱེ་ལྡན་གནས་སྟངས་རིམ་ལུགས་འདི་གིས་ གཞན་དང་མ་འདྲ་བའི་རིགས་སྣ་དང་ ཉམས་ཉེན་ཅན་གྱི་རིགས་སྣ་ལེ་ཤ་ཅིག་ལུ་རྒྱབ་སྐྱོར་འབདཝ་ཨིན། '''རི་དྭགས་ལྟ་རྟོག་འབད་དགོ་པའི་གལ་གནད་་ཚུ་ཡང་།''' ༡. རབས་ཆད་ནི་ཉེན་ཁ་ཡོད་མི་ གངས་གཟིག།སྟག།  ཨ་ཅོ་གདོང་དཀར་དང་ ཁྲུང་ཁྲུང་སྐེ་ནག་བཟུམ་གྱི་རིགས་སྣ་ཚུ་ ཉམས་སྲུང་འབད་ནི། ༢. རི་དྭགས་ཀྱི་གྲངས་རློབས་ནང་ འགྱུར་བ་བརྟག་དཔྱད་འབད་ནི། ༣. ཁྲིམས་འགལ་ཐོག་ལས་ཤ་བདའ་ནི་དང་ རི་དྭགས་སེམས་ཅན་གྱི་ཚོང་འབྲེལ་ཚུ་ བཀག་ཐབས་འབད་ནི། ༤. ནགས་ཚལ་དང་རང་བཞིན་གནས་སྟངས་ཉམས་སྲུང་འབད་ནི། ༥. ཚན་རིག་བརྟག་དཔྱད་དང་ཤེས་ཡོན་ལུ་རྒྱབ་སྐྱོར་འབད་ནི། ༦. མི་དང་རི་དྭགས་ཀྱི་བར་ན་ སྟབས་མ་བདེཝ་མར་ཕབ་འབད་ནི། ༧. གཞུང་གི་ལས་སྡེ་ཚུ་ལུ་ ཉམས་སྲུང་གི་སྲིད་བྱུས་བཟོ་ནི་ལུ་གྲོགས་རམ་འབད་ནི། ༨. སྐྱེ་ལྡན་གནས་སྟངས་ལྟ་བཤལ་དང་ ཡུན་བརྟན་གོང་འཕེལ་ཡར་དྲག་གཏང་ནི། '''ལྟ་རྟོག་འབད་དགོཔ་ཡོད་པའི་རི་དྭགས་སེམས་ཅན་གྱི་རིགས་སྣ།''' འབྲུག་རྒྱབ་ཀྱིས་ ཉམས་ཉེན་ཅན་གྱིརི་དྭགས་སེམས་ཅན་གྱི་རིགས་ལེ་ཤ་ཅིག་ ལྟ་རྟོག་འབད་དོ་ཡོདཔ་ཨིན། འབྲུག་རྒྱལ་ཁབ་ནང་ གལ་ཅན་སྦེ་ ལྟ་རྟོག་འབད་དགོཔ་ཡོད་མི་ཚུ་ཡང་། === '''སྟག།''' === འབྲུག་རྒྱལ་ཁབ་འདི་ སེམས་ཅན་སྟག་ཚུ་ ས་ཁ་དམའ་བའི་ནགས་ཚལ་ལས་འགོ་བཟུང་ གངས་རི་མཐོ་བའི་ལུང་ཕྱོགས་ཚུན་ཚོད་ སྡོད་མི་རྒྱལ་ཁབ་དག་པ་ཅིག་གི་གྲས་ལས་གཅིག་ཨིན། ཞིབ་འཚོལ་པ་དང་ལྟ་རྟོག་པ་ཆ་ཁྱབ་ཀྱིས་ པར་ཆས་ལག་ལེན་འཐབ་སྟེ་ སྟག་གི་གྱངས་ཁ་དང་ གཡོ་འགུལ་ཚུ་ ཚད་རྩིས་བཏོན་ཚུགས་དོ་ཡོདཔ་ཨིན་མས། === '''གངས་གཟིག།''' === གངས་གཟིག་ཚུ་ ཧི་མ་ལ་ཡའི་རི་མཐོ་སར་སྡོད་དོ་ཡོདཔ་ཨིན། གངས་གཟིག་ཚུ་ཐད་ཀར་དུ་ ལྟ་རྟོག་འབད་ནི་ལུ་ ལཱ་ཁག་ཡོདཔ་ལས་ ཞིབ་འཚོལ་པ་དང་ལྟ་རྟོག་པ་ཆ་ཁྱབ་ཀྱིས་ པར་ཆས་དང་རྐང་རྗེས་ཚུ་  ལག་ལེན་འཐབ་སྟེ་བརྟག་ཞིབ་འབད་དོ་ཡོདཔ་ཨིན་པས། === '''ཨ་ཅོ་གདོང་དཀར།''' === ཨ་ཅོ་གདོང་དཀར་འདི་ སྦ་དང་ཚ་དྲོད་ལྡན་པའི་ནགས་ཚལ་ནང་སྡོད་དོ་ཡོདཔ་ཨིན། རི་དྭགས་འགོ་དཔོན་ཚུ་གིས་ རི་དྭགས་ཚུ་གི་སྡོད་ས་དང་ཟ་སྤྱོད་ཀྱི་སྤྱོད་ལམ་ དེ་ལས་ གྱངས་ཁ་གི་ཚད་གཞི་ཚུ་ ལྟ་རྟོག་འབད་དེ་ གནས་ཚུགསཔ་བཟོཝ་ཨིན་པས། === '''འབྲོང་གྱིམ་ཙི།''' === འབྲོང་གྱིམ་ཙི་འདི་ འབྲུག་རྒྱལ་ཡོངས་ཀྱི་སེམས་ཅན་ཅིག་ཨིན། འབྲོང་གྱིམ་ཙི་ཚུ་ ལྟ་རྟོག་འབད་མི་འདི་གིས་ ཚན་རིག་མཁས་པ་ཚུ་ལུ་ དུས་ཚོད་དང་འཁྲིལ་ཏེ་ གནས་སྤོ་འགྱོ་མི་དང་ རིགས་རྒྱུད་སྤེལ་ཐངས་ དེ་ལས་ སྡོད་ས་ལག་ལེན་འཐབ་ཐངས་ཚུ་ཧ་གོ་ནི་ལུ་ ཕན་ཐོགས་འབྱུང་དོ་ཡོདཔ་ཨིན། === '''ཁྲུང་ཁྲུང་སྐེ་ནག།''' === ཁྲུང་ཁྲུང་སྐེ་ནག་ཚུ་ གནམ་དགུན་ཨ་རྟག་ར་ འབྲུག་ལུ་གནས་སྤོ་སྟེ་འོང་དོ་ཡོདཔ་དང་ དེ་ཡང་ གཙོ་བོ་ར་ ཕོབ་སྦྱིས་ཁ་དང་འབུམ་སྡེ་གླིང་ལུང་གཤོང་ནང་ འོང་དོ་ཡོདཔ་ཨིན། ཉམས་སྲུང་མཁས་པ་ཆ་ཁྱབ་ཀྱིས་ ལོ་བསྟར་བཞིན་དུ་ བྱ་ཚུ་རྩིས་རྐྱབ་སྟེ་ བྱ་ཚང་བཅའ་ཐངས་དང་ གནས་སྤོ་འགྱོ་ཐངས་ཚུ་ ལྟ་རྟོག་འབདཝ་ཨིན་པས། === '''སྤྱ་དཀར།''' === སྤྱ་དཀར་འདི་ གཙོ་བོ་ར་འབྲུག་རྒྱལ་ཁབ་ཀྱི་དབུས་ཕྱོགས་ལུ་ མཐོངམ་ཨིན། ཞིབ་འཚོལ་པ་དང་ལྟ་རྟོག་པ་ཆ་ཁྱབ་ཀྱིས་ སྡེ་ཚན་སྦོམ་ཆུང་དང་ ཟ་སྤྱོད་ཀྱི་གོམས་གཤིས་ དེ་ལས་ སྡོད་གནས་ཀྱི་སྤུས་ཚད་ཚུ་ ལྟ་རྟོག་འབདཝ་ཨིན་པས། === '''རི་དྭགས་ལྟ་རྟོག་གི་ཐབས་ལམ།''' === འབྲུག་ལུ་ རི་དྭགས་སེམས་ཅན་ཚུ་ ལྟ་རྟོག་འབད་ནིའི་དོན་ལུ་ ཐབས་ལམ་ལེ་ཤ་ཅིག་ ལག་ལེན་འཐབ་དོ་ཡོདཔ་ཨིན། དེ་ཚུ་ཡང་། === '''པར་ཆས་ཀྱི་ཧིང་།''' === པར་ཆས་ཀྱི་ཧིང་ཟེར་མི་འདི་ ནགས་ཚལ་ནང་བཙུགས་མི་ རང་བཞིན་པར་ཆས་ཚུ་ཨིན། པར་ཆས་འདི་གིས་ རི་དྭགས་སེམས་ཅན་ཚུ་འགྲོ་འགྲུལ་འབདཝ་ད་ སེམས་ཅན་ཚུ་ལུ་ བར་ཆད་མ་རྐྱབ་པར་ པར་བཏབ་ནི་དང་བརྙན་འཁོར་ཚུ་བཟོ་དོ་ཡོདཔ་ཨིན། པར་ཆས་ལག་ལེན་འཐབ་མི་འདི་གིས་ དཀོན་དྲགས་ཅན་གྱི་སེམས་ཅན་ཚུ་ ངོས་འཛིན་འབད་ཚུགསཔ་མ་ཚད་ རི་དྭགས་སེམས་ཅན་ཚུ་ལུ་ དཀའ་ངལ་མར་ཕབ་འབད་དེ་ སེམས་ཅན་གྱི་་ཐོ་ཡང་ ངེས་བདེན་བྱིན་ནི་དང་ ཉིན་མཚན་མེད་པར་ལཱ་འབད་བཏུབ་པའི་ཁེ་ཕན་ཡོདཔ་ཨིན། === '''ཐད་ཀར་གྱི་བརྟག་དཔྱད།''' === ཞིབ་འཚོལ་པ་དང་ལྟ་རྟོག་པ་ཆ་ཁྱབ་ཀྱིས་ རྒྱང་ཤེལ་ལག་ལེན་འཐབ་སྟེ་ སེམས་ཅན་ཚུ་ལྟ་དོ་ཡོདཔ་ཨིན། འདི་གིས་ སེམས་ཅན་གྱི་གྱངས་ཁ་དང་སྤྱོད་ལམ་ བཟའ་འཐུང་ རིགས་རྒྱུད་ དེ་ལས་ སྡོད་གནས་ཀྱི་གནས་སྟངས་ཚུ་ ལྟ་རྟོག་འབདཝ་ཨིན། རྒྱང་ཤེལ་ལག་ལེན་ཐབས་ལམ་འདི་ བྱ་དང་ཀ་ཤ་ སྤྱ་ དེ་ལས་ གཞན་མཐོང་ཚུགས་པའི་སེམས་ཅན་ཚུ་ལུ་ ཕན་ཐོགས་དོ་ཡོདཔ་ཨིན། === '''རྐང་རྗེས་དང་རྗེས་ཤུལ་བརྟག་དཔྱད།''' === རི་དྭགས་འགོ་དཔོན་ཚུ་གིས སེམས་ཅན་ཚུ་གི་རྐང་རྗེས་དང་ སྡེའུ་བཞར་གྱི་རྟགས་ ཚང་དང་ཚང་དོང་ དེ་ལས་ གཞན་མི་རྟགས་མཚན་ཚུ་ལུ་བརྟེན་ རིགས་སྣ་ངོས་འཛིན་འབདཝ་ཨིན། འདི་བཟུམ་གྱི་ རི་དྭགས་སྲོག་ཆགས་ལྟ་རྟོག་ཐབས་ལམ་འདི་ ཐད་ཀར་དུ་ལྟ་རྟོག་འབད་ནི་ལུ་ལཱ་ཁག་ཡོད་པའི་ མཐའ་ཟུར་གྱི་ནགས་ཚལ་ཚུ་ནང་ ཕན་ཐོགས་ཡོདཔ་ཨིན། === '''མི་སྡེའི་ལྟ་རྟོག།''' === ས་གནས་ཀྱི་མི་སྡེ་དང་ གླིང་ག་ནང་སྡོད་མི་ཚུ་གིས་ རི་དྭགས་སེམས་ཅན་མཐོང་མི་དང་ ཁྲིམས་འགལ་གྱི་ལཱ་འབད་མི། དེ་ལས་ སྡོད་གནས་བསྒྱུར་བཅོས་འབད་མི་སེམས་ཚུ་ ལྟ་རྟོག་པ་ལུ་ སྙན་ཞུ་འབད་ནི་ཚུ་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིན་པས། === '''འབྲུག་རྒྱལ་ཁབ་ནང་ རི་དྭགས་སེམས་ཅན་སྲུང་སྐྱོབ་ཀྱི་ས་ཁོངས།''' === ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ རི་དྭགས་སེམས་ཅན་ཚུ་ དུས་རྒྱུན་དུ་ ལྟ་རྟོག་འབད་སའི་སྲུང་སྐྱོབ་ས་ཁོངས་ ལེ་ཤ་གཞི་བཙུགས་འབད་དེ་ཡོདཔ་ཨིན། དེ་ཚུ་ཡང་ འཇིགས་མེད་རྡོ་རྗེ་རྒྱལ་ཡོངས་གླིང་ག། རྒྱལ་འཛིན་མ་ནཱས་རྒྱལ་ཡོངས་གླིང་ག། འཇིགས་མེད་སེང་གེ་དབང་ཕྱུག་རྒྱལ་ཡོངས་གླིང་ག། དབང་ཕྱུག་བརྒྱ་འཁོར་རྒྱལ་ཡོངས་གླིང་ག། ཕིབ་སུ་རི་དྭགས་སྲུང་སྐྱོབ་ས་ཁོངས། སག་སྟེང་རི་དྭགས་སྲུང་སྐྱོབ་ས་ཁོངས། ཕྲུམ་སེང་ལ་རྒྱལ་ཡོངས་གླིང་ག། འཇིགས་མེད་གེ་སར་རང་བཞིན་སྲུང་སྐྱོབ་ས་ཁོངས་ཚུ་ནང་ སྐྱེ་ལྡན་རིག་སྣའི་བར་ལམ་ཚུ་མཐུད་དེ་ཡོདཔ་ལས་ སེམས་ཅན་ཚུ་སྡོད་གནས་ཀྱི་བར་ན་ ཉེན་སྲུང་དང་ལྡནམ་སྦེ་ འགྱོ་ཚུགསཔ་ཨིན། '''རི་དྭགས་སྲོག་ཆགས་ལྟ་རྟོག་དང་འབྲེལ་བའི་ལས་སྡེ།''' འབྲུག་ལུ་ རི་དྭགས་སེམས་ཅན་ཚུ་ལྟ་རྟོག་འབད་ནི་ལུ་ ལས་སྡེ་ལེ་ཤ་ཅིག་གིས་ གྲོགས་རམ་འབད་དོ་ཡོདཔ་ཨིན། དེ་ཚུ་ཡང་། '''ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས།''' ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ཀྱིས་ ནགས་ཚལ་དང་ཉམས་སྲུང་འབད་སའི་ས་ཁོངས་ དེ་ལས་ རི་དྭགས་སེམས་ཅན་ཚུ་ ཉམས་སྲུང་འབད་ནི་གི་འགན་ཁུར་སྒྲིང་སྒྲི་སྦེ་འབག་དོ་ཡོདཔ་ཨིན། '''རང་བཞིན་སྲུང་སྐྱོབ་སྡེ་ཚན།''' རང་བཞིན་སྲུང་སྐྱོབ་སྡེ་ཚན་གྱིས་ ཉམས་སྲུང་གི་ཐབས་ཤེས་ཚུ་བཟོ་སྟེ་ རི་དྭགས་སེམས་ཅན་གྱི་ཞིབ་འཚོལ་དང་ལྟ་རྟོག་འབད་ནི་ལུ་ རྒྱབ་སྐྱོར་འབདཝ་ཨིན། '''ཨྱོན་དབང་ཕྱུག་ཉམས་སྲུང་དང་མཐའ་འཁོར་ཞིབ་འཚོལ་སྤེལ་ཁང་།''' ཨྱོན་དབང་ཕྱུག་ཉམས་སྲུང་དང་མཐའ་འཁོར་ཞིབ་འཚོལ་སྤེལ་ཁང་གིས་ ཚན་རིག་ཞིབ་འཇུག་དང་ རི་དྭགས་སྲོག་ཆགས་ཞིབ་འཇུག་ མཐའ་འཁོར་ཤེས་ཡོན། དེ་ལས་སྦྱོང་བརྡར་ཚུ་ འགོ་འདྲེན་འཐབ་ཨིན། === '''འཛམ་གླིང་རི་དྭགས་སྲོག་ཆགས་མ་དངུལ།''' === འཛམ་གླིང་རི་དྭགས་སྲོག་ཆགས་མ་དངུལ་གྱིས་ རི་དྭགས་སྲོག་ཆགས་ཉམས་སྲུང་ལས་འགུལ་དང་ པར་ཆས་ཀྱི་བརྟག་ཞིབ་ དེ་ལས་ སྡོད་གནས་སྲུང་སྐྱོབ་ཚུ་ལུ་ མ་དངུལ་གྱི་རྒྱབ་སྐྱོར་འབདཝ་ཨིན། === '''ས་གནས་དང་མི་སྡེ།''' === གཡུས་ཁའི་མི་སྡེ་ཚུ་གིས་ རི་དྭགས་སེམས་ཅན་ཚུ་ ལྟ་རྟོག་འབད་ནི་དང་ཁྲིམས་འགལ་གྱི་ལཱ་ཚུ་ སྙན་ཞུ་འབད་ནི་ལུ་ བཅའ་མར་གཏོགས་པའི་སྐབས་ རང་བཞིན་ཐོན་སྐྱེད་ཚུ་ ཡུན་བརྟན་ལག་ལེན་འཐབ་ནི་ལུ་ཡང་ ཕན་ཐོགསཔ་ཨིན། === '''རི་དྭགས་སེམས་ཅན་ལྟ་རྟོག་འབད་ནི་ལུ་གདོང་ལེན།''' === མ་གཞི་ ང་བཅས་རའི་འབྲུག་རྒྱལ་ཁབ་འདི་ ཡར་རྒྱས་འགྱོ་སྟེ་ཡོད་རུང་ རི་དྭགས་སེམས་ཅན་ལྟ་རྟོག་འབད་ནི་འདི་ གདོང་ལེན་ཅན་ཅིག་ཡོདཔ་ཨིན། དེ་ཡང་ འབྲུག་རྒྱལ་ཁབ་འདི་ རི་གཟར་དྲགས་དང་ནགས་ཚལ་སྟུག་དྲགས་ དེ་ལས་ གནམ་གཤིས་རྩུབ་དྲགས་ཡོད་མི་ལུ་བརྟེན་ རི་དྭགས་སེམས་ཅན་ཚུ་ བརྟག་ཞིབ་འབད་ནི་ལུ་ ལཱ་ཁག་གཏང་དོ་ཡོདཔ་ཨིན། དེ་ལས་ མ་དངུལ་ཚད་ཅིག་ལས་མེད་མི་དེ་གིས་ གོང་ཚད་མཐོ་དྲགས་ཡོད་པའི་པར་ཆས་ཚུ་ཉོ་ནི་ལུ་ དཀའ་ངལ་བྱུང་སྟེ་ཡོདཔ་ཨིན། དེ་མ་ཚད་ དྲོད་ཚད་ཡར་སེང་འགྱོ་མི་དང་ ཆརཔ་གི་གནས་སྟངས་འགྱུར་བ་འགྱོ་མི་ལུ་བརྟེན་ རི་དྭགས་སེམས་ཅན་གྱི་སྡོད་གནས་དང་ གནས་སྤོ་འགྱོ་ནི་ལུ་ ཐོ་ཕོགས་དོ་ཡོདཔ་ཨིན། རི་དྭགས་སེམས་ཅན་ཚུ་གིས་འཕྲལ་འཕྲལ་སྐབས་ ལོ་ཐོག་ལུ་གནོདཔ་བཀལ་མི་དང་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་མི་ལུ་བརྟེན་ ས་གནས་ཀྱི་མི་སྡེ་ཚུ་དང་ སྟབས་མ་བདེཝ་འཐོན་དོ་ཡོདཔ་དང་ ཁྲིམས་འགལ་ཐོག་ལས་ ཤ་བདའ་མི་འདི་གིས་ རི་དྭགས་སེམས་ཅན་ཚུ་ལུ་ ཉེན་ཁ་འབྱུང་དོ་ཡོདཔ་ཨིན། ད་རུང་ རི་དྭགས་སེམས་ཅན་ལྟ་རྟོག་འབད་ནི་གི་དོན་ལུ་ སྦྱོང་བརྡར་ཡོད་མི་ཚན་རིག་པ་དང་ནགས་ཚལ་འགོ་དཔོན་ སྒོ་ནོར་སྨན་པ་དང་ཞིབ་འཚོལ་པ་ཚུ་ ཚད་ཅིག་ལས་མེད་མི་འདི་གིས་ཡང་ དཀའ་ངལ་འབྱུང་དོ་ཡོདཔ་ཨིན་པས། === '''མི་སྡེའི་གྲལ་གཏོགས།''' === ས་གནས་ཀྱི་མི་སྡེ་ཚུ་ རི་དྭགས་སྲུང་སྐྱོབ་ཀྱི་མཉམ་འབྲེལ་པ་ གལ་ཅན་ཅིག་སྦེ་རྩིཝ་ཨིན། དེ་ཡང་ མི་སྡེ་འཐུས་མི་ཚུ་གིས་ རི་དྭགས་སྲུང་སྐྱོབ་འབད་ནི་ལུ་ གྲོགས་རམ་འབདཝ་ཨིན་པས། དེ་ལས་ རི་དྭགས་སེམས་ཅན་ཚུ་མཐོངམ་ད་ ལྟ་རྟོག་པ་ཆ་ཁྱབ་ལུ་སྙན་ཞུ་འབད་ནི་དང་ ནགས་ཚལ་སྲུང་སྐྱོབ་འབད་ནི། ནགས་ཚལ་མེ་རྐྱེན་ལས་བཀག་འཛིན་འབད་ནི་དང་ཁྲིམས་འགལ་ཐོག་ལས་ ཤ་བདའ་མི་ཚུ་ མར་ཕབ་འབད་ནི། དེ་ལས་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་ཚུ་ལུ་ རྒྱབ་སྐྱོར་འབདཝ་ཨིན། མི་སྡེ་ཚུ་གིས་ བཅའ་མར་གཏོགས་མི་འདི་གིས་ རི་དྭགས་སེམས་ཅན་ཚུ་སྒྲིང་སྒྲི་སྦེ་ ཉམས་སྲུང་འབད་ཚུགས་པས་ཟེར་ཨིནམ་དང་ དེ་ཡང་ ག་ཅི་སྦེ་ཟེར་བ་ཅིན་ ནགས་ཚལ་གྱི་ཉེ་འདབས་ལུ་སྡོད་མི་ཚུ་གིས་ ས་གནས་ཀྱི་རི་དྭགས་དང་ སྡོད་གནས་ཚུ་ ཧ་གོ་མི་ལུ་བརྟེན་ཨིན་མས། === '''མཇུག༌བསྡུ།''' === འབྲུག་གི་ཁྱད་དུ་འཕགས་པའི་སྐྱེ་ལྡན་རིགས་སྣ་ཚུ་ ཉམས་སྲུང་འབད་ནི་གི་དོན་ལུ་ རི་དྭགས་སེམས་ཅན་ཚུ་ ལྟ་རྟོག་འབད་ནི་འདི་ ཁག་ཆེ་ཤོས་ཅིག་ཨིན་མས། དུས་རྒྱུན་གྱི་ལྟ་རྟོག་དང་ཚན་རིག་གི་ཞིབ་འཚོལ་ དེ་ལས་ དེང་སང་གི་འཕྲུལ་རིག་ཚུ་གི་ཐོག་ལས་ ཉམས་སྲུང་མཁས་པ་ཚུ་གིས་ རི་དྭགས་སེམས་ཅན་གྱི་ཚད་གཞི་ཚུ་ ལེགས་ཤོམ་སྦེ་ཧ་གོ་སྟེ་ རབས་ཆད་ནི་གི་ཉེན་ཁ་ཡོད་པའི་རིགས་སྣ་ཚུ་ ཉམས་སྲུང་འབད་དགོཔ་ཨིན། འབྲུག་གིས་མཐའ་འཁོར་གནས་སྟངས་ཀྱི་སྲིད་བྱུས་སྒྲིང་སྒྲི་དང་ ནགས་ཚལ་གྱི་ཁྱབ་ཚད་ ཉམས་སྲུང་འབད་ཡོད་པའི་ས་ཁོངས་ དེ་ལས་ས་གནས་ཀྱི་མི་སྡེ་ཚུ་གིས་ གྲལ་གཏོགས་འབད་མི་ལུ་བརྟེན་ རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་ཉམས་སྲུང་འབད་ནི་ལུ་ རྒྱལ་སྤྱིའི་དཔེ་སྟོན་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན། འབྲུག་རྒྱལ་ཁབ་འདི་ནང་ རི་གཟར་དྲགས་དང་གནམ་གཤིས་རྩུབ་དྲགས་ དེ་ལས་ ཐོན་ཁུངས་ཚད་ཅིག་ལས་བརྒལ་མེད་པའི་གདོང་ལེན་ཚུ་ཡོད་རུང་ པར་ཆས་དང་ རྒྱལ་སྤྱིའི་ཕྱོགས་སྟོན་ལམ་ལུགས་ ༼ཇི་པི་ཨེསི་༽ དེ་ལས་ མི་སྡེ་ཚུ་གིས་ བཅའ་མར་གཏོགས་ཐོག་ལས་ རི་དྭགས་སེམས་ཅན་ཚུ་ ལྟ་རྟོག་འབད་ནི་འདི་ ཡར་དྲག་གཏང་དོ་ཡོདཔ་ཨིན། རི་དྭགས་སེམས་ཅན་ཉམས་སྲུང་འབད་ནི་དེ་ སྐྱེ་ལྡན་གནས་སྟངས་མ་ཉམས་པར་བཞག་ནིའི་དོན་ལུ་རྐྱངམ་གཅིག་མེན་པར་ འབྲུག་གི་ལམ་སྲོལ་ སྲོལ་ཁྱུན་ཉམས་སྲུང་འབད་ནི་དང་ ཡུན་བརྟན་གོང་འཕེལ་ལུ་རྒྱབ་སྐྱོར་འབད་ནི་ དེ་ལས་ རྒྱལ་ཁབ་ཀྱི་མཐའ་འཁོར་གནས་སྟངས་བདག་འཛིན་འཐབ་ནིའི་ཁས་བླངས་འགྲུབ་ཐབས་ལུ་ཡང་ ཁག་ཆེ་ཤོས་ཅིག་ཨིན་པས། [[Category:རི་དྭགས་སེམས་ཅན།]] 1pc1t63fswlx2gagrra0nl6zenlt6wb ལྟ་བཤལ་གྱི་སྐོར། 0 9189 40096 2026-08-18T11:03:58Z Kheng Singye Dorji (KSD) 9274 Created page with "'''ལྟ་བཤལ་གྱི་ངོ་སྤྲོད།''' ལྟ་བཤལ་ཟེར་མི་འདི་ དལ་ཁོམ་དང་ཚོང་འབྲེལ་ ཤེས་ཡོན་དང་མཐོང་སྣང་ ཡང་ན་ ལམ་སྲོལ་གྱི་ཉམས་མྱོང་ཚུ་གི་དོན་ལུ་ རང་སོའི་མཐའ་འཁོར་གྱི་ཕྱི་ཁར་ ས་གནས་ཚུ..." 40096 wikitext text/x-wiki '''ལྟ་བཤལ་གྱི་ངོ་སྤྲོད།''' ལྟ་བཤལ་ཟེར་མི་འདི་ དལ་ཁོམ་དང་ཚོང་འབྲེལ་ ཤེས་ཡོན་དང་མཐོང་སྣང་ ཡང་ན་ ལམ་སྲོལ་གྱི་ཉམས་མྱོང་ཚུ་གི་དོན་ལུ་ རང་སོའི་མཐའ་འཁོར་གྱི་ཕྱི་ཁར་ ས་གནས་ཚུ་ནང་ འགྲུལ་སྐྱོད་འབད་མི་ལུ་སླབ་ཨིན། འཛམ་གླིང་ནང་གི་བཟོ་གྲྭ་སྦོམ་ཤོས་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་མང་རབས་ཅིག་གི་དཔལ་འབྱོར་དང་ མི་སྡེ་གོང་འཕེལ་གྱི་ནང་ལུ་ ཁག་ཆེ་བའི་འགན་ཁུར་འབག་དོ་ཡོདཔ་ཨིན། ལོ་བསྟར་བཞིན་དུ་ མི་ས་ཡ་ལས་བཅད་དེ་ རྒྱལ་ཁབ་ནང་དང་ རྒྱལ་སྤྱིའི་ནང་ འགྲུལ་སྐྱོད་འབད་དེ་ ས་གནས་གསརཔ་ཚུ་ འཚོལ་ཞིབ་འབད་དེ་ མི་སོ་སོ་ཚུ་དང་ཕྱད་ནི། དེ་ལས་ གཞན་གྱི་ལམ་སྲོལ་མ་འདྲཝ་ཚུ་ མྱོང་ཚུགསཔ་ཨིན་པས། ལྟ་བཤལ་འདི་ ལོ་བསྟར་བཞིན་དུ་ གོང་འཕེལ་སྦོམ་སྦེ་ར་འགྱོ་སྟེ་ཡོདཔ་ཨིན། ཧེ་མ་འབད་བ་ཅིན་ འགྲོ་འགྲུལ་འབད་མི་ མི་ཉུང་སུ་ཅིག་ལས་བརྒལ་མེད་མི་དེ་ཡང་ སྐྱེལ་འདྲེན་གྱི་ ཟད་འགྲོ་སྦོམ་དང་ དུས་ཚོད་འགོར་ནི་དེ་གིས་ཨིན་པས། ད་རེས་ནངས་པར་ སྐྱེལ་འདྲེན་དང་འཕྲུལ་རིག་ དེ་ལས་ བརྒྱུད་འབྲེལ་ཚུ་ ཡར་དྲག་འགྱོ་མི་ལུ་བརྟེན་ འགྲུལ་སྐྱོད་འབད་ནི་འདི་ འཇམ་ཏོང་ཏོ་དང་ གོང་ཚད་ཡང་ མཐོ་དྲགས་སྦེ་ འགྱོ་དོ་ཡོདཔ་ཨིན་པས། མི་ཚུ་གིས་ སྐར་མ་དག་པ་ཅིག་གི་ནང་འཁོད་ལུ་ གནམ་གྲུ་དང་ ཟ་ཁང་ དེ་ལས་ ལྟ་བཤལ་ཚུ་ ཡོངས་འབྲེལ་ཐོག་ལས་ བཀོད་སྒྲིག་འབད་ཚུགས་དོ་ཡོདཔ་ཨིན་མས། ལྟ་བཤལ་འདི་གིས་ མི་ཚུ་ལུ་ ལམ་སྲོལ་དང་སྐད་ཡིག་ དེ་ལས་ མི་ཚེའི་གནས་སྟངས་ཚུ་ ལྷབ་བཅུག་སྟེ་ ལམ་སྲོལ་བརྗེ་སོར་འབད་ནི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན། དེ་མ་ཚད་ མི་རིགས་མ་འདྲཝ་ཚུ་གི་བར་ན་ ཕན་ཚུན་ཧ་གོ་ནི་དང་ གུས་ཞབས་འབད་ནི་ལུ་ སེམས་ཤུགས་བྱིནམ་ཨིན་པས། གཞུང་དང་ཚོང་འབྲེལ་ལས་སྡེ་ཚུ་གིས་ ལྟ་བཤལ་ནང་ མ་རྩ་སྦོམ་སྦེ་ར་བཙུགས་དོ་ཡོདཔ་དང་ དེ་ཡང་ ལྟ་བཤལ་འདི་གིས་ ལཱ་གཡོག་བཟོ་ནི་དང་ འོང་འབབ་བཟོ་ནི། དེ་ལས་ གཞི་རྟེན་མཐུན་རྐྱེན་ཚུ་ གོང་འཕེལ་གཏང་ནི་ལུ་ རྒྱབ་སྐྱོར་འབདཝ་ལས་བརྟེན་ཨིན་པས། མི་ཚུ་གིས་ འགྲུལ་སྐྱོད་འབད་དགོ་པའི་ རྒྱུ་མཚན་ལེ་ཤ་ཅིག་ར་ཡོདཔ་ཨིན། ལ་ལུ་ཅིག་གིས་ ངལ་གསོ་ལུ་འགྱོ་དོ་ཡོདཔ་དང་ ལ་ལུ་ཅིག་གིས་ མཐོང་སྣང་དང་ཤེས་ཡོན་ ཡང་ན་ ཚོང་འབྲེལ་གྱི་གོ་སྐབས་ཚུ་ འཚོལ་དོ་ཡོདཔ་ཨིན་པས། དམིགས་ཡུལ་ག་ཅི་བཟུམ་ཅིག་འབད་རུང་ ལྟ་བཤལ་གྱིས་ ཉམས་མྱོང་གསརཔ་དང་ བརྗེད་ཐབས་མེད་པའི་དྲན་ཤེས་ཚུ་བྱིན་ཐོག་ལས་ མི་ཚུ་གི་མི་ཚེ་ཕྱུགཔོ་བཟོཝ་ཨིན་པས། '''ལྟ་བཤལ་གྱི་དབྱེ་བ།''' ལྟ་བཤལ་འདི་ འགྲུལ་སྐྱོད་ཀྱི་དམིགས་ཡུལ་ལུ་གཞི་བཞག་སྟེ་ དབྱེ་ཁག་ལེ་ཤ་ཅིག་ནང་ དབྱེ་བ་ཕྱེ་ཚུགསཔ་ཨིན། '''དལ་ཁོམ་གྱི་ལྟ་བཤལ།''' མི་ཚུ་གིས་ ངལ་གསོའི་སྐབས་ལུ་ ངལ་སང་ནི་དང་ མཐོང་སྣང་ཚུ་བལྟ་ནི་ དེ་ལས་ བཟའ་ཚང་དང་ཆ་རོགས་ཚུ་དང་གཅིག་ཁར་ དུས་ཚོད་བྱིན་ནིའི་དོན་ལུ་ འགྲུལ་སྐྱོད་འབདཝ་ཨིན། མཚོ་འགྲམ་དང་གླིང་ག་ སྐྱིད་གནས་ དེ་ལས་ སྤྲོ་བའི་གླིང་ག་ཚུ་ དལ་ཁོམ་གྱི་ས་ཁོངས་ཡོངས་གྲགས་ཅན་ཅིག་ཨིན། '''ལམ་སྲོལ་ལྟ་བཤལ།''' འགྲུལ་པ་ཚུ་གིས་ རྒྱལ་རབས་ཀྱི་ས་ཁོངས་དང་ འགྲེམས་སྟོན་ཁང་ དུས་སྟོན་ དེ་ལས་ སྲོལ་ཁྱུན་ས་ཁོངས་ཚུ་ནང་འགྱོ་སྟེ་ མི་སྡེ་སོ་སོའི་ ལམ་སྲོལ་དང་རྒྱལ་རབས་ཚུ་གི་སྐོར་ལས་ ཤེས་ཚུགསཔ་ཨིན་པས། '''མཐོང་སྣང་ལྟ་བཤལ།''' འདི་བཟུམ་གྱི་སྤྲོ་བ་ཆེ་བའི་ལས་རིམ་ དཔེར་ན་ རྐང་འགྲོས་དང་ རི་འཛེགས་ གངས་རི་བརྒལ་ནི་ ཆུ་གཡུར་དང་ རི་དྭགས་སྲོག་ཆགས་ཚུ་ འཚོལ་ཞིབ་འབད་ནི་ཚུ་ཨིན། ཕྱི་ཁའི་ལས་རིམ་དང་ གཟུགས་ཀྱི་གདོང་ལེན་ཚུ་ལུ་ སྤྲོ་བ་སྐྱེད་མི་ཚུ་གི་ནང་འཁོད་ལུ་ མཐོང་སྣང་ལྟ་བཤལ་འདི་ ཡོངས་གྲགས་ཅན་ཅིག་ཨིན་མས། '''སྐྱེ་ལྡན་ལྟ་བཤལ།''' སྐྱེ་ལྡན་ལྟ་བཤལ་འདི་ རི་དྭགས་དང་སྲོག་ཆགས་ཚུ་ ཉམས་སྲུང་འབད་ནི་དང་ རང་བཞིན་ཐོན་སྐྱེད་ཚུ་ ཉམས་སྲུང་འབད་ནིའི་དོན་ལུ་ རང་བཞིན་གནས་སྟངས་ནང་ ལྟ་སྐོར་འབད་ནི་ལུ་ གཙོ་བོར་སྟོནམ་ཨིན། ས་གནས་ཀྱི་མི་སྡེ་ཚུ་ལུ་ཕན་ཐོགས་པའི་ཁར་ མཐའ་འཁོར་གནས་སྟངས་ལུ་ གནོད་སྐྱོན་མར་ཕབ་འབད་ཚུགས་པའི་ འགན་ཁུར་ཅན་གྱི་འགྲུལ་སྐྱོད་འབད་ནི་ལུ་ སེམས་ཤུགས་བྱིནམ་ཨིན། '''གསོ་བའི་ལྟ་བཤལ།''' མི་མང་ཤོས་ཅིག་གིས་ སྨན་བཅོས་འབད་བར་ རྒྱལ་ཁབ་གཞན་ཚུ་ནང་འགྱོ་དོ་ཡོདཔ་དང་ དེ་ཡང་ ཟད་འགྲོ་ཉུང་མི་དང་ བསྒུགས་པའི་དུས་ཚོད་ཐུང་ཀུ་ ཡང་ན་ དམིགས་བསལ་གྱི་གསོ་བའི་ཞབས་ཏོག་ལེགས་ཤོམ་ ཐོབ་མི་ལུ་བརྟེན་ཏེ་ཨིན་པས། '''ཚོང་འབྲེལ་ལྟ་བཤལ།''' ཁྱད་རིག་ཅན་ཚུ་གིས་ ཞལ་འཛོམས་དང་གྲོས་འཛོམས་ འགྲེམས་སྟོན་དང་ སྦྱོང་བརྡར་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འགྲུལ་སྐྱོད་འབདཝ་ཨིན། ཚོང་འབྲེལ་ལྟ་བཤལ་གྱིས་ མགྲོན་སྐྱོང་ལས་སྡེ་ལུ་ ཕན་ཐོགས་སྦོམ་སྦེ་ར་འབྱུང་དོ་ཡོདཔ་ཨིན། ལྟ་བཤལ་གྱི་རིགས་རེ་རེ་གིས་ ཉམས་མྱོང་མ་འདྲཝ་བྱིན་དོ་ཡོདཔ་མ་ཚད་ དཔལ་འབྱོར་གྱི་ལས་ཁུངས་སོ་སོ་ཚུ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས། '''ལྟ་བཤལ་གྱི་ཁེ་ཕན།''' ལྟ་བཤལ་གྱིས་ དཔལ་འབྱོར་ མི་སྡེ་ ལམ་སྲོལ་དང་མཐའ་འཁོར་གནས་སྟངས་ཀྱི་ ཁེ་ཕན་ལེ་ཤ་བྱིནམ་ཨིན། དཔལ་འབྱོར་གྱི་ཐད་ཁར་ ལྟ་བཤལ་གྱིས་ ཟ་ཁང་དང་ ཟ་ཁང་སྐྱེལ་འདྲེན་ འགྲུལ་སྐྱོད་ལས་སྡེ་ སྤྲོ་བའི་ལས་རིམ་ དེ་ལས་ ས་གནས་ཀྱི་ཚོང་འབྲེལ་ཚུ་ནང་ ལཱ་གཡོག་ས་ཡ་ལས་བཅད་དེ་ བཟོཝ་མ་ཚད་ ཁྲལ་དང་ཕྱི་དངུལ་གྱི་འོང་འབབ་བརྒྱུད་དེ་ གཞུང་ལུ་འོང་འབབ་བཟོཝ་ཨིན། ལྟ་བཤལ་གྱིས་ ལམ་དང་གནམ་གྲུ་ཐང་ མི་དམངས་སྐྱེལ་འདྲེན་ དེ་ལས་ བརྒྱུད་འབྲེལ་གྱི་ལམ་ལུགས་ཚུ་ནང་ མ་རྩ་བཙུགས་ནི་ལུ་ཡང་ སེམས་ཤུགས་བྱིནམ་ཨིན་པས། མི་སྡེའི་ཐད་ལུ་ ལྟ་བཤལ་གྱིས་ རྒྱལ་ཁབ་དང་ལམ་སྲོལ་མ་འདྲཝ་ཚུ་ནང་ལས་ མི་ཚུ་གི་བར་ན་ མཐུན་ལམ་དང་ གོ་བ་བརྡ་སྤྲོད་ཚུ་ཡར་དྲག་གཏངམ་ཨིན་པས། ལྟ་བཤལཔ་ཚུ་གིས་ ས་གནས་ཀྱི་ལམ་སྲོལ་ཚུ་གི་སྐོར་ལས་ ཤེས་པའི་སྐབས་ ས་གནས་ཀྱི་མི་སྡེ་ཚུ་གིས་ ཁོང་རའི་ལམ་སྲོལ་དང་ སྲོལ་ཁྱུན་ཚུ་ གཞན་ཚུ་ལུ་ བརྗེ་སོར་འབད་ནི་གི་གོ་སྐབས་ཐོབ་དོ་ཡོདཔ་ཨིན་པས། ལམ་སྲོལ་གྱི་ཐད་ལུ་ ལྟ་བཤལ་འདི་གིས་ རྒྱལ་རབས་ཀྱི་དྲན་རྟེན་དང་ རང་ལུགས་ཀྱི་སྒྱུ་རྩལ་ ལག་བཟོ་ སྙན་ཆ་ ཞབས་ཁྲ་ དེ་ལས་ དུས་སྟོན་ཚུ་ ཉམས་སྲུང་འབད་ནི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན། ལྟ་བཤལ་ལས་ཐོབ་མི་འོང་འབབ་འདི་གིས་ འཕྲལ་འཕྲལ་སྐབས་ ཁག་ཆེ་བའི་ལམ་སྲོལ་གྱི་ས་ཁོངས་ཚུ་ ཉམས་གསོ་དང་ རྒྱུན་སྐྱོང་འཐབ་ནི་ལུ་ རྒྱབ་སྐྱོར་འབདཝ་ཨིན། མཐའ་འཁོར་གནས་སྟངས་ཀྱི་ཐད་ལུ་ འགན་འཁྲི་ཅན་གྱི་ལྟ་བཤལ་གྱིས་ རྒྱལ་ཡོངས་གླིང་ག་དང་ རི་དྭགས་སེམས་ཅན་ ནགས་ཚལ་ དེ་ལས་ མཚོ་ཡི་སྐྱེ་ལྡན་རིམ་ལུགས་ཚུ་ ཉམས་སྲུང་འབད་ནི་ལུ་ སེམས་ཤུགས་བྱིནམ་ཨིན་པས། ཡུན་བརྟན་ལྟ་བཤལ་གྱིས་ ལྟ་བཤལཔ་དང་ ས་གནས་ཀྱི་མི་སྡེ་ཚུ་ལུ་ མཐའ་འཁོར་ཉམས་སྲུང་དང་ ཐོན་སྐྱེད་འཛིན་སྐྱོང་འགན་འཁྲི་ཅན་གྱི་སྐོར་ལས་ སྟོན་བྱིན་དོ་ཡོདཔ་ཨིན་པས། ལྟ་བཤལ་ལས་སྡེ་གིས་ ས་གནས་ཀྱི་ལག་བཟོ་དང་ ཟ་འཐུང་ཐོན་སྐྱེད་ སྐྱེལ་འདྲེན་ཞབས་ཏོག་ དེ་ལས་ ལམ་སྟོན་ལྟ་བཤལ་གྱི་ མཁོ་འདོད་བསྐྱེད་དེ་ ཚོང་འབྲེལ་ཆུང་བ་ཚུ་ལུ་ཡང་ རྒྱབ་སྐྱོར་འབདཝ་ཨིན་པས། སྤྱིར་བཏང་ལུ་ ལྟ་བཤལ་གྱིས་ འཚོ་བའི་གནས་སྟངས་ཡར་དྲག་གཏང་ནི་དང་ རྒྱལ་ཡོངས་གོང་འཕེལ་ལུ་ལྷན་ཐབས་འབདཝ་ཨིན་པས། ལྟ་བཤལ་ལས་སྡེ་གིས་ ཤེས་རིག་དང་ མི་སྒེར་གྱི་གོང་འཕེལ་ནང་ཡང་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིན་པས། འགྲུལ་སྐྱོད་འབད་མི་འདི་གིས་ མི་ཚུ་གིས་ དུས་རྒྱུན་དུ་ དཔེ་དེབ་དང་སློབ་ཁང་ནང་ལས་ ལྷབ་མ་ཚུགས་པའི་ ཤེས་ཡོན་ཚུ་ འཐོབ་ཚུགསཔ་མ་ཚད་ རྒྱལ་རབས་ཀྱི་ས་རྟགས་དང་འགྲེམས་སྟོན་ཁང་ རྒྱལ་ཡོངས་གླིང་ག་ དེ་ལས་ ལམ་སྲོལ་གྱི་སྲོལ་རྒྱུན་ས་ཁོངས་ཚུ་ནང་ ལྟ་སྐོར་འབད་མི་ཚུ་གིས་ རྒྱལ་རབས་དང་ས་ཆ་རིག་པ་ སྒྱུ་རྩལ་ ཚན་རིག་ དེ་ལས་ མི་ཚེའི་གནས་སྟངས་མ་འདྲཝ་ཚུ་གི་སྐོར་ལས་ གཏིང་ཟབ་སྦེ་ཧ་གོ་ཚུགསཔ་ཨིན། སློབ་ཕྲུག་ཚུ་གིས་ འཕྲལ་འཕྲལ་ར་ མི་ཚེ་གི་ཉམས་མྱོང་ཚུ་བརྒྱུད་དེ་ ཤེས་ཡོན་གྱི་ལྟ་བཤལ་ནང་ བཅའ་མར་གཏོགས་ཡོདཔ་དང་ ཞིབ་འཚོལ་པ་དང་ཁྱད་རིགཔ་ཚུ་གིས་ ཞལ་འཛོམས་དང་ལས་རིམ་ དེ་ལས་ སྦྱོང་བརྡར་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ཏེ་ རིག་རྩལ་དང་ཤེས་ཡོན་ཚུ་ ཡར་དྲག་གཏང་ནི་ལུ་ཕན་ཐོགས་འབྱུང་དོ་ཡོདཔ་ཨིན་པས། ལྟ་བཤལ་འདི་གིས་ མི་ངོ་རྐྱང་ཚུ་ རང་དབང་ཅན་དང་མཐུན་སྒྲིག་འབད་ཚུགས་མི་ དེ་ལས་ བློ་གཏད་ཅན་སྦེ་འགྱོ་བཅུག་སྟེ་ མི་ངོ་རྐྱང་གི་ཡར་རྒྱས་ལུ་ སེམས་ཤུགས་བྱིནམ་ཨིན། ལམ་སྲོལ་མ་འདྲཝ་ཚུ་དང་ ཕྱད་མི་འདི་གིས་ མཐོང་ཚུལ་རྒྱ་སྐྱེད་གཏང་ནི་དང་ བརྒྱུད་འབྲེལ་གྱི་རིག་རྩལ་ཚུ་ ཡར་དྲག་བཏང་ནི་ དེ་ལས་ མི་རིགས་མ་འདྲཝ་ལུ་ བཟོད་བསྲན་དང་གུས་ཞབས་ཚུ་ བསྐྱེད་བཅུགཔ་ཨིན། འགྲུལ་པ་ཚུ་གིས་ འཕྲལ་འཕྲལ་ར་ རང་སོའི་ལམ་སྲོལ་དང་གཞན་གྱི་ལམ་སྲོལ་གཉིས་ཆ་ར་ལུ་ དགའ་ཚོར་སྦོམ་སྦེ་ར་བསྐྱེད་དེ་ ཁྱིམ་ནང་ལོག་འགྱོ་དོ་ཡོདཔ་ཨིན་པས། ད་རེས་ནངས་པའི་ཕན་ཚུན་འབྲེལ་བ་ཅན་གྱི་འཛམ་གླིང་ནང་ ལྟ་བཤལ་འདི་ མི་ཚེ་གཅིག་གི་ལྷབ་སྦྱང་དང་ འཛམ་གླིང་ནང་ རྒྱལ་ཁབ་དང་རྒྱབ་ཁུངས་སོ་སོ་ཨིན་མི་ མི་ཚུ་གི་བར་ན་ ཕན་ཚུན་ཧ་གོ་ཐངས་ཚུ་ཡར་དྲག་གཏང་ནི་ལུ་ ཁག་ཆེ་བའི་ ཟམ་ཅིག་སྦེ་ལཱ་འབད་དོ་ཡོདཔ་ཨིན། '''ལྟ་བཤལ་ལུ་གདོང་ལེན།''' ལྟ་བཤལ་ལུ་ ཁེ་ཕན་ལེ་ཤ་ཡོད་རུང་ གདོང་ལེན་ཡང་ལེ་ཤ་ཅིག་ར་འབྱུང་དོ་ཡོདཔ་ཨིན། གནད་དོན་གཙོ་བོ་གཅིག་འདི་ མཐའ་འཁོར་བཙོག་པ་བཟོ་ནི་འདི་ཨིན། ལྟ་བཤལཔ་མང་ཤོས་ཅིག་གིས་ ཕྱགས་སྙིགས་ག་ལྷོད་བཀོ་ནི་དང་ སྐྱེ་ལྡན་རིམ་ལུགས་ལུ་གནོད་སྐྱོན་རྐྱབ་ནི་ དེ་ལས་ རླུང་དང་ཆུ་བཙོག་པ་ཡར་སེང་འགྱོ་ནི་ཚུ་ཨིན་པས། ལྟ་བཤལཔ་ཚུ་གི་དོན་ལུ་ ཡོངས་གྲགས་ཅན་གྱི་ས་གནས་ཚུ་ནང་ མི་ལེ་ཤ་འཛོམས་མི་ལུ་བརྟེན་ ས་གནས་ཀྱི་གཞི་རྟེན་མཐུན་རྐྱེན་དང་ རང་བཞིན་ཐོན་སྐྱེད་ཚུ་ལུ་ གནོན་ཤུགས་བྱིན་དོ་ཡོདཔ་ཨིན་པས། གདོང་ལེན་གཞན་མི་འདི་ ལམ་སྲོལ་གྱི་ངོ་རྟགས་མེདཔ་འགྱོ་མི་འདི་ཨིན། ས་གནས་ལ་ལུ་ཅིག་ནང་ ལྟ་བཤལཔ་ཚུ་གི་རེ་བ་ཚུ་གྲུབ་ཐབས་ལུ་ རང་ལུགས་ཀྱི་ལམ་སྲོལ་དང་ མི་ཚེའི་གནས་སྟངས་ཚུ་བསྒྱུར་བཅོས་འགྱོ་འོང་། ཚོང་འབྲེལ་ཚད་ལས་བརྒལ་མི་འདི་གིས་ ས་གནས་ཀྱི་ལམ་སྲོལ་གྱི་བདེན་ཁུངས་འདི་ མར་ཕབ་འབད་བ་གི་མ་ཚད་ ཡོངས་གྲགས་ཅན་གྱི་ས་གནས་ཚུ་ནང་ མི་ཚེའི་གནས་སྟངས་ཡང་ ཡར་སེང་འབད་དེ་ དེ་གིས་ སྡོད་ཁྱིམ་གྱི་གོང་ཚད་དང་ བཟའ་འཐུང་གི་འགྲོ་སོང་ དེ་ལས་ སྐྱེལ་འདྲེན་གྱི་འགྲོ་སོང་ཚུ་ཡང་ ཡར་སེང་འགྱོ་སྟེ་ ས་གནས་ཀྱི་མི་ཚུ་གི་མི་ཚེ་འདི་ ལཱ་ཁག་གཏང་དོ་ཡོདཔ་ཨིན། དུས་ཚོད་ཀྱི་ལྟ་བཤལ་གྱིས་ གནས་སྐབས་ཅིག་གི་དོན་ལུ་ ལཱ་གཡོག་བཟོཝ་ལས་ ལཱ་འབད་མི་ཚུ་ལུ་ འོང་འབབ་བརྟན་ཏོག་ཏོ་མེདཔ་ཨིན་པས། དེ་མ་ཚད་ རང་བཞིན་གྱི་རྐྱེན་ངན་དང་ སྲིད་དོན་བརྟན་ཏོག་ཏོ་མེད་མི་ གསོ་བའི་དཀའ་ངལ་ དེ་ལས་ འཛམ་གླིང་དཔལ་འབྱོར་མར་ཉམས་འགྱོ་མི་ལུ་བརྟེན་ ལྟ་བཤལཔ་འོང་མིའི་གྱངས་ཁ་ གནམ་མེད་ས་མེད་མར་ཕབ་འགྱོ་དོ་ཡོདཔ་ཨིན་པས། གདོང་ལེན་འདི་ཚུ་སེལ་ཐབས་ལུ་ གཞུང་དང་ཚོང་འབྲེལ་ དེ་ལས་ འགྲུལ་པ་ཚུ་གིས་ མཉམ་འབྲེལ་གྱི་ཐོག་ལས་ མཐའ་འཁོར་སྲུང་སྐྱོབ་དང་ ས་གནས་ཀྱི་མི་སྡེ་ཚུ་ལུ་ གུས་ཞབས་འབད་ཚུགས་པའི་ཡུན་བརྟན་ལྟ་བཤལ་གྱི་ ལམ་ལུགས་ཚུ་ ཡར་དྲག་གཏང་དགོཔ་ཨིན་པས། '''མཇུག༌བསྡུ།''' ལྟ་བཤལ་འདི་ དཔལ་འབྱོར་གོང་འཕེལ་དང་ལམ་སྲོལ་བརྗེ་སོར་ དེ་ལས་ མཐའ་འཁོར་གནས་སྟངས་ཀྱི་ གོ་བ་བརྡ་སྤྲོད་འབད་ནི་ལུ་ ཕན་ཐོགས་པའི་ འཛམ་གླིང་ནང་གི་བཟོ་གྲྭ་ཁག་ཆེ་ཤོས་ཅིག་ཨིན། ལཱ་གཡོག་གི་གོ་སྐབས་བཟོ་སྟེ་ ཚོང་འབྲེལ་ལུ་རྒྱབ་སྐྱོར་འབད་ནི་དང་ ལམ་སྲོལ་གྱི་སྲོལ་རྒྱུན་ཚུ་ ཉམས་སྲུང་འབད་དེ་ རྒྱལ་སྤྱིའི་མཐུན་ལམ་ལུ་ སེམས་ཤུགས་བྱིནམ་ཨིན་པས། དེ་དང་གཅིག་ཁར་ མཐའ་འཁོར་གནས་སྟངས་ལུ་ གནོད་སྐྱོན་དང་མི་དམངས་འཛོམ་ནི་ དེ་ལས་ ལམ་སྲོལ་གྱི་གྱོང་རྒུད་ཚུ་ མར་ཕབ་འབད་ཐབས་ལུ་ ལྟ་བཤལ་འདི་ འགན་ཁུར་ཅན་སྦེ་ འཛིན་སྐྱོང་འཐབ་དགོཔ་ཨིན། མ་འོངས་པའི་མི་རབས་ཚུ་གིས་ འཛམ་གླིང་གི་ རང་བཞིན་གྱི་མཛེས་ཆ་དང་ལམ་སྲོལ་སྣ་ཚོགས་ཚུ་ལུ་ འཕྲོ་མཐུད་དེ་ར་སྤྲོ་བ་བསྐྱེད་ཚུགས་ནི་དོན་ལུ་ལྟ་བཤལ་ཡུན་བརྟན་དེ་ ཁག་ཆེ་ཏོག་ཏོ་ཅིག་ཨིན། ལྟ་སྐོརཔ་ཚུ་གིས་ ས་གནས་ཀྱི་ལམ་སྲོལ་ལུ་ གུས་ཞབས་འབད་ནི་དང་ ཕྱགས་སྙིགས་མར་ཕབ་འབད་ནི་ ཐོན་སྐྱེད་ཚུ་ཉམས་སྲུང་འབད་ནི་ དེ་ལས་ འབད་ཚུགས་ཚུགསཔ་ཅིག་ ས་གནས་ཀྱི་ཚོང་འབྲེལ་ཚུ་ལུ་ རྒྱབ་སྐྱོར་འབད་དགོཔ་ཨིན་པས། གཞུང་ཚུ་གིས་ ལྟ་བཤལ་གོང་འཕེལ་དང་ མཐའ་འཁོར་ཉམས་སྲུང་དང་ མི་སྡེའི་མཐའ་དོན་ལུ་ འདྲ་མཉམ་བཟོ་ནི་གི་སྲིད་བྱུས་ཚུ་ བརྩམ་དགོཔ་ཨིན་པས། ཚོང་འབྲེལ་ལས་སྡེ་ཚུ་གིས་ མཐའ་འཁོར་གནས་སྟངས་དང་མཐུན་པའི་ལམ་ལུགས་ཚུ་ ལག་ལེན་འཐབ་སྟེ་ ལྟ་བཤལཔ་དང་ མི་སེར་གཉིས་ཆ་ར་ལུ་ ཕན་ཐོགས་པའི་སྤུས་ཚད་ཅན་གྱི་ཞབས་ཏོག་ཚུ་ བྱིན་དགོཔ་ཨིན་པས། མཐའ་མཇུག་ལུ་ ལྟ་བཤལ་འདི་ དགའ་སྤྲོའི་དོན་ལུ་འགྲུལ་སྐྱོད་འབད་ནི་ལས་ལྷག་སྟེ་ཡོདཔ་ཨིན། མི་ཚུ་འབྲེལ་བ་འཐབ་སྟེ་ དཔལ་འབྱོར་སྒྲིང་སྒྲི་བཟོ་ནི་ ལམ་སྲོལ་གྱི་གོ་རྟོགས་ཡར་དྲག་གཏང་ནི་ དེ་ལས་ ང་བཅས་རའི་འཛམ་གླིང་འདི་ ཉམས་སྲུང་འབད་ནི་ལུ་ སེམས་ཤུགས་བྱིན་མི་སྟོབས་ཤུགས་ཅན་ཅིག་ཨིན། ལྟ་བཤལ་འདི་ འགན་ཁུར་ཅན་སྦེ་ལག་ལེན་འཐབ་པའི་སྐབས་ འཛམ་གླིང་ནང་མི་ངོ་དང་མི་སྡེ་ དེ་ལས་ རྒྱལ་ཁབ་ཚུ་ལུ་ ཡུན་བརྟན་གྱི་ཁེ་ཕན་བཟོ་ཚུགསཔ་ཨིན། [[Category:ལྟ་བཤལ།]] egna01ij7xnkx06novqfunqt1k7l3gn 40097 40096 2026-08-18T11:05:14Z Kheng Singye Dorji (KSD) 9274 40097 wikitext text/x-wiki == '''ལྟ་བཤལ་གྱི་ངོ་སྤྲོད།''' == ལྟ་བཤལ་ཟེར་མི་འདི་ དལ་ཁོམ་དང་ཚོང་འབྲེལ་ ཤེས་ཡོན་དང་མཐོང་སྣང་ ཡང་ན་ ལམ་སྲོལ་གྱི་ཉམས་མྱོང་ཚུ་གི་དོན་ལུ་ རང་སོའི་མཐའ་འཁོར་གྱི་ཕྱི་ཁར་ ས་གནས་ཚུ་ནང་ འགྲུལ་སྐྱོད་འབད་མི་ལུ་སླབ་ཨིན། འཛམ་གླིང་ནང་གི་བཟོ་གྲྭ་སྦོམ་ཤོས་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་མང་རབས་ཅིག་གི་དཔལ་འབྱོར་དང་ མི་སྡེ་གོང་འཕེལ་གྱི་ནང་ལུ་ ཁག་ཆེ་བའི་འགན་ཁུར་འབག་དོ་ཡོདཔ་ཨིན། ལོ་བསྟར་བཞིན་དུ་ མི་ས་ཡ་ལས་བཅད་དེ་ རྒྱལ་ཁབ་ནང་དང་ རྒྱལ་སྤྱིའི་ནང་ འགྲུལ་སྐྱོད་འབད་དེ་ ས་གནས་གསརཔ་ཚུ་ འཚོལ་ཞིབ་འབད་དེ་ མི་སོ་སོ་ཚུ་དང་ཕྱད་ནི། དེ་ལས་ གཞན་གྱི་ལམ་སྲོལ་མ་འདྲཝ་ཚུ་ མྱོང་ཚུགསཔ་ཨིན་པས། ལྟ་བཤལ་འདི་ ལོ་བསྟར་བཞིན་དུ་ གོང་འཕེལ་སྦོམ་སྦེ་ར་འགྱོ་སྟེ་ཡོདཔ་ཨིན། ཧེ་མ་འབད་བ་ཅིན་ འགྲོ་འགྲུལ་འབད་མི་ མི་ཉུང་སུ་ཅིག་ལས་བརྒལ་མེད་མི་དེ་ཡང་ སྐྱེལ་འདྲེན་གྱི་ ཟད་འགྲོ་སྦོམ་དང་ དུས་ཚོད་འགོར་ནི་དེ་གིས་ཨིན་པས། ད་རེས་ནངས་པར་ སྐྱེལ་འདྲེན་དང་འཕྲུལ་རིག་ དེ་ལས་ བརྒྱུད་འབྲེལ་ཚུ་ ཡར་དྲག་འགྱོ་མི་ལུ་བརྟེན་ འགྲུལ་སྐྱོད་འབད་ནི་འདི་ འཇམ་ཏོང་ཏོ་དང་ གོང་ཚད་ཡང་ མཐོ་དྲགས་སྦེ་ འགྱོ་དོ་ཡོདཔ་ཨིན་པས། མི་ཚུ་གིས་ སྐར་མ་དག་པ་ཅིག་གི་ནང་འཁོད་ལུ་ གནམ་གྲུ་དང་ ཟ་ཁང་ དེ་ལས་ ལྟ་བཤལ་ཚུ་ ཡོངས་འབྲེལ་ཐོག་ལས་ བཀོད་སྒྲིག་འབད་ཚུགས་དོ་ཡོདཔ་ཨིན་མས། ལྟ་བཤལ་འདི་གིས་ མི་ཚུ་ལུ་ ལམ་སྲོལ་དང་སྐད་ཡིག་ དེ་ལས་ མི་ཚེའི་གནས་སྟངས་ཚུ་ ལྷབ་བཅུག་སྟེ་ ལམ་སྲོལ་བརྗེ་སོར་འབད་ནི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན། དེ་མ་ཚད་ མི་རིགས་མ་འདྲཝ་ཚུ་གི་བར་ན་ ཕན་ཚུན་ཧ་གོ་ནི་དང་ གུས་ཞབས་འབད་ནི་ལུ་ སེམས་ཤུགས་བྱིནམ་ཨིན་པས། གཞུང་དང་ཚོང་འབྲེལ་ལས་སྡེ་ཚུ་གིས་ ལྟ་བཤལ་ནང་ མ་རྩ་སྦོམ་སྦེ་ར་བཙུགས་དོ་ཡོདཔ་དང་ དེ་ཡང་ ལྟ་བཤལ་འདི་གིས་ ལཱ་གཡོག་བཟོ་ནི་དང་ འོང་འབབ་བཟོ་ནི། དེ་ལས་ གཞི་རྟེན་མཐུན་རྐྱེན་ཚུ་ གོང་འཕེལ་གཏང་ནི་ལུ་ རྒྱབ་སྐྱོར་འབདཝ་ལས་བརྟེན་ཨིན་པས། མི་ཚུ་གིས་ འགྲུལ་སྐྱོད་འབད་དགོ་པའི་ རྒྱུ་མཚན་ལེ་ཤ་ཅིག་ར་ཡོདཔ་ཨིན། ལ་ལུ་ཅིག་གིས་ ངལ་གསོ་ལུ་འགྱོ་དོ་ཡོདཔ་དང་ ལ་ལུ་ཅིག་གིས་ མཐོང་སྣང་དང་ཤེས་ཡོན་ ཡང་ན་ ཚོང་འབྲེལ་གྱི་གོ་སྐབས་ཚུ་ འཚོལ་དོ་ཡོདཔ་ཨིན་པས། དམིགས་ཡུལ་ག་ཅི་བཟུམ་ཅིག་འབད་རུང་ ལྟ་བཤལ་གྱིས་ ཉམས་མྱོང་གསརཔ་དང་ བརྗེད་ཐབས་མེད་པའི་དྲན་ཤེས་ཚུ་བྱིན་ཐོག་ལས་ མི་ཚུ་གི་མི་ཚེ་ཕྱུགཔོ་བཟོཝ་ཨིན་པས། === '''ལྟ་བཤལ་གྱི་དབྱེ་བ།''' === ལྟ་བཤལ་འདི་ འགྲུལ་སྐྱོད་ཀྱི་དམིགས་ཡུལ་ལུ་གཞི་བཞག་སྟེ་ དབྱེ་ཁག་ལེ་ཤ་ཅིག་ནང་ དབྱེ་བ་ཕྱེ་ཚུགསཔ་ཨིན། '''དལ་ཁོམ་གྱི་ལྟ་བཤལ།''' མི་ཚུ་གིས་ ངལ་གསོའི་སྐབས་ལུ་ ངལ་སང་ནི་དང་ མཐོང་སྣང་ཚུ་བལྟ་ནི་ དེ་ལས་ བཟའ་ཚང་དང་ཆ་རོགས་ཚུ་དང་གཅིག་ཁར་ དུས་ཚོད་བྱིན་ནིའི་དོན་ལུ་ འགྲུལ་སྐྱོད་འབདཝ་ཨིན། མཚོ་འགྲམ་དང་གླིང་ག་ སྐྱིད་གནས་ དེ་ལས་ སྤྲོ་བའི་གླིང་ག་ཚུ་ དལ་ཁོམ་གྱི་ས་ཁོངས་ཡོངས་གྲགས་ཅན་ཅིག་ཨིན། '''ལམ་སྲོལ་ལྟ་བཤལ།''' འགྲུལ་པ་ཚུ་གིས་ རྒྱལ་རབས་ཀྱི་ས་ཁོངས་དང་ འགྲེམས་སྟོན་ཁང་ དུས་སྟོན་ དེ་ལས་ སྲོལ་ཁྱུན་ས་ཁོངས་ཚུ་ནང་འགྱོ་སྟེ་ མི་སྡེ་སོ་སོའི་ ལམ་སྲོལ་དང་རྒྱལ་རབས་ཚུ་གི་སྐོར་ལས་ ཤེས་ཚུགསཔ་ཨིན་པས། '''མཐོང་སྣང་ལྟ་བཤལ།''' འདི་བཟུམ་གྱི་སྤྲོ་བ་ཆེ་བའི་ལས་རིམ་ དཔེར་ན་ རྐང་འགྲོས་དང་ རི་འཛེགས་ གངས་རི་བརྒལ་ནི་ ཆུ་གཡུར་དང་ རི་དྭགས་སྲོག་ཆགས་ཚུ་ འཚོལ་ཞིབ་འབད་ནི་ཚུ་ཨིན། ཕྱི་ཁའི་ལས་རིམ་དང་ གཟུགས་ཀྱི་གདོང་ལེན་ཚུ་ལུ་ སྤྲོ་བ་སྐྱེད་མི་ཚུ་གི་ནང་འཁོད་ལུ་ མཐོང་སྣང་ལྟ་བཤལ་འདི་ ཡོངས་གྲགས་ཅན་ཅིག་ཨིན་མས། '''སྐྱེ་ལྡན་ལྟ་བཤལ།''' སྐྱེ་ལྡན་ལྟ་བཤལ་འདི་ རི་དྭགས་དང་སྲོག་ཆགས་ཚུ་ ཉམས་སྲུང་འབད་ནི་དང་ རང་བཞིན་ཐོན་སྐྱེད་ཚུ་ ཉམས་སྲུང་འབད་ནིའི་དོན་ལུ་ རང་བཞིན་གནས་སྟངས་ནང་ ལྟ་སྐོར་འབད་ནི་ལུ་ གཙོ་བོར་སྟོནམ་ཨིན། ས་གནས་ཀྱི་མི་སྡེ་ཚུ་ལུ་ཕན་ཐོགས་པའི་ཁར་ མཐའ་འཁོར་གནས་སྟངས་ལུ་ གནོད་སྐྱོན་མར་ཕབ་འབད་ཚུགས་པའི་ འགན་ཁུར་ཅན་གྱི་འགྲུལ་སྐྱོད་འབད་ནི་ལུ་ སེམས་ཤུགས་བྱིནམ་ཨིན། '''གསོ་བའི་ལྟ་བཤལ།''' མི་མང་ཤོས་ཅིག་གིས་ སྨན་བཅོས་འབད་བར་ རྒྱལ་ཁབ་གཞན་ཚུ་ནང་འགྱོ་དོ་ཡོདཔ་དང་ དེ་ཡང་ ཟད་འགྲོ་ཉུང་མི་དང་ བསྒུགས་པའི་དུས་ཚོད་ཐུང་ཀུ་ ཡང་ན་ དམིགས་བསལ་གྱི་གསོ་བའི་ཞབས་ཏོག་ལེགས་ཤོམ་ ཐོབ་མི་ལུ་བརྟེན་ཏེ་ཨིན་པས། '''ཚོང་འབྲེལ་ལྟ་བཤལ།''' ཁྱད་རིག་ཅན་ཚུ་གིས་ ཞལ་འཛོམས་དང་གྲོས་འཛོམས་ འགྲེམས་སྟོན་དང་ སྦྱོང་བརྡར་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འགྲུལ་སྐྱོད་འབདཝ་ཨིན། ཚོང་འབྲེལ་ལྟ་བཤལ་གྱིས་ མགྲོན་སྐྱོང་ལས་སྡེ་ལུ་ ཕན་ཐོགས་སྦོམ་སྦེ་ར་འབྱུང་དོ་ཡོདཔ་ཨིན། ལྟ་བཤལ་གྱི་རིགས་རེ་རེ་གིས་ ཉམས་མྱོང་མ་འདྲཝ་བྱིན་དོ་ཡོདཔ་མ་ཚད་ དཔལ་འབྱོར་གྱི་ལས་ཁུངས་སོ་སོ་ཚུ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས། === '''ལྟ་བཤལ་གྱི་ཁེ་ཕན།''' === ལྟ་བཤལ་གྱིས་ དཔལ་འབྱོར་ མི་སྡེ་ ལམ་སྲོལ་དང་མཐའ་འཁོར་གནས་སྟངས་ཀྱི་ ཁེ་ཕན་ལེ་ཤ་བྱིནམ་ཨིན། དཔལ་འབྱོར་གྱི་ཐད་ཁར་ ལྟ་བཤལ་གྱིས་ ཟ་ཁང་དང་ ཟ་ཁང་སྐྱེལ་འདྲེན་ འགྲུལ་སྐྱོད་ལས་སྡེ་ སྤྲོ་བའི་ལས་རིམ་ དེ་ལས་ ས་གནས་ཀྱི་ཚོང་འབྲེལ་ཚུ་ནང་ ལཱ་གཡོག་ས་ཡ་ལས་བཅད་དེ་ བཟོཝ་མ་ཚད་ ཁྲལ་དང་ཕྱི་དངུལ་གྱི་འོང་འབབ་བརྒྱུད་དེ་ གཞུང་ལུ་འོང་འབབ་བཟོཝ་ཨིན། ལྟ་བཤལ་གྱིས་ ལམ་དང་གནམ་གྲུ་ཐང་ མི་དམངས་སྐྱེལ་འདྲེན་ དེ་ལས་ བརྒྱུད་འབྲེལ་གྱི་ལམ་ལུགས་ཚུ་ནང་ མ་རྩ་བཙུགས་ནི་ལུ་ཡང་ སེམས་ཤུགས་བྱིནམ་ཨིན་པས། མི་སྡེའི་ཐད་ལུ་ ལྟ་བཤལ་གྱིས་ རྒྱལ་ཁབ་དང་ལམ་སྲོལ་མ་འདྲཝ་ཚུ་ནང་ལས་ མི་ཚུ་གི་བར་ན་ མཐུན་ལམ་དང་ གོ་བ་བརྡ་སྤྲོད་ཚུ་ཡར་དྲག་གཏངམ་ཨིན་པས། ལྟ་བཤལཔ་ཚུ་གིས་ ས་གནས་ཀྱི་ལམ་སྲོལ་ཚུ་གི་སྐོར་ལས་ ཤེས་པའི་སྐབས་ ས་གནས་ཀྱི་མི་སྡེ་ཚུ་གིས་ ཁོང་རའི་ལམ་སྲོལ་དང་ སྲོལ་ཁྱུན་ཚུ་ གཞན་ཚུ་ལུ་ བརྗེ་སོར་འབད་ནི་གི་གོ་སྐབས་ཐོབ་དོ་ཡོདཔ་ཨིན་པས། ལམ་སྲོལ་གྱི་ཐད་ལུ་ ལྟ་བཤལ་འདི་གིས་ རྒྱལ་རབས་ཀྱི་དྲན་རྟེན་དང་ རང་ལུགས་ཀྱི་སྒྱུ་རྩལ་ ལག་བཟོ་ སྙན་ཆ་ ཞབས་ཁྲ་ དེ་ལས་ དུས་སྟོན་ཚུ་ ཉམས་སྲུང་འབད་ནི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན། ལྟ་བཤལ་ལས་ཐོབ་མི་འོང་འབབ་འདི་གིས་ འཕྲལ་འཕྲལ་སྐབས་ ཁག་ཆེ་བའི་ལམ་སྲོལ་གྱི་ས་ཁོངས་ཚུ་ ཉམས་གསོ་དང་ རྒྱུན་སྐྱོང་འཐབ་ནི་ལུ་ རྒྱབ་སྐྱོར་འབདཝ་ཨིན། མཐའ་འཁོར་གནས་སྟངས་ཀྱི་ཐད་ལུ་ འགན་འཁྲི་ཅན་གྱི་ལྟ་བཤལ་གྱིས་ རྒྱལ་ཡོངས་གླིང་ག་དང་ རི་དྭགས་སེམས་ཅན་ ནགས་ཚལ་ དེ་ལས་ མཚོ་ཡི་སྐྱེ་ལྡན་རིམ་ལུགས་ཚུ་ ཉམས་སྲུང་འབད་ནི་ལུ་ སེམས་ཤུགས་བྱིནམ་ཨིན་པས། ཡུན་བརྟན་ལྟ་བཤལ་གྱིས་ ལྟ་བཤལཔ་དང་ ས་གནས་ཀྱི་མི་སྡེ་ཚུ་ལུ་ མཐའ་འཁོར་ཉམས་སྲུང་དང་ ཐོན་སྐྱེད་འཛིན་སྐྱོང་འགན་འཁྲི་ཅན་གྱི་སྐོར་ལས་ སྟོན་བྱིན་དོ་ཡོདཔ་ཨིན་པས། ལྟ་བཤལ་ལས་སྡེ་གིས་ ས་གནས་ཀྱི་ལག་བཟོ་དང་ ཟ་འཐུང་ཐོན་སྐྱེད་ སྐྱེལ་འདྲེན་ཞབས་ཏོག་ དེ་ལས་ ལམ་སྟོན་ལྟ་བཤལ་གྱི་ མཁོ་འདོད་བསྐྱེད་དེ་ ཚོང་འབྲེལ་ཆུང་བ་ཚུ་ལུ་ཡང་ རྒྱབ་སྐྱོར་འབདཝ་ཨིན་པས། སྤྱིར་བཏང་ལུ་ ལྟ་བཤལ་གྱིས་ འཚོ་བའི་གནས་སྟངས་ཡར་དྲག་གཏང་ནི་དང་ རྒྱལ་ཡོངས་གོང་འཕེལ་ལུ་ལྷན་ཐབས་འབདཝ་ཨིན་པས། ལྟ་བཤལ་ལས་སྡེ་གིས་ ཤེས་རིག་དང་ མི་སྒེར་གྱི་གོང་འཕེལ་ནང་ཡང་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིན་པས། འགྲུལ་སྐྱོད་འབད་མི་འདི་གིས་ མི་ཚུ་གིས་ དུས་རྒྱུན་དུ་ དཔེ་དེབ་དང་སློབ་ཁང་ནང་ལས་ ལྷབ་མ་ཚུགས་པའི་ ཤེས་ཡོན་ཚུ་ འཐོབ་ཚུགསཔ་མ་ཚད་ རྒྱལ་རབས་ཀྱི་ས་རྟགས་དང་འགྲེམས་སྟོན་ཁང་ རྒྱལ་ཡོངས་གླིང་ག་ དེ་ལས་ ལམ་སྲོལ་གྱི་སྲོལ་རྒྱུན་ས་ཁོངས་ཚུ་ནང་ ལྟ་སྐོར་འབད་མི་ཚུ་གིས་ རྒྱལ་རབས་དང་ས་ཆ་རིག་པ་ སྒྱུ་རྩལ་ ཚན་རིག་ དེ་ལས་ མི་ཚེའི་གནས་སྟངས་མ་འདྲཝ་ཚུ་གི་སྐོར་ལས་ གཏིང་ཟབ་སྦེ་ཧ་གོ་ཚུགསཔ་ཨིན། སློབ་ཕྲུག་ཚུ་གིས་ འཕྲལ་འཕྲལ་ར་ མི་ཚེ་གི་ཉམས་མྱོང་ཚུ་བརྒྱུད་དེ་ ཤེས་ཡོན་གྱི་ལྟ་བཤལ་ནང་ བཅའ་མར་གཏོགས་ཡོདཔ་དང་ ཞིབ་འཚོལ་པ་དང་ཁྱད་རིགཔ་ཚུ་གིས་ ཞལ་འཛོམས་དང་ལས་རིམ་ དེ་ལས་ སྦྱོང་བརྡར་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ཏེ་ རིག་རྩལ་དང་ཤེས་ཡོན་ཚུ་ ཡར་དྲག་གཏང་ནི་ལུ་ཕན་ཐོགས་འབྱུང་དོ་ཡོདཔ་ཨིན་པས། ལྟ་བཤལ་འདི་གིས་ མི་ངོ་རྐྱང་ཚུ་ རང་དབང་ཅན་དང་མཐུན་སྒྲིག་འབད་ཚུགས་མི་ དེ་ལས་ བློ་གཏད་ཅན་སྦེ་འགྱོ་བཅུག་སྟེ་ མི་ངོ་རྐྱང་གི་ཡར་རྒྱས་ལུ་ སེམས་ཤུགས་བྱིནམ་ཨིན། ལམ་སྲོལ་མ་འདྲཝ་ཚུ་དང་ ཕྱད་མི་འདི་གིས་ མཐོང་ཚུལ་རྒྱ་སྐྱེད་གཏང་ནི་དང་ བརྒྱུད་འབྲེལ་གྱི་རིག་རྩལ་ཚུ་ ཡར་དྲག་བཏང་ནི་ དེ་ལས་ མི་རིགས་མ་འདྲཝ་ལུ་ བཟོད་བསྲན་དང་གུས་ཞབས་ཚུ་ བསྐྱེད་བཅུགཔ་ཨིན། འགྲུལ་པ་ཚུ་གིས་ འཕྲལ་འཕྲལ་ར་ རང་སོའི་ལམ་སྲོལ་དང་གཞན་གྱི་ལམ་སྲོལ་གཉིས་ཆ་ར་ལུ་ དགའ་ཚོར་སྦོམ་སྦེ་ར་བསྐྱེད་དེ་ ཁྱིམ་ནང་ལོག་འགྱོ་དོ་ཡོདཔ་ཨིན་པས། ད་རེས་ནངས་པའི་ཕན་ཚུན་འབྲེལ་བ་ཅན་གྱི་འཛམ་གླིང་ནང་ ལྟ་བཤལ་འདི་ མི་ཚེ་གཅིག་གི་ལྷབ་སྦྱང་དང་ འཛམ་གླིང་ནང་ རྒྱལ་ཁབ་དང་རྒྱབ་ཁུངས་སོ་སོ་ཨིན་མི་ མི་ཚུ་གི་བར་ན་ ཕན་ཚུན་ཧ་གོ་ཐངས་ཚུ་ཡར་དྲག་གཏང་ནི་ལུ་ ཁག་ཆེ་བའི་ ཟམ་ཅིག་སྦེ་ལཱ་འབད་དོ་ཡོདཔ་ཨིན། === '''ལྟ་བཤལ་ལུ་གདོང་ལེན།''' === ལྟ་བཤལ་ལུ་ ཁེ་ཕན་ལེ་ཤ་ཡོད་རུང་ གདོང་ལེན་ཡང་ལེ་ཤ་ཅིག་ར་འབྱུང་དོ་ཡོདཔ་ཨིན། གནད་དོན་གཙོ་བོ་གཅིག་འདི་ མཐའ་འཁོར་བཙོག་པ་བཟོ་ནི་འདི་ཨིན། ལྟ་བཤལཔ་མང་ཤོས་ཅིག་གིས་ ཕྱགས་སྙིགས་ག་ལྷོད་བཀོ་ནི་དང་ སྐྱེ་ལྡན་རིམ་ལུགས་ལུ་གནོད་སྐྱོན་རྐྱབ་ནི་ དེ་ལས་ རླུང་དང་ཆུ་བཙོག་པ་ཡར་སེང་འགྱོ་ནི་ཚུ་ཨིན་པས། ལྟ་བཤལཔ་ཚུ་གི་དོན་ལུ་ ཡོངས་གྲགས་ཅན་གྱི་ས་གནས་ཚུ་ནང་ མི་ལེ་ཤ་འཛོམས་མི་ལུ་བརྟེན་ ས་གནས་ཀྱི་གཞི་རྟེན་མཐུན་རྐྱེན་དང་ རང་བཞིན་ཐོན་སྐྱེད་ཚུ་ལུ་ གནོན་ཤུགས་བྱིན་དོ་ཡོདཔ་ཨིན་པས། གདོང་ལེན་གཞན་མི་འདི་ ལམ་སྲོལ་གྱི་ངོ་རྟགས་མེདཔ་འགྱོ་མི་འདི་ཨིན། ས་གནས་ལ་ལུ་ཅིག་ནང་ ལྟ་བཤལཔ་ཚུ་གི་རེ་བ་ཚུ་གྲུབ་ཐབས་ལུ་ རང་ལུགས་ཀྱི་ལམ་སྲོལ་དང་ མི་ཚེའི་གནས་སྟངས་ཚུ་བསྒྱུར་བཅོས་འགྱོ་འོང་། ཚོང་འབྲེལ་ཚད་ལས་བརྒལ་མི་འདི་གིས་ ས་གནས་ཀྱི་ལམ་སྲོལ་གྱི་བདེན་ཁུངས་འདི་ མར་ཕབ་འབད་བ་གི་མ་ཚད་ ཡོངས་གྲགས་ཅན་གྱི་ས་གནས་ཚུ་ནང་ མི་ཚེའི་གནས་སྟངས་ཡང་ ཡར་སེང་འབད་དེ་ དེ་གིས་ སྡོད་ཁྱིམ་གྱི་གོང་ཚད་དང་ བཟའ་འཐུང་གི་འགྲོ་སོང་ དེ་ལས་ སྐྱེལ་འདྲེན་གྱི་འགྲོ་སོང་ཚུ་ཡང་ ཡར་སེང་འགྱོ་སྟེ་ ས་གནས་ཀྱི་མི་ཚུ་གི་མི་ཚེ་འདི་ ལཱ་ཁག་གཏང་དོ་ཡོདཔ་ཨིན། དུས་ཚོད་ཀྱི་ལྟ་བཤལ་གྱིས་ གནས་སྐབས་ཅིག་གི་དོན་ལུ་ ལཱ་གཡོག་བཟོཝ་ལས་ ལཱ་འབད་མི་ཚུ་ལུ་ འོང་འབབ་བརྟན་ཏོག་ཏོ་མེདཔ་ཨིན་པས། དེ་མ་ཚད་ རང་བཞིན་གྱི་རྐྱེན་ངན་དང་ སྲིད་དོན་བརྟན་ཏོག་ཏོ་མེད་མི་ གསོ་བའི་དཀའ་ངལ་ དེ་ལས་ འཛམ་གླིང་དཔལ་འབྱོར་མར་ཉམས་འགྱོ་མི་ལུ་བརྟེན་ ལྟ་བཤལཔ་འོང་མིའི་གྱངས་ཁ་ གནམ་མེད་ས་མེད་མར་ཕབ་འགྱོ་དོ་ཡོདཔ་ཨིན་པས། གདོང་ལེན་འདི་ཚུ་སེལ་ཐབས་ལུ་ གཞུང་དང་ཚོང་འབྲེལ་ དེ་ལས་ འགྲུལ་པ་ཚུ་གིས་ མཉམ་འབྲེལ་གྱི་ཐོག་ལས་ མཐའ་འཁོར་སྲུང་སྐྱོབ་དང་ ས་གནས་ཀྱི་མི་སྡེ་ཚུ་ལུ་ གུས་ཞབས་འབད་ཚུགས་པའི་ཡུན་བརྟན་ལྟ་བཤལ་གྱི་ ལམ་ལུགས་ཚུ་ ཡར་དྲག་གཏང་དགོཔ་ཨིན་པས། === '''མཇུག༌བསྡུ།''' === ལྟ་བཤལ་འདི་ དཔལ་འབྱོར་གོང་འཕེལ་དང་ལམ་སྲོལ་བརྗེ་སོར་ དེ་ལས་ མཐའ་འཁོར་གནས་སྟངས་ཀྱི་ གོ་བ་བརྡ་སྤྲོད་འབད་ནི་ལུ་ ཕན་ཐོགས་པའི་ འཛམ་གླིང་ནང་གི་བཟོ་གྲྭ་ཁག་ཆེ་ཤོས་ཅིག་ཨིན། ལཱ་གཡོག་གི་གོ་སྐབས་བཟོ་སྟེ་ ཚོང་འབྲེལ་ལུ་རྒྱབ་སྐྱོར་འབད་ནི་དང་ ལམ་སྲོལ་གྱི་སྲོལ་རྒྱུན་ཚུ་ ཉམས་སྲུང་འབད་དེ་ རྒྱལ་སྤྱིའི་མཐུན་ལམ་ལུ་ སེམས་ཤུགས་བྱིནམ་ཨིན་པས། དེ་དང་གཅིག་ཁར་ མཐའ་འཁོར་གནས་སྟངས་ལུ་ གནོད་སྐྱོན་དང་མི་དམངས་འཛོམ་ནི་ དེ་ལས་ ལམ་སྲོལ་གྱི་གྱོང་རྒུད་ཚུ་ མར་ཕབ་འབད་ཐབས་ལུ་ ལྟ་བཤལ་འདི་ འགན་ཁུར་ཅན་སྦེ་ འཛིན་སྐྱོང་འཐབ་དགོཔ་ཨིན། མ་འོངས་པའི་མི་རབས་ཚུ་གིས་ འཛམ་གླིང་གི་ རང་བཞིན་གྱི་མཛེས་ཆ་དང་ལམ་སྲོལ་སྣ་ཚོགས་ཚུ་ལུ་ འཕྲོ་མཐུད་དེ་ར་སྤྲོ་བ་བསྐྱེད་ཚུགས་ནི་དོན་ལུ་ལྟ་བཤལ་ཡུན་བརྟན་དེ་ ཁག་ཆེ་ཏོག་ཏོ་ཅིག་ཨིན། ལྟ་སྐོརཔ་ཚུ་གིས་ ས་གནས་ཀྱི་ལམ་སྲོལ་ལུ་ གུས་ཞབས་འབད་ནི་དང་ ཕྱགས་སྙིགས་མར་ཕབ་འབད་ནི་ ཐོན་སྐྱེད་ཚུ་ཉམས་སྲུང་འབད་ནི་ དེ་ལས་ འབད་ཚུགས་ཚུགསཔ་ཅིག་ ས་གནས་ཀྱི་ཚོང་འབྲེལ་ཚུ་ལུ་ རྒྱབ་སྐྱོར་འབད་དགོཔ་ཨིན་པས། གཞུང་ཚུ་གིས་ ལྟ་བཤལ་གོང་འཕེལ་དང་ མཐའ་འཁོར་ཉམས་སྲུང་དང་ མི་སྡེའི་མཐའ་དོན་ལུ་ འདྲ་མཉམ་བཟོ་ནི་གི་སྲིད་བྱུས་ཚུ་ བརྩམ་དགོཔ་ཨིན་པས། ཚོང་འབྲེལ་ལས་སྡེ་ཚུ་གིས་ མཐའ་འཁོར་གནས་སྟངས་དང་མཐུན་པའི་ལམ་ལུགས་ཚུ་ ལག་ལེན་འཐབ་སྟེ་ ལྟ་བཤལཔ་དང་ མི་སེར་གཉིས་ཆ་ར་ལུ་ ཕན་ཐོགས་པའི་སྤུས་ཚད་ཅན་གྱི་ཞབས་ཏོག་ཚུ་ བྱིན་དགོཔ་ཨིན་པས། མཐའ་མཇུག་ལུ་ ལྟ་བཤལ་འདི་ དགའ་སྤྲོའི་དོན་ལུ་འགྲུལ་སྐྱོད་འབད་ནི་ལས་ལྷག་སྟེ་ཡོདཔ་ཨིན། མི་ཚུ་འབྲེལ་བ་འཐབ་སྟེ་ དཔལ་འབྱོར་སྒྲིང་སྒྲི་བཟོ་ནི་ ལམ་སྲོལ་གྱི་གོ་རྟོགས་ཡར་དྲག་གཏང་ནི་ དེ་ལས་ ང་བཅས་རའི་འཛམ་གླིང་འདི་ ཉམས་སྲུང་འབད་ནི་ལུ་ སེམས་ཤུགས་བྱིན་མི་སྟོབས་ཤུགས་ཅན་ཅིག་ཨིན། ལྟ་བཤལ་འདི་ འགན་ཁུར་ཅན་སྦེ་ལག་ལེན་འཐབ་པའི་སྐབས་ འཛམ་གླིང་ནང་མི་ངོ་དང་མི་སྡེ་ དེ་ལས་ རྒྱལ་ཁབ་ཚུ་ལུ་ ཡུན་བརྟན་གྱི་ཁེ་ཕན་བཟོ་ཚུགསཔ་ཨིན། [[Category:ལྟ་བཤལ།]] dw4huct66eoystv75t8ialu7vzqji75 40098 40097 2026-08-18T11:07:10Z Kheng Singye Dorji (KSD) 9274 40098 wikitext text/x-wiki == '''ལྟ་བཤལ་གྱི་ངོ་སྤྲོད།''' == ལྟ་བཤལ་ཟེར་མི་འདི་ དལ་ཁོམ་དང་ཚོང་འབྲེལ་ ཤེས་ཡོན་དང་མཐོང་སྣང་ ཡང་ན་ ལམ་སྲོལ་གྱི་ཉམས་མྱོང་ཚུ་གི་དོན་ལུ་ རང་སོའི་མཐའ་འཁོར་གྱི་ཕྱི་ཁར་ ས་གནས་ཚུ་ནང་ འགྲུལ་སྐྱོད་འབད་མི་ལུ་སླབ་ཨིན། འཛམ་གླིང་ནང་གི་བཟོ་གྲྭ་སྦོམ་ཤོས་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་མང་རབས་ཅིག་གི་དཔལ་འབྱོར་དང་ མི་སྡེ་གོང་འཕེལ་གྱི་ནང་ལུ་ ཁག་ཆེ་བའི་འགན་ཁུར་འབག་དོ་ཡོདཔ་ཨིན། ལོ་བསྟར་བཞིན་དུ་ མི་ས་ཡ་ལས་བཅད་དེ་ རྒྱལ་ཁབ་ནང་དང་ རྒྱལ་སྤྱིའི་ནང་ འགྲུལ་སྐྱོད་འབད་དེ་ ས་གནས་གསརཔ་ཚུ་ འཚོལ་ཞིབ་འབད་དེ་ མི་སོ་སོ་ཚུ་དང་ཕྱད་ནི། དེ་ལས་ གཞན་གྱི་ལམ་སྲོལ་མ་འདྲཝ་ཚུ་ མྱོང་ཚུགསཔ་ཨིན་པས། ལྟ་བཤལ་འདི་ ལོ་བསྟར་བཞིན་དུ་ གོང་འཕེལ་སྦོམ་སྦེ་ར་འགྱོ་སྟེ་ཡོདཔ་ཨིན། ཧེ་མ་འབད་བ་ཅིན་ འགྲོ་འགྲུལ་འབད་མི་ མི་ཉུང་སུ་ཅིག་ལས་བརྒལ་མེད་མི་དེ་ཡང་ སྐྱེལ་འདྲེན་གྱི་ ཟད་འགྲོ་སྦོམ་དང་ དུས་ཚོད་འགོར་ནི་དེ་གིས་ཨིན་པས། ད་རེས་ནངས་པར་ སྐྱེལ་འདྲེན་དང་འཕྲུལ་རིག་ དེ་ལས་ བརྒྱུད་འབྲེལ་ཚུ་ ཡར་དྲག་འགྱོ་མི་ལུ་བརྟེན་ འགྲུལ་སྐྱོད་འབད་ནི་འདི་ འཇམ་ཏོང་ཏོ་དང་ གོང་ཚད་ཡང་ མཐོ་དྲགས་སྦེ་ འགྱོ་དོ་ཡོདཔ་ཨིན་པས། མི་ཚུ་གིས་ སྐར་མ་དག་པ་ཅིག་གི་ནང་འཁོད་ལུ་ གནམ་གྲུ་དང་ ཟ་ཁང་ དེ་ལས་ ལྟ་བཤལ་ཚུ་ ཡོངས་འབྲེལ་ཐོག་ལས་ བཀོད་སྒྲིག་འབད་ཚུགས་དོ་ཡོདཔ་ཨིན་མས། ལྟ་བཤལ་འདི་གིས་ མི་ཚུ་ལུ་ ལམ་སྲོལ་དང་སྐད་ཡིག་ དེ་ལས་ མི་ཚེའི་གནས་སྟངས་ཚུ་ ལྷབ་བཅུག་སྟེ་ ལམ་སྲོལ་བརྗེ་སོར་འབད་ནི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན། དེ་མ་ཚད་ མི་རིགས་མ་འདྲཝ་ཚུ་གི་བར་ན་ ཕན་ཚུན་ཧ་གོ་ནི་དང་ གུས་ཞབས་འབད་ནི་ལུ་ སེམས་ཤུགས་བྱིནམ་ཨིན་པས། གཞུང་དང་ཚོང་འབྲེལ་ལས་སྡེ་ཚུ་གིས་ ལྟ་བཤལ་ནང་ མ་རྩ་སྦོམ་སྦེ་ར་བཙུགས་དོ་ཡོདཔ་དང་ དེ་ཡང་ ལྟ་བཤལ་འདི་གིས་ ལཱ་གཡོག་བཟོ་ནི་དང་ འོང་འབབ་བཟོ་ནི། དེ་ལས་ གཞི་རྟེན་མཐུན་རྐྱེན་ཚུ་ གོང་འཕེལ་གཏང་ནི་ལུ་ རྒྱབ་སྐྱོར་འབདཝ་ལས་བརྟེན་ཨིན་པས། མི་ཚུ་གིས་ འགྲུལ་སྐྱོད་འབད་དགོ་པའི་ རྒྱུ་མཚན་ལེ་ཤ་ཅིག་ར་ཡོདཔ་ཨིན། ལ་ལུ་ཅིག་གིས་ ངལ་གསོ་ལུ་འགྱོ་དོ་ཡོདཔ་དང་ ལ་ལུ་ཅིག་གིས་ མཐོང་སྣང་དང་ཤེས་ཡོན་ ཡང་ན་ ཚོང་འབྲེལ་གྱི་གོ་སྐབས་ཚུ་ འཚོལ་དོ་ཡོདཔ་ཨིན་པས། དམིགས་ཡུལ་ག་ཅི་བཟུམ་ཅིག་འབད་རུང་ ལྟ་བཤལ་གྱིས་ ཉམས་མྱོང་གསརཔ་དང་ བརྗེད་ཐབས་མེད་པའི་དྲན་ཤེས་ཚུ་བྱིན་ཐོག་ལས་ མི་ཚུ་གི་མི་ཚེ་ཕྱུགཔོ་བཟོཝ་ཨིན་པས། === '''ལྟ་བཤལ་གྱི་དབྱེ་བ།''' === ལྟ་བཤལ་འདི་ འགྲུལ་སྐྱོད་ཀྱི་དམིགས་ཡུལ་ལུ་གཞི་བཞག་སྟེ་ དབྱེ་ཁག་ལེ་ཤ་ཅིག་ནང་ དབྱེ་བ་ཕྱེ་ཚུགསཔ་ཨིན། <ref>[[སྐྱེ་ལྡན་གནས་སྟངས་ལྟ་བཤལ། Ecotourism]]</ref>'''དལ་ཁོམ་གྱི་ལྟ་བཤལ།''' མི་ཚུ་གིས་ ངལ་གསོའི་སྐབས་ལུ་ ངལ་སང་ནི་དང་ མཐོང་སྣང་ཚུ་བལྟ་ནི་ དེ་ལས་ བཟའ་ཚང་དང་ཆ་རོགས་ཚུ་དང་གཅིག་ཁར་ དུས་ཚོད་བྱིན་ནིའི་དོན་ལུ་ འགྲུལ་སྐྱོད་འབདཝ་ཨིན། མཚོ་འགྲམ་དང་གླིང་ག་ སྐྱིད་གནས་ དེ་ལས་ སྤྲོ་བའི་གླིང་ག་ཚུ་ དལ་ཁོམ་གྱི་ས་ཁོངས་ཡོངས་གྲགས་ཅན་ཅིག་ཨིན། '''ལམ་སྲོལ་ལྟ་བཤལ།''' འགྲུལ་པ་ཚུ་གིས་ རྒྱལ་རབས་ཀྱི་ས་ཁོངས་དང་ འགྲེམས་སྟོན་ཁང་ དུས་སྟོན་ དེ་ལས་ སྲོལ་ཁྱུན་ས་ཁོངས་ཚུ་ནང་འགྱོ་སྟེ་ མི་སྡེ་སོ་སོའི་ ལམ་སྲོལ་དང་རྒྱལ་རབས་ཚུ་གི་སྐོར་ལས་ ཤེས་ཚུགསཔ་ཨིན་པས། '''མཐོང་སྣང་ལྟ་བཤལ།''' འདི་བཟུམ་གྱི་སྤྲོ་བ་ཆེ་བའི་ལས་རིམ་ དཔེར་ན་ རྐང་འགྲོས་དང་ རི་འཛེགས་ གངས་རི་བརྒལ་ནི་ ཆུ་གཡུར་དང་ རི་དྭགས་སྲོག་ཆགས་ཚུ་ འཚོལ་ཞིབ་འབད་ནི་ཚུ་ཨིན། ཕྱི་ཁའི་ལས་རིམ་དང་ གཟུགས་ཀྱི་གདོང་ལེན་ཚུ་ལུ་ སྤྲོ་བ་སྐྱེད་མི་ཚུ་གི་ནང་འཁོད་ལུ་ མཐོང་སྣང་ལྟ་བཤལ་འདི་ ཡོངས་གྲགས་ཅན་ཅིག་ཨིན་མས། '''སྐྱེ་ལྡན་ལྟ་བཤལ།''' སྐྱེ་ལྡན་ལྟ་བཤལ་འདི་ རི་དྭགས་དང་སྲོག་ཆགས་ཚུ་ ཉམས་སྲུང་འབད་ནི་དང་ རང་བཞིན་ཐོན་སྐྱེད་ཚུ་ ཉམས་སྲུང་འབད་ནིའི་དོན་ལུ་ རང་བཞིན་གནས་སྟངས་ནང་ ལྟ་སྐོར་འབད་ནི་ལུ་ གཙོ་བོར་སྟོནམ་ཨིན། ས་གནས་ཀྱི་མི་སྡེ་ཚུ་ལུ་ཕན་ཐོགས་པའི་ཁར་ མཐའ་འཁོར་གནས་སྟངས་ལུ་ གནོད་སྐྱོན་མར་ཕབ་འབད་ཚུགས་པའི་ འགན་ཁུར་ཅན་གྱི་འགྲུལ་སྐྱོད་འབད་ནི་ལུ་ སེམས་ཤུགས་བྱིནམ་ཨིན། '''གསོ་བའི་ལྟ་བཤལ།''' མི་མང་ཤོས་ཅིག་གིས་ སྨན་བཅོས་འབད་བར་ རྒྱལ་ཁབ་གཞན་ཚུ་ནང་འགྱོ་དོ་ཡོདཔ་དང་ དེ་ཡང་ ཟད་འགྲོ་ཉུང་མི་དང་ བསྒུགས་པའི་དུས་ཚོད་ཐུང་ཀུ་ ཡང་ན་ དམིགས་བསལ་གྱི་གསོ་བའི་ཞབས་ཏོག་ལེགས་ཤོམ་ ཐོབ་མི་ལུ་བརྟེན་ཏེ་ཨིན་པས། '''ཚོང་འབྲེལ་ལྟ་བཤལ།''' ཁྱད་རིག་ཅན་ཚུ་གིས་ ཞལ་འཛོམས་དང་གྲོས་འཛོམས་ འགྲེམས་སྟོན་དང་ སྦྱོང་བརྡར་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འགྲུལ་སྐྱོད་འབདཝ་ཨིན། ཚོང་འབྲེལ་ལྟ་བཤལ་གྱིས་ མགྲོན་སྐྱོང་ལས་སྡེ་ལུ་ ཕན་ཐོགས་སྦོམ་སྦེ་ར་འབྱུང་དོ་ཡོདཔ་ཨིན། ལྟ་བཤལ་གྱི་རིགས་རེ་རེ་གིས་ ཉམས་མྱོང་མ་འདྲཝ་བྱིན་དོ་ཡོདཔ་མ་ཚད་ དཔལ་འབྱོར་གྱི་ལས་ཁུངས་སོ་སོ་ཚུ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས། === '''ལྟ་བཤལ་གྱི་ཁེ་ཕན།''' === ལྟ་བཤལ་གྱིས་ དཔལ་འབྱོར་ མི་སྡེ་ ལམ་སྲོལ་དང་མཐའ་འཁོར་གནས་སྟངས་ཀྱི་ ཁེ་ཕན་ལེ་ཤ་བྱིནམ་ཨིན། དཔལ་འབྱོར་གྱི་ཐད་ཁར་ ལྟ་བཤལ་གྱིས་ ཟ་ཁང་དང་ ཟ་ཁང་སྐྱེལ་འདྲེན་ འགྲུལ་སྐྱོད་ལས་སྡེ་ སྤྲོ་བའི་ལས་རིམ་ དེ་ལས་ ས་གནས་ཀྱི་ཚོང་འབྲེལ་ཚུ་ནང་ ལཱ་གཡོག་ས་ཡ་ལས་བཅད་དེ་ བཟོཝ་མ་ཚད་ ཁྲལ་དང་ཕྱི་དངུལ་གྱི་འོང་འབབ་བརྒྱུད་དེ་ གཞུང་ལུ་འོང་འབབ་བཟོཝ་ཨིན། ལྟ་བཤལ་གྱིས་ ལམ་དང་གནམ་གྲུ་ཐང་ མི་དམངས་སྐྱེལ་འདྲེན་ དེ་ལས་ བརྒྱུད་འབྲེལ་གྱི་ལམ་ལུགས་ཚུ་ནང་ མ་རྩ་བཙུགས་ནི་ལུ་ཡང་ སེམས་ཤུགས་བྱིནམ་ཨིན་པས། མི་སྡེའི་ཐད་ལུ་ ལྟ་བཤལ་གྱིས་ རྒྱལ་ཁབ་དང་ལམ་སྲོལ་མ་འདྲཝ་ཚུ་ནང་ལས་ མི་ཚུ་གི་བར་ན་ མཐུན་ལམ་དང་ གོ་བ་བརྡ་སྤྲོད་ཚུ་ཡར་དྲག་གཏངམ་ཨིན་པས། ལྟ་བཤལཔ་ཚུ་གིས་ ས་གནས་ཀྱི་ལམ་སྲོལ་ཚུ་གི་སྐོར་ལས་ ཤེས་པའི་སྐབས་ ས་གནས་ཀྱི་མི་སྡེ་ཚུ་གིས་ ཁོང་རའི་ལམ་སྲོལ་དང་ སྲོལ་ཁྱུན་ཚུ་ གཞན་ཚུ་ལུ་ བརྗེ་སོར་འབད་ནི་གི་གོ་སྐབས་ཐོབ་དོ་ཡོདཔ་ཨིན་པས། ལམ་སྲོལ་གྱི་ཐད་ལུ་ ལྟ་བཤལ་འདི་གིས་ རྒྱལ་རབས་ཀྱི་དྲན་རྟེན་དང་ རང་ལུགས་ཀྱི་སྒྱུ་རྩལ་ ལག་བཟོ་ སྙན་ཆ་ ཞབས་ཁྲ་ དེ་ལས་ དུས་སྟོན་ཚུ་ ཉམས་སྲུང་འབད་ནི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན། ལྟ་བཤལ་ལས་ཐོབ་མི་འོང་འབབ་འདི་གིས་ འཕྲལ་འཕྲལ་སྐབས་ ཁག་ཆེ་བའི་ལམ་སྲོལ་གྱི་ས་ཁོངས་ཚུ་ ཉམས་གསོ་དང་ རྒྱུན་སྐྱོང་འཐབ་ནི་ལུ་ རྒྱབ་སྐྱོར་འབདཝ་ཨིན། མཐའ་འཁོར་གནས་སྟངས་ཀྱི་ཐད་ལུ་ འགན་འཁྲི་ཅན་གྱི་ལྟ་བཤལ་གྱིས་ རྒྱལ་ཡོངས་གླིང་ག་དང་ རི་དྭགས་སེམས་ཅན་ ནགས་ཚལ་ དེ་ལས་ མཚོ་ཡི་སྐྱེ་ལྡན་རིམ་ལུགས་ཚུ་ ཉམས་སྲུང་འབད་ནི་ལུ་ སེམས་ཤུགས་བྱིནམ་ཨིན་པས། ཡུན་བརྟན་ལྟ་བཤལ་གྱིས་ ལྟ་བཤལཔ་དང་ ས་གནས་ཀྱི་མི་སྡེ་ཚུ་ལུ་ མཐའ་འཁོར་ཉམས་སྲུང་དང་ ཐོན་སྐྱེད་འཛིན་སྐྱོང་འགན་འཁྲི་ཅན་གྱི་སྐོར་ལས་ སྟོན་བྱིན་དོ་ཡོདཔ་ཨིན་པས། ལྟ་བཤལ་ལས་སྡེ་གིས་ ས་གནས་ཀྱི་ལག་བཟོ་དང་ ཟ་འཐུང་ཐོན་སྐྱེད་ སྐྱེལ་འདྲེན་ཞབས་ཏོག་ དེ་ལས་ ལམ་སྟོན་ལྟ་བཤལ་གྱི་ མཁོ་འདོད་བསྐྱེད་དེ་ ཚོང་འབྲེལ་ཆུང་བ་ཚུ་ལུ་ཡང་ རྒྱབ་སྐྱོར་འབདཝ་ཨིན་པས། སྤྱིར་བཏང་ལུ་ ལྟ་བཤལ་གྱིས་ འཚོ་བའི་གནས་སྟངས་ཡར་དྲག་གཏང་ནི་དང་ རྒྱལ་ཡོངས་གོང་འཕེལ་ལུ་ལྷན་ཐབས་འབདཝ་ཨིན་པས། ལྟ་བཤལ་ལས་སྡེ་གིས་ ཤེས་རིག་དང་ མི་སྒེར་གྱི་གོང་འཕེལ་ནང་ཡང་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིན་པས། འགྲུལ་སྐྱོད་འབད་མི་འདི་གིས་ མི་ཚུ་གིས་ དུས་རྒྱུན་དུ་ དཔེ་དེབ་དང་སློབ་ཁང་ནང་ལས་ ལྷབ་མ་ཚུགས་པའི་ ཤེས་ཡོན་ཚུ་ འཐོབ་ཚུགསཔ་མ་ཚད་ རྒྱལ་རབས་ཀྱི་ས་རྟགས་དང་འགྲེམས་སྟོན་ཁང་ རྒྱལ་ཡོངས་གླིང་ག་ དེ་ལས་ ལམ་སྲོལ་གྱི་སྲོལ་རྒྱུན་ས་ཁོངས་ཚུ་ནང་ ལྟ་སྐོར་འབད་མི་ཚུ་གིས་ རྒྱལ་རབས་དང་ས་ཆ་རིག་པ་ སྒྱུ་རྩལ་ ཚན་རིག་ དེ་ལས་ མི་ཚེའི་གནས་སྟངས་མ་འདྲཝ་ཚུ་གི་སྐོར་ལས་ གཏིང་ཟབ་སྦེ་ཧ་གོ་ཚུགསཔ་ཨིན། སློབ་ཕྲུག་ཚུ་གིས་ འཕྲལ་འཕྲལ་ར་ མི་ཚེ་གི་ཉམས་མྱོང་ཚུ་བརྒྱུད་དེ་ ཤེས་ཡོན་གྱི་ལྟ་བཤལ་ནང་ བཅའ་མར་གཏོགས་ཡོདཔ་དང་ ཞིབ་འཚོལ་པ་དང་ཁྱད་རིགཔ་ཚུ་གིས་ ཞལ་འཛོམས་དང་ལས་རིམ་ དེ་ལས་ སྦྱོང་བརྡར་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ཏེ་ རིག་རྩལ་དང་ཤེས་ཡོན་ཚུ་ ཡར་དྲག་གཏང་ནི་ལུ་ཕན་ཐོགས་འབྱུང་དོ་ཡོདཔ་ཨིན་པས། ལྟ་བཤལ་འདི་གིས་ མི་ངོ་རྐྱང་ཚུ་ རང་དབང་ཅན་དང་མཐུན་སྒྲིག་འབད་ཚུགས་མི་ དེ་ལས་ བློ་གཏད་ཅན་སྦེ་འགྱོ་བཅུག་སྟེ་ མི་ངོ་རྐྱང་གི་ཡར་རྒྱས་ལུ་ སེམས་ཤུགས་བྱིནམ་ཨིན། ལམ་སྲོལ་མ་འདྲཝ་ཚུ་དང་ ཕྱད་མི་འདི་གིས་ མཐོང་ཚུལ་རྒྱ་སྐྱེད་གཏང་ནི་དང་ བརྒྱུད་འབྲེལ་གྱི་རིག་རྩལ་ཚུ་ ཡར་དྲག་བཏང་ནི་ དེ་ལས་ མི་རིགས་མ་འདྲཝ་ལུ་ བཟོད་བསྲན་དང་གུས་ཞབས་ཚུ་ བསྐྱེད་བཅུགཔ་ཨིན། འགྲུལ་པ་ཚུ་གིས་ འཕྲལ་འཕྲལ་ར་ རང་སོའི་ལམ་སྲོལ་དང་གཞན་གྱི་ལམ་སྲོལ་གཉིས་ཆ་ར་ལུ་ དགའ་ཚོར་སྦོམ་སྦེ་ར་བསྐྱེད་དེ་ ཁྱིམ་ནང་ལོག་འགྱོ་དོ་ཡོདཔ་ཨིན་པས། ད་རེས་ནངས་པའི་ཕན་ཚུན་འབྲེལ་བ་ཅན་གྱི་འཛམ་གླིང་ནང་ ལྟ་བཤལ་འདི་ མི་ཚེ་གཅིག་གི་ལྷབ་སྦྱང་དང་ འཛམ་གླིང་ནང་ རྒྱལ་ཁབ་དང་རྒྱབ་ཁུངས་སོ་སོ་ཨིན་མི་ མི་ཚུ་གི་བར་ན་ ཕན་ཚུན་ཧ་གོ་ཐངས་ཚུ་ཡར་དྲག་གཏང་ནི་ལུ་ ཁག་ཆེ་བའི་ ཟམ་ཅིག་སྦེ་ལཱ་འབད་དོ་ཡོདཔ་ཨིན། === '''ལྟ་བཤལ་ལུ་གདོང་ལེན།''' === ལྟ་བཤལ་ལུ་ ཁེ་ཕན་ལེ་ཤ་ཡོད་རུང་ གདོང་ལེན་ཡང་ལེ་ཤ་ཅིག་ར་འབྱུང་དོ་ཡོདཔ་ཨིན། གནད་དོན་གཙོ་བོ་གཅིག་འདི་ མཐའ་འཁོར་བཙོག་པ་བཟོ་ནི་འདི་ཨིན། ལྟ་བཤལཔ་མང་ཤོས་ཅིག་གིས་ ཕྱགས་སྙིགས་ག་ལྷོད་བཀོ་ནི་དང་ སྐྱེ་ལྡན་རིམ་ལུགས་ལུ་གནོད་སྐྱོན་རྐྱབ་ནི་ དེ་ལས་ རླུང་དང་ཆུ་བཙོག་པ་ཡར་སེང་འགྱོ་ནི་ཚུ་ཨིན་པས། ལྟ་བཤལཔ་ཚུ་གི་དོན་ལུ་ ཡོངས་གྲགས་ཅན་གྱི་ས་གནས་ཚུ་ནང་ མི་ལེ་ཤ་འཛོམས་མི་ལུ་བརྟེན་ ས་གནས་ཀྱི་གཞི་རྟེན་མཐུན་རྐྱེན་དང་ རང་བཞིན་ཐོན་སྐྱེད་ཚུ་ལུ་ གནོན་ཤུགས་བྱིན་དོ་ཡོདཔ་ཨིན་པས། གདོང་ལེན་གཞན་མི་འདི་ ལམ་སྲོལ་གྱི་ངོ་རྟགས་མེདཔ་འགྱོ་མི་འདི་ཨིན། ས་གནས་ལ་ལུ་ཅིག་ནང་ ལྟ་བཤལཔ་ཚུ་གི་རེ་བ་ཚུ་གྲུབ་ཐབས་ལུ་ རང་ལུགས་ཀྱི་ལམ་སྲོལ་དང་ མི་ཚེའི་གནས་སྟངས་ཚུ་བསྒྱུར་བཅོས་འགྱོ་འོང་། ཚོང་འབྲེལ་ཚད་ལས་བརྒལ་མི་འདི་གིས་ ས་གནས་ཀྱི་ལམ་སྲོལ་གྱི་བདེན་ཁུངས་འདི་ མར་ཕབ་འབད་བ་གི་མ་ཚད་ ཡོངས་གྲགས་ཅན་གྱི་ས་གནས་ཚུ་ནང་ མི་ཚེའི་གནས་སྟངས་ཡང་ ཡར་སེང་འབད་དེ་ དེ་གིས་ སྡོད་ཁྱིམ་གྱི་གོང་ཚད་དང་ བཟའ་འཐུང་གི་འགྲོ་སོང་ དེ་ལས་ སྐྱེལ་འདྲེན་གྱི་འགྲོ་སོང་ཚུ་ཡང་ ཡར་སེང་འགྱོ་སྟེ་ ས་གནས་ཀྱི་མི་ཚུ་གི་མི་ཚེ་འདི་ ལཱ་ཁག་གཏང་དོ་ཡོདཔ་ཨིན། དུས་ཚོད་ཀྱི་ལྟ་བཤལ་གྱིས་ གནས་སྐབས་ཅིག་གི་དོན་ལུ་ ལཱ་གཡོག་བཟོཝ་ལས་ ལཱ་འབད་མི་ཚུ་ལུ་ འོང་འབབ་བརྟན་ཏོག་ཏོ་མེདཔ་ཨིན་པས། དེ་མ་ཚད་ རང་བཞིན་གྱི་རྐྱེན་ངན་དང་ སྲིད་དོན་བརྟན་ཏོག་ཏོ་མེད་མི་ གསོ་བའི་དཀའ་ངལ་ དེ་ལས་ འཛམ་གླིང་དཔལ་འབྱོར་མར་ཉམས་འགྱོ་མི་ལུ་བརྟེན་ ལྟ་བཤལཔ་འོང་མིའི་གྱངས་ཁ་ གནམ་མེད་ས་མེད་མར་ཕབ་འགྱོ་དོ་ཡོདཔ་ཨིན་པས། གདོང་ལེན་འདི་ཚུ་སེལ་ཐབས་ལུ་ གཞུང་དང་ཚོང་འབྲེལ་ དེ་ལས་ འགྲུལ་པ་ཚུ་གིས་ མཉམ་འབྲེལ་གྱི་ཐོག་ལས་ མཐའ་འཁོར་སྲུང་སྐྱོབ་དང་ ས་གནས་ཀྱི་མི་སྡེ་ཚུ་ལུ་ གུས་ཞབས་འབད་ཚུགས་པའི་ཡུན་བརྟན་ལྟ་བཤལ་གྱི་ ལམ་ལུགས་ཚུ་ ཡར་དྲག་གཏང་དགོཔ་ཨིན་པས། === '''མཇུག༌བསྡུ།''' === ལྟ་བཤལ་འདི་ དཔལ་འབྱོར་གོང་འཕེལ་དང་ལམ་སྲོལ་བརྗེ་སོར་ དེ་ལས་ མཐའ་འཁོར་གནས་སྟངས་ཀྱི་ གོ་བ་བརྡ་སྤྲོད་འབད་ནི་ལུ་ ཕན་ཐོགས་པའི་ འཛམ་གླིང་ནང་གི་བཟོ་གྲྭ་ཁག་ཆེ་ཤོས་ཅིག་ཨིན། ལཱ་གཡོག་གི་གོ་སྐབས་བཟོ་སྟེ་ ཚོང་འབྲེལ་ལུ་རྒྱབ་སྐྱོར་འབད་ནི་དང་ ལམ་སྲོལ་གྱི་སྲོལ་རྒྱུན་ཚུ་ ཉམས་སྲུང་འབད་དེ་ རྒྱལ་སྤྱིའི་མཐུན་ལམ་ལུ་ སེམས་ཤུགས་བྱིནམ་ཨིན་པས། དེ་དང་གཅིག་ཁར་ མཐའ་འཁོར་གནས་སྟངས་ལུ་ གནོད་སྐྱོན་དང་མི་དམངས་འཛོམ་ནི་ དེ་ལས་ ལམ་སྲོལ་གྱི་གྱོང་རྒུད་ཚུ་ མར་ཕབ་འབད་ཐབས་ལུ་ ལྟ་བཤལ་འདི་ འགན་ཁུར་ཅན་སྦེ་ འཛིན་སྐྱོང་འཐབ་དགོཔ་ཨིན། མ་འོངས་པའི་མི་རབས་ཚུ་གིས་ འཛམ་གླིང་གི་ རང་བཞིན་གྱི་མཛེས་ཆ་དང་ལམ་སྲོལ་སྣ་ཚོགས་ཚུ་ལུ་ འཕྲོ་མཐུད་དེ་ར་སྤྲོ་བ་བསྐྱེད་ཚུགས་ནི་དོན་ལུ་ལྟ་བཤལ་ཡུན་བརྟན་དེ་ ཁག་ཆེ་ཏོག་ཏོ་ཅིག་ཨིན། ལྟ་སྐོརཔ་ཚུ་གིས་ ས་གནས་ཀྱི་ལམ་སྲོལ་ལུ་ གུས་ཞབས་འབད་ནི་དང་ ཕྱགས་སྙིགས་མར་ཕབ་འབད་ནི་ ཐོན་སྐྱེད་ཚུ་ཉམས་སྲུང་འབད་ནི་ དེ་ལས་ འབད་ཚུགས་ཚུགསཔ་ཅིག་ ས་གནས་ཀྱི་ཚོང་འབྲེལ་ཚུ་ལུ་ རྒྱབ་སྐྱོར་འབད་དགོཔ་ཨིན་པས། གཞུང་ཚུ་གིས་ ལྟ་བཤལ་གོང་འཕེལ་དང་ མཐའ་འཁོར་ཉམས་སྲུང་དང་ མི་སྡེའི་མཐའ་དོན་ལུ་ འདྲ་མཉམ་བཟོ་ནི་གི་སྲིད་བྱུས་ཚུ་ བརྩམ་དགོཔ་ཨིན་པས། ཚོང་འབྲེལ་ལས་སྡེ་ཚུ་གིས་ མཐའ་འཁོར་གནས་སྟངས་དང་མཐུན་པའི་ལམ་ལུགས་ཚུ་ ལག་ལེན་འཐབ་སྟེ་ ལྟ་བཤལཔ་དང་ མི་སེར་གཉིས་ཆ་ར་ལུ་ ཕན་ཐོགས་པའི་སྤུས་ཚད་ཅན་གྱི་ཞབས་ཏོག་ཚུ་ བྱིན་དགོཔ་ཨིན་པས། མཐའ་མཇུག་ལུ་ ལྟ་བཤལ་འདི་ དགའ་སྤྲོའི་དོན་ལུ་འགྲུལ་སྐྱོད་འབད་ནི་ལས་ལྷག་སྟེ་ཡོདཔ་ཨིན། མི་ཚུ་འབྲེལ་བ་འཐབ་སྟེ་ དཔལ་འབྱོར་སྒྲིང་སྒྲི་བཟོ་ནི་ ལམ་སྲོལ་གྱི་གོ་རྟོགས་ཡར་དྲག་གཏང་ནི་ དེ་ལས་ ང་བཅས་རའི་འཛམ་གླིང་འདི་ ཉམས་སྲུང་འབད་ནི་ལུ་ སེམས་ཤུགས་བྱིན་མི་སྟོབས་ཤུགས་ཅན་ཅིག་ཨིན། ལྟ་བཤལ་འདི་ འགན་ཁུར་ཅན་སྦེ་ལག་ལེན་འཐབ་པའི་སྐབས་ འཛམ་གླིང་ནང་མི་ངོ་དང་མི་སྡེ་ དེ་ལས་ རྒྱལ་ཁབ་ཚུ་ལུ་ ཡུན་བརྟན་གྱི་ཁེ་ཕན་བཟོ་ཚུགསཔ་ཨིན། [[Category:ལྟ་བཤལ།]] d6aihd0t085i2c4laf98e6406byngng འཕྲུལ་རིག་གི་ངོ་སྤྲོད། 0 9190 40099 2026-08-18T11:10:33Z Kheng Singye Dorji (KSD) 9274 Created page with "འཕྲུལ་རིག་ཟེར་མི་འདི་ དཀའ་ངལ་སེལ་ཐབས་དང་ ལཱ་གི་ནུས་ཤུགས་ཡར་དྲག་གཏང་ནི། མི་གི་དགོས་མཁོ་ཚུ་འགྲུབ་ནིའི་དོན་ལུ་ ཚན་རིག་གི་ཤེས་ཡོན་དང་། རིག་རྩལ། ལག་ཆ། ཐབས་ཤེས་དང་ལམ་ལུག..." 40099 wikitext text/x-wiki འཕྲུལ་རིག་ཟེར་མི་འདི་ དཀའ་ངལ་སེལ་ཐབས་དང་ ལཱ་གི་ནུས་ཤུགས་ཡར་དྲག་གཏང་ནི། མི་གི་དགོས་མཁོ་ཚུ་འགྲུབ་ནིའི་དོན་ལུ་ ཚན་རིག་གི་ཤེས་ཡོན་དང་། རིག་རྩལ། ལག་ཆ། ཐབས་ཤེས་དང་ལམ་ལུགས་ཚུ་ ལག་ལེན་འཐབ་མི་ལུ་སླབ་ཨིན། འདི་ནང་ འཁོར་ལོ་བཟུམ་མའི་སྟབས་བདེ་བའི་ལག་ཆ་ལས་བཟུང་སྟེ་ མི་བཟོས་རིག་རྩལ་ བོལོག་ཅེན། རོ་བོ་ཊིགསི། སྤྲིན་མཛོད་ རྩིས་རིག་དང་ གློག་རིག་བརྒྱུད་འབྲེལ་གྱི་ལམ་ལུགས་ཚུ་ཚུད་དེ་ཡོདཔ་ཨིན། དེང་སང་ མི་སྡེ་ནང་འཕྲུལ་རིག་གིས་ མི་ཚུ་གི་འཚོ་བ་སྐྱོང་ཐངས་དང་། ལཱ་འབད་ཐངས། བརྒྱུད་འབྲེལ་འཐབ་ཐངས། ཤེས་ཡོན་ལྷབ་སྦྱང་། དེ་བཟུམ་སྦེ་ ཚོང་འབྲེལ་འཐབ་ཐངས་ཚུ་ བསྒྱུར་བཅོས་འབད་ནི་ལུ་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ཡོདཔ་ཨིན། འདི་གིས་དཔལ་འབྱོར་གོང་འཕེལ་དང་ མི་སྡེ་གོང་འཕེལ། དེ་ལས་ རྒྱལ་ཁབ་ཀྱི་འགྲན་བསྡུར་ནུས་ཤུགས་ཡར་དྲག་གཏང་ནི་ལུ་ མེད་ཐབས་མེད་པའི་རྒྱུ་རྐྱེན་ཅིག་ཨིན། == འཕྲུལ་རིག་གི་གལ་གནད། == '''ཀ། དཔལ་འབྱོར་གོང་འཕེལ།''' འཕྲུལ་རིག་གིས་ སོ་ནམ་བཟོ་སྐྲུན། བཟོ་གྲྭ་འཕྲུལ་ཁང་། ལྟ་བཤལ། དངུལ་ཁང་། ཚོང་འབྲེལ་ཚུ་གི་ནང་ལས་ཕར་ ཐོན་ཤུགས་དང་འཇོན་ཐང་ཡར་དྲག་གཏངམ་ཨིན། ཚོང་ལས་ཚུ་གིས་ ཟད་འགྲོ་མར་ཕབ་འབད་ཐོག་ལས་ སྤུས་ཚད་ཅན་གྱི་ཅ་ཆས་དང་ཞབས་ཏོག་ཚུ་ མང་སུ་སྦེ་བཏོན་ཚུགས། དེ་མ་ཚད་ ཌི་ཇི་ཊཱལ་འཕྲུལ་རིག་ཚུ་གིས་ ལཱ་གཡོག་གི་གོ་སྐབས་གསརཔ་བཟོ་སྟེ་ ཚོང་འབྲེལ་ལུ་ཡང་རྒྱབ་སྐྱོར་འབདཝ་ཨིན་པས། '''ཁ། བརྒྱུད་འབྲེལ་གནས་སྟངས་ཡར་དྲག།''' འགྲུལ་འཕྲིན་དང་གློག་རིག་ཡོངས་འབྲེལ་ མི་སྡེ་བརྡ་བརྒྱུད་ཚུ་གིས་ འབྲེལ་བ་འཐབ་ནི་འདི་མགྱོགས་དྲགས་དང་ སྟབས་བདེ་ཏོག་ཏོ་བཟོ་ཡོདཔ་ལས་ ས་ཐག་རིང་ཐུང་ལུ་མ་བལྟ་བར་ འདི་འཕྲོ་ལས་འབྲེལ་བ་འཐབ་ཚུགསཔ་བཟོ་ཡོདཔ་ཨིན། '''ག། ཤེས་ཡོན་གནས་ཚད་ཡར་རྒྱས།''' ཡོངས་འབྲེལ་ཐོག་ལས་ ལྷབ་སྦྱང་འབད་ནིའི་ལམ་ལུགས་དང་། གློག་རིག་དཔེ་མཛོད་ཚུ་གིས་ སློབ་ཕྲུག་ཚུ་གིས་ ལྷབ་སྦྱང་གི་མཐུན་རྐྱེན་ཚུ་ནམ་འབད་རུང་ ག་ཏེ་ལས་འབད་རུང་ ལག་ལེན་འཐབ་ཚུགསཔ་སྦེ་བཟོ་ཡོདཔ་ཨིན། '''ང་། གསོ་བའི་ཞབས་ཏོག་ཡར་དྲག།''' སྨན་བཅོས་འཕྲུལ་ཆས་ཚུ་གིས་ ནད་གཞི་ཚུ་གསལ་ཏོག་ཏོ་སྦེ་ངོས་ཛིན་འབད་ཚུགསཔ་མ་ཚད་ རྒྱང་རིང་གསོ་བའི་ཞབས་ཏོག་གིས་ མཐའ་ཟུར་གྱི་མི་སེར་ཚུ་ཐག་རིང་ས་ལུ་འགྱོ་མ་དགོ་པར་ མཁས་མཆོག་ཚུ་དང་གཅིག་ཁར་ བསྟུན་གྲོས་འབད་ཚུགསཔ་བཟོ་ཡོདཔ་ཨིན། '''ཅ། འཛིན་སྐྱོང་ནུས་པ་ཅན།''' གཞུང་གིས་ གློག་ཐོག་འཛིན་སྐྱོང་དང་ གློག་ཐོག་སྐྱེལ་སྤྲོད་ལམ་ལུགས་ཚུ་ལག་ལེན་འཐབ་ཐོག་ལས་ མི་དམངས་ཞབས་ཏོག་ཚུ་དྭངས་གསལ་དང་ སྟབས་བདེ་ཏོག་ཏོ་སྦེ་བྱིན་ཚུགསཔ་བཟོ་ཡོདཔ་ཨིན། '''ཆ། སོ་ནམ་ཡར་རྒྱས།''' ཆུ་གཡུར་བཏོན་ནིའི་འཕྲུལ་ཆས་དང་། གནམ་གཤིས་ལྟ་རྟོག་ལག་ཆ་རྒྱང་འཛིན་འཕུར་འཕྲུལ་ཚུ་གིས་ སོ་ནམ་པ་ཚུ་གི་ཐོན་སྐྱེད་ཡར་དྲག་དང་ ཞིང་སྟོང་མར་ཕབ་འབད་ནི་ལུ་ཕན་ཐོགས་ཡོདཔ་ཨིན། '''ཇ། རྒྱལ་ཁབ་གོང་འཕེལ།''' འཕྲུལ་རིག་གིས་གསར་གཏོད་དང་ཉམས་ཞིབ་ གཞི་རྟེན་མཐུན་རྐྱེན་ཡར་རྒྱས་གཏང་ནི་ལུ་གྲོགས་རམ་འབད་དོ་ཡོདཔ་ལས་ འཛམ་གླིང་ནང་རྒྱལ་ཁབ་ཚུ་དང་འགྲན་བསྡུར་འབད་ནིའི་ནུས་པ་ཡར་དྲག་འགྱོཝ་ཨིན། '''༣. འབྲུག་གི་འཕྲུལ་རིག་གི་ད་ལྟོའི་གནས་ཚད་དང་བྱ་བ།''' '''༣.༡ འབྲུག་གི་རྒྱལ་ཡོངས་གློག་ཐོག་ངོ་རྟགས་རྒྱ་སྐྱེད།''' འབྲུག་རྒྱལ་ཁབ་ཀྱིས་ རྒྱལ་ཡོངས་གློག་ཐོག་ངོ་རྟགས་ལམ་ལུགས་གཞི་བཙུགས་འབད་དེ་ མི་སེར་ཚུ་གིས་ གཞུང་དང་སྒེར་གྱི་ཞབས་ཏོག་ཚུ་ གློག་ཐོག་ལས་ཉེན་སྲུང་དང་ལྡན་པའི་སྒོ་ལས་ ལག་ལེན་འཐབ་བཅུགཔ་ཨིན། འབྲུག་རྒྱལ་ཁབ་འདི་ གུས་ཞབས་ཀྱི་ཐོག་ལས་ ངོ་རྟགས་སྒྲིང་སྒྲི་བཟོ་ནི་ལུ་ འཛམ་གླིང་ནང་ དཔེ་སྟོན་བཟང་པོ་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན། '''གལ་གནད།''' ·           མི་དམངས་ཞབས་ཏོག་ཚུ་ འཇམ་ཏོང་ཏོ་སྦེ་འཐོབ་ཚུགས་ནི། ·           གློག་ལམ་ཉེན་སྲུང་དང་ ངོ་རྟགས་བདེན་དཔྱད་ཡར་དྲག་བཟོ་ནི། ·           ཡིག་ཆའི་ལཱ་དང་ འཛིན་སྐྱོང་ཟད་འགྲོ་མར་ཕབ་འབད་ནི། ·           མི་སེར་ག་ར་ལུ་ གློག་ཐོག་ཞབས་ཏོག་ཚུ་འཐོབ་ཚུགསཔ་བཟོ་ནི། '''༣.༢ འབྲུག་རྒྱལ་ཁབ་འདི་ ལོ་ ༥ ནང་ འཛམ་གླིང་གི་རྒྱལ་ཁབ་ ༥༠ གི་ གློག་ཐོག་མི་དམངས་གཞི་རྟེན་མཐུན་རྐྱེན་ལས་རིམ་ནང་འཛུལ་ཞུགས་འབད་ནི།''' སྤྱི་ལོ་ ༢༠༢༦ ལུ་ འབྲུག་རྒྱལ་ཁབ་ཀྱིས་ ལོ་ ༥ གི་ནང་འཁོད་ རྒྱལ་ཁབ་ ༥༠ གི་ ལས་རིམ་ནང་འཛུལ་ཞུགས་འབད་དེ་ རྒྱལ་ཁབ་ནང་ཉེན་སྲུང་ལྡན་པའི་ གློག་ཐོག་མི་དམངས་གཞི་རྟེན་ཡར་རྒྱས་གཏང་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན། འདི་གིས་ གཞུང་གི་ཞབས་ཏོག་དང་ གློག་ཐོག་དངུལ་སྤྲོད་ དེ་བཟུམ་སྦེ་ ངོ་རྟགས་འཛིན་སྐྱོང་ཚུ་ལུ་ཕན་ཐོགས་ཚུགསཔ་ཨིན། '''གལ་གནད།''' ·           འབྲུག་གི་གློག་ཐོག་བསྒྱུར་བཅོས་ཀྱི་ལཱ་ཚུ་ མགྱོགས་སུ་གཏང་ནི། ·           མི་དམངས་ཞབས་ཏོག་གི་ སྤུས་ཚད་དང་ནུས་པ་ཡར་དྲག་གཏང་ནི། ·           དེང་སང་དཔལ་འབྱོར་དང་ གསར་གཏོད་ལུ་རྒྱབ་སྐྱོར་འབད་ནི། '''༣.༣ རྒྱལ་ཡོངས་འཕྲུལ་རིག་ཞལ་འཛོམས་དང་ བཅོས་མ་རིག་རྩལ་ལུ་གཙོ་བོར་བཟུང་བ།''' འབྲུག་ལུ་ རྒྱལ་ཡོངས་འཕྲུལ་རིག་ཞལ་འཛོམས་དང་འགྲེམས་སྟོན་འདི་ ༢༠༢༦ ལུ་འགོ་འདྲེན་འཐབ་ཡོདཔ་དང་། འདི་ནང་གཞུང་གི་ལས་སྡེ་དང་། ཤེས་ཡོན་གཙུག་ལག་ལས་སྡེ། ཚོང་ལས་ཚུ་གིས་ གློག་རིག་འཕྲུལ་རིག་གསརཔ་ཚུ་གི་སྐོར་ལས་གསུང་གྲོས་གནང་ཡོདཔ་མ་ཚད་ བཅོས་མ་རིག་རྩལ་འདི་ རྒྱལ་ཁབ་གོང་འཕེལ་ནང་ག་དེ་སྦེ་ལག་ལེན་འཐབ་ནི་ཨིན་ན་གི་སྐོར་ལས་ ལཱ་འབད་སའི་ས་གོ་ཚུ་ནང་འགོ་འདྲེན་འཐབ་སྟེ་ཡོད། '''གལ་གནད།''' ·           གསར་གཏོད་དང་ ཚོང་ལས་འགོ་བཙུགས་ནི་ལུ་ སྐུལ་མ་འབད་ནི། ·           ན་གཞོན་ཚུ་ འཕྲུལ་རིག་ལས་སྡེ་ནང་བཅའ་མར་གཏོགས་བཅུག་ནི། ·           ཤེས་ཡོན་ཐོག་ལས་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ རྒྱབ་སྐྱོར་འབད་ནི། '''༤. འབྲུག་ལུ་འཕྲུལ་རིག་གི་དཀའ་ངལ།''' འབྲུག་རྒྱལ་ཁབ་ནང་ འཕྲུལ་རིག་འདི་ཡར་རྒྱས་འགྱོ་དོ་ཡོད་རུང་ འབྲུག་ལུ་འཕྲུལ་རིག་དང་འབྲེལ་བའི་ དཀའ་ངལ་ལེ་ཤ་ཅིག་ར་འཐོན་དོ་ཡོདཔ་ཨིན། '''ཀ། གློག་ལམ་ཁྱད་པར།''' ས་གནས་མཐའ་ཟུར་ཚུ་ནང་ གློག་རིག་ཡོངས་འབྲེལ་་དང་ གློག་རིག་གཞི་རྟེན་མཐུན་རྐྱེན་ལེགས་ཤོམ་མེདཔ་ལས་ གྲོང་གསེབ་ཀྱི་མི་སེར་ཚུ་ལུ་ ཤེས་ཡོན་དང་གཞུང་གི་ཞབས་ཏོག་འཐོབ་ནི་ལུ་ ཁྱད་པར་འཐོན་དོ་ཡོདཔ་ཨིན། ཕོག་ཐེངས། གྲོང་གསེབ་ཀྱི་མི་སེར་ཚུ་ལུ་ གོ་སྐབས་ཉུང་སུ་སྦེ་འཐོབ་ནི་དང་། ཤེས་ཡོན་འདྲ་མཉམ་འཐོབ་མ་ཚུགས་པར་ཡོདཔ་ཨིན། '''ཁ། གློག་ལམ་ཉེན་ཁ།''' ཞབས་ཏོག་ཚུ་གློག་ཐོག་ལུ་འགྱུར་བའི་བསྒང་ལས་ རྐུ་སྤྱོད་དང་ཕི་ཤིང་། དེ་བཟུམ་སྦེ་ ངོ་རྟགས་དང་གནས་སྡུད་བརྐུ་ནིའི་ཉེན་ཁ་ཚུ་ ཡར་འཕར་འགྱོ་དོ་ཡོདཔ་ཨིན། ཕོག་ཐེངས། རང་དབང་གི་གནས་ཚུལ་ཚུ་ལུ་ ཉེན་ཁ་འཐོན་ནི་དང་། གཞུང་དང་ཚོང་ལས་ཀྱི་ལཱ་ཚུ་ལུ་ བར་ཆད་རྐྱབ་ཨིན། '''ག། འཕྲུལ་རིག་མཁས་མཆོག་མ་ལངས་པའི་དཀའ་ངལ།''' འབྲུག་ལུ་ མཉེན་ཆས་བཟོ་མི་དང་། གློག་ལམ་ཉེན་སྲུང་མཁས་པ། བཅོས་མ་རིག་རྩལ་གྱི་མཁས་མཆོག་ཚུ་ རྒྱལ་ཁབ་ནང་བཞག་ནི་ལུ་ དཀའ་ངལ་ཡོདཔ་ཨིན། ཕོག་ཐེངས། ཕྱི་རྒྱལ་ཁབ་ཀྱི་མཁས་པ་ཚུ་ལུ་བརྟེན་དགོཔ་འཐོན་ནི་དང་། ནང་འཁོད་ཀྱི་གསར་གཏོད་ལཱ་ཚུ་ལུ་ ཉེན་ཁ་འཇམ་ཏོང་ཏོ་སྦེ་འབྱུང་སྲིད་ནི་ཨིན། '''ང། གཞི་རྟེན་མཐུན་རྐྱེན་གྱི་ཟད་འགྲོ་མཐོ་བ།''' གློག་རིག་ཡོངས་འབྲེལ་གྱི་དྲ་བ་དང་ གནས་སྡུད་ལྟེ་བ་ཚུ་བཟོ་ནི་དང་འཛིན་སྐྱོང་འབད་ནི་ལུ་ མ་རྩ་གཞི་བཙུགས་སྦོམ་དགོཔ་ཨིན། ཕོག་ཐེངས། གཞུང་གི་ལས་འཆར་ཚུ་ལུ་ དངུལ་འབྲེལ་གྱི་དཀའ་ངལ་འཐོན་ནི་དང་། ཞབས་ཏོག་རྒྱ་སྐྱེད་གཏང་ནི་ལུ་ དུས་ཡུན་འགོརཝ་ཨིན། '''ཅ། གློག་རིག་ཤེས་ཡོན་གྱི་གནོད་པ་སྦོམ།''' མི་སེར་རྒན་ཤོས་ཚུ་དང་ གྲོང་གསེབ་ཀྱི་མི་སེར་ཚུ་ལུ་ འཕྲུལ་རིག་ལག་ལེན་འཐབ་ནི་གི་ རིག་རྩལ་མ་ལངས་པའི་དཀའ་ངལ་ཡོད། ཕོག་ཐེངས། གློག་ཐོག་ཞབས་ཏོག་ལག་ལེན་འཐབ་མི་མར་འབབ་འགྱོ་ནི་དང་། ཡོངས་འབྲེལ་ཐོག་ལས་ མགུ་སྐོར་ནང་ཚུད་ནི་གི་ཉེན་ཁ་སྦོམ་ཡོདཔ་ཨིན། '''ཆ། མི་སྡེ་བརྡ་བརྒྱུད་དང་གནས་ཚུལ་རྫུན་མ།''' མི་དམངས་ཀྱིས་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་མི་ མང་སུ་སྦེ་འགྱོཝ་དང་གཅིག་ཁར་ བདེན་པ་མེད་པའི་གནས་ཚུལ་རྫུན་མ་དང་ ཡོངས་འབྲེལ་ཐོག་ལས་གནོད་འཚེ་བཀལ་ནི་ཚུ་  ཡར་སེང་འགྱོ་དོ་ཡོདཔ་ཨིན། ཕོག་ཐེངས། མི་དམངས་ལུ་མགོ་འཐོམ་བཅུག་ནི་དང་། མི་སྡེ་ནང་མ་འགྲིགསཔ་བཟོ་ནི་གི་ཉེན་ཁ་ཚུ་ཡང་ཡོདཔ་ཨིན། '''ཇ། དེང་སང་ཡར་རྒྱས་དང་ ལམ་སྲོལ་ཉམས་སྲུང་གཉིས་ཆ་སྙོམས་བཟོ་ནི།''' འབྲུག་རྒྱལ་ཁབ་ཀྱིས་ ལམ་སྲོལ་ཉམས་སྲུང་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ གཙོ་བོར་གཟུངམ་ཨིན། འཕྲུལ་རིག་མགྱོགས་དྲགས་སྦེ་ཡར་རྒྱས་འགྱོ་མི་གིས་ ལམ་ལུགས་ལེགས་ཤོམ་སྦེ་ མ་བཟོ་བ་ཅིན་ ང་བཅས་ཀྱི་སྔར་སྲོལ་བཟང་པོ་ཚུ་ལུ་ གནོད་ནི་གི་ཉེན་ཁ་ཡོདཔ་ཨིན། ཕོག་ཐེངས། སྔར་སྲོལ་ལམ་ལུགས་ཚུ་ ཉམས་འགྱོ་ནིའི་ཉེན་ཁ་དང་། མ་འགྲིགས་པའི་བརྡ་དོན་ཚུ་ལུ་ གདོང་ལེན་འབད་དགོཔ་ཡང་འཐོན་ནི་ཨིན། '''༥. མཇུག་བསྡུ།''' འཕྲུལ་རིག་འདི་ དཔལ་འབྱོར་གོང་འཕེལ་དང་ འཛིན་སྐྱོང་ཡར་དྲག། ཤེས་ཡོན་དང་གསོ་བའི་ཞབས་ཏོག་ཡར་རྒྱས་གཏང་ནི་གི་དོན་ལུ་ ཁག་ཆེ་བའི་ལག་ཆ་བཟུམ་ཅིག་ཨིན། འབྲུག་རྒྱལ་ཁབ་ཀྱིས་ རྒྱལ་ཡོངས་གློག་ཐོག་ངོ་རྟགས་དང་ གློག་ཐོག་མི་དམངས་གཞི་རྟེན། དེ་བཟུམ་སྦེ་ བཅོས་མ་རིག་རྩལ་ཚུ་གི་ཐོག་ལས་ ཡར་རྒྱས་སྦོམ་བཟོ་ཡོདཔ་ཨིན། དེ་འབད་རུང་ གློག་ལམ་ཁྱད་པར་དང་ཉེན་སྲུང་གི་ཉེན་ཁ། ཤེས་ཡོན་གྱི་ཁྱད་པར་ཚུ་སེལ་ཐབས་འབད་དེ་ འཕྲུལ་རིག་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དང་མཐུནམ་སྦེ་ལག་ལེན་འཐབ་པ་ཅིན་ འབྲུག་རྒྱལ་ཁབ་འདི་ རྒྱུན་བརྟན་དང་གསར་གཏོད་ཅན་གྱི་མ་འོངས་པའི་ནང་ གློག་རིག་སྟོབས་ཅན་ཅིག་བཟོ་ཚུགས་ནི་ཨིན་པས། 5qhtsvb25ne57vo3swo5okpru9r97td 40100 40099 2026-08-18T11:18:00Z Kheng Singye Dorji (KSD) 9274 40100 wikitext text/x-wiki འཕྲུལ་རིག་ཟེར་མི་འདི་ དཀའ་ངལ་སེལ་ཐབས་དང་ ལཱ་གི་ནུས་ཤུགས་ཡར་དྲག་གཏང་ནི། མི་གི་དགོས་མཁོ་ཚུ་འགྲུབ་ནིའི་དོན་ལུ་ ཚན་རིག་གི་ཤེས་ཡོན་དང་། རིག་རྩལ། ལག་ཆ། ཐབས་ཤེས་དང་ལམ་ལུགས་ཚུ་ ལག་ལེན་འཐབ་མི་ལུ་སླབ་ཨིན། འདི་ནང་ འཁོར་ལོ་བཟུམ་མའི་སྟབས་བདེ་བའི་ལག་ཆ་ལས་བཟུང་སྟེ་ མི་བཟོས་རིག་རྩལ་ བོལོག་ཅེན། རོ་བོ་ཊིགསི། སྤྲིན་མཛོད་ རྩིས་རིག་དང་ གློག་རིག་བརྒྱུད་འབྲེལ་གྱི་ལམ་ལུགས་ཚུ་ཚུད་དེ་ཡོདཔ་ཨིན། དེང་སང་ མི་སྡེ་ནང་འཕྲུལ་རིག་གིས་ མི་ཚུ་གི་འཚོ་བ་སྐྱོང་ཐངས་དང་། ལཱ་འབད་ཐངས། བརྒྱུད་འབྲེལ་འཐབ་ཐངས། ཤེས་ཡོན་ལྷབ་སྦྱང་། དེ་བཟུམ་སྦེ་ ཚོང་འབྲེལ་འཐབ་ཐངས་ཚུ་ བསྒྱུར་བཅོས་འབད་ནི་ལུ་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ཡོདཔ་ཨིན། འདི་གིས་དཔལ་འབྱོར་གོང་འཕེལ་དང་ མི་སྡེ་གོང་འཕེལ། དེ་ལས་ རྒྱལ་ཁབ་ཀྱི་འགྲན་བསྡུར་ནུས་ཤུགས་ཡར་དྲག་གཏང་ནི་ལུ་ མེད་ཐབས་མེད་པའི་རྒྱུ་རྐྱེན་ཅིག་ཨིན། == འཕྲུལ་རིག་གི་གལ་གནད།<ref>[[འབྲུག་གཞུང་འཕྲུལ་རིག་ལས་སྡེ། Ι GovTech Agency]]</ref> == '''ཀ། དཔལ་འབྱོར་གོང་འཕེལ།''' འཕྲུལ་རིག་གིས་ སོ་ནམ་བཟོ་སྐྲུན། བཟོ་གྲྭ་འཕྲུལ་ཁང་། ལྟ་བཤལ། དངུལ་ཁང་། ཚོང་འབྲེལ་ཚུ་གི་ནང་ལས་ཕར་ ཐོན་ཤུགས་དང་འཇོན་ཐང་ཡར་དྲག་གཏངམ་ཨིན། ཚོང་ལས་ཚུ་གིས་ ཟད་འགྲོ་མར་ཕབ་འབད་ཐོག་ལས་ སྤུས་ཚད་ཅན་གྱི་ཅ་ཆས་དང་ཞབས་ཏོག་ཚུ་ མང་སུ་སྦེ་བཏོན་ཚུགས། དེ་མ་ཚད་ ཌི་ཇི་ཊཱལ་འཕྲུལ་རིག་ཚུ་གིས་ ལཱ་གཡོག་གི་གོ་སྐབས་གསརཔ་བཟོ་སྟེ་ ཚོང་འབྲེལ་ལུ་ཡང་རྒྱབ་སྐྱོར་འབདཝ་ཨིན་པས། '''ཁ། བརྒྱུད་འབྲེལ་གནས་སྟངས་ཡར་དྲག།''' འགྲུལ་འཕྲིན་དང་གློག་རིག་ཡོངས་འབྲེལ་ མི་སྡེ་བརྡ་བརྒྱུད་ཚུ་གིས་ འབྲེལ་བ་འཐབ་ནི་འདི་མགྱོགས་དྲགས་དང་ སྟབས་བདེ་ཏོག་ཏོ་བཟོ་ཡོདཔ་ལས་ ས་ཐག་རིང་ཐུང་ལུ་མ་བལྟ་བར་ འདི་འཕྲོ་ལས་འབྲེལ་བ་འཐབ་ཚུགསཔ་བཟོ་ཡོདཔ་ཨིན། '''ག། ཤེས་ཡོན་གནས་ཚད་ཡར་རྒྱས།''' ཡོངས་འབྲེལ་ཐོག་ལས་ ལྷབ་སྦྱང་འབད་ནིའི་ལམ་ལུགས་དང་། གློག་རིག་དཔེ་མཛོད་ཚུ་གིས་ སློབ་ཕྲུག་ཚུ་གིས་ ལྷབ་སྦྱང་གི་མཐུན་རྐྱེན་ཚུ་ནམ་འབད་རུང་ ག་ཏེ་ལས་འབད་རུང་ ལག་ལེན་འཐབ་ཚུགསཔ་སྦེ་བཟོ་ཡོདཔ་ཨིན། '''ང་། གསོ་བའི་ཞབས་ཏོག་ཡར་དྲག།''' སྨན་བཅོས་འཕྲུལ་ཆས་ཚུ་གིས་ ནད་གཞི་ཚུ་གསལ་ཏོག་ཏོ་སྦེ་ངོས་ཛིན་འབད་ཚུགསཔ་མ་ཚད་ རྒྱང་རིང་གསོ་བའི་ཞབས་ཏོག་གིས་ མཐའ་ཟུར་གྱི་མི་སེར་ཚུ་ཐག་རིང་ས་ལུ་འགྱོ་མ་དགོ་པར་ མཁས་མཆོག་ཚུ་དང་གཅིག་ཁར་ བསྟུན་གྲོས་འབད་ཚུགསཔ་བཟོ་ཡོདཔ་ཨིན། '''ཅ། འཛིན་སྐྱོང་ནུས་པ་ཅན།''' གཞུང་གིས་ གློག་ཐོག་འཛིན་སྐྱོང་དང་ གློག་ཐོག་སྐྱེལ་སྤྲོད་ལམ་ལུགས་ཚུ་ལག་ལེན་འཐབ་ཐོག་ལས་ མི་དམངས་ཞབས་ཏོག་ཚུ་དྭངས་གསལ་དང་ སྟབས་བདེ་ཏོག་ཏོ་སྦེ་བྱིན་ཚུགསཔ་བཟོ་ཡོདཔ་ཨིན། '''ཆ། སོ་ནམ་ཡར་རྒྱས།''' ཆུ་གཡུར་བཏོན་ནིའི་འཕྲུལ་ཆས་དང་། གནམ་གཤིས་ལྟ་རྟོག་ལག་ཆ་རྒྱང་འཛིན་འཕུར་འཕྲུལ་ཚུ་གིས་ སོ་ནམ་པ་ཚུ་གི་ཐོན་སྐྱེད་ཡར་དྲག་དང་ ཞིང་སྟོང་མར་ཕབ་འབད་ནི་ལུ་ཕན་ཐོགས་ཡོདཔ་ཨིན། '''ཇ། རྒྱལ་ཁབ་གོང་འཕེལ།''' འཕྲུལ་རིག་གིས་གསར་གཏོད་དང་ཉམས་ཞིབ་ གཞི་རྟེན་མཐུན་རྐྱེན་ཡར་རྒྱས་གཏང་ནི་ལུ་གྲོགས་རམ་འབད་དོ་ཡོདཔ་ལས་ འཛམ་གླིང་ནང་རྒྱལ་ཁབ་ཚུ་དང་འགྲན་བསྡུར་འབད་ནིའི་ནུས་པ་ཡར་དྲག་འགྱོཝ་ཨིན། '''༣. འབྲུག་གི་འཕྲུལ་རིག་གི་ད་ལྟོའི་གནས་ཚད་དང་བྱ་བ།''' '''༣.༡ འབྲུག་གི་རྒྱལ་ཡོངས་གློག་ཐོག་ངོ་རྟགས་རྒྱ་སྐྱེད།''' འབྲུག་རྒྱལ་ཁབ་ཀྱིས་ རྒྱལ་ཡོངས་གློག་ཐོག་ངོ་རྟགས་ལམ་ལུགས་གཞི་བཙུགས་འབད་དེ་ མི་སེར་ཚུ་གིས་ གཞུང་དང་སྒེར་གྱི་ཞབས་ཏོག་ཚུ་ གློག་ཐོག་ལས་ཉེན་སྲུང་དང་ལྡན་པའི་སྒོ་ལས་ ལག་ལེན་འཐབ་བཅུགཔ་ཨིན། འབྲུག་རྒྱལ་ཁབ་འདི་ གུས་ཞབས་ཀྱི་ཐོག་ལས་ ངོ་རྟགས་སྒྲིང་སྒྲི་བཟོ་ནི་ལུ་ འཛམ་གླིང་ནང་ དཔེ་སྟོན་བཟང་པོ་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན། === '''གལ་གནད།''' === ·           མི་དམངས་ཞབས་ཏོག་ཚུ་ འཇམ་ཏོང་ཏོ་སྦེ་འཐོབ་ཚུགས་ནི། ·           གློག་ལམ་ཉེན་སྲུང་དང་ ངོ་རྟགས་བདེན་དཔྱད་ཡར་དྲག་བཟོ་ནི། ·           ཡིག་ཆའི་ལཱ་དང་ འཛིན་སྐྱོང་ཟད་འགྲོ་མར་ཕབ་འབད་ནི། ·           མི་སེར་ག་ར་ལུ་ གློག་ཐོག་ཞབས་ཏོག་ཚུ་འཐོབ་ཚུགསཔ་བཟོ་ནི། '''༣.༢ འབྲུག་རྒྱལ་ཁབ་འདི་ ལོ་ ༥ ནང་ འཛམ་གླིང་གི་རྒྱལ་ཁབ་ ༥༠ གི་ གློག་ཐོག་མི་དམངས་གཞི་རྟེན་མཐུན་རྐྱེན་ལས་རིམ་ནང་འཛུལ་ཞུགས་འབད་ནི།''' སྤྱི་ལོ་ ༢༠༢༦ ལུ་ འབྲུག་རྒྱལ་ཁབ་ཀྱིས་ ལོ་ ༥ གི་ནང་འཁོད་ རྒྱལ་ཁབ་ ༥༠ གི་ ལས་རིམ་ནང་འཛུལ་ཞུགས་འབད་དེ་ རྒྱལ་ཁབ་ནང་ཉེན་སྲུང་ལྡན་པའི་ གློག་ཐོག་མི་དམངས་གཞི་རྟེན་ཡར་རྒྱས་གཏང་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན། འདི་གིས་ གཞུང་གི་ཞབས་ཏོག་དང་ གློག་ཐོག་དངུལ་སྤྲོད་ དེ་བཟུམ་སྦེ་ ངོ་རྟགས་འཛིན་སྐྱོང་ཚུ་ལུ་ཕན་ཐོགས་ཚུགསཔ་ཨིན། === '''གལ་གནད།''' === ·           འབྲུག་གི་གློག་ཐོག་བསྒྱུར་བཅོས་ཀྱི་ལཱ་ཚུ་ མགྱོགས་སུ་གཏང་ནི། ·           མི་དམངས་ཞབས་ཏོག་གི་ སྤུས་ཚད་དང་ནུས་པ་ཡར་དྲག་གཏང་ནི། ·           དེང་སང་དཔལ་འབྱོར་དང་ གསར་གཏོད་ལུ་རྒྱབ་སྐྱོར་འབད་ནི། '''༣.༣ རྒྱལ་ཡོངས་འཕྲུལ་རིག་ཞལ་འཛོམས་དང་ བཅོས་མ་རིག་རྩལ་ལུ་གཙོ་བོར་བཟུང་བ།''' འབྲུག་ལུ་ རྒྱལ་ཡོངས་འཕྲུལ་རིག་ཞལ་འཛོམས་དང་འགྲེམས་སྟོན་འདི་ ༢༠༢༦ ལུ་འགོ་འདྲེན་འཐབ་ཡོདཔ་དང་། འདི་ནང་གཞུང་གི་ལས་སྡེ་དང་། ཤེས་ཡོན་གཙུག་ལག་ལས་སྡེ། ཚོང་ལས་ཚུ་གིས་ གློག་རིག་འཕྲུལ་རིག་གསརཔ་ཚུ་གི་སྐོར་ལས་གསུང་གྲོས་གནང་ཡོདཔ་མ་ཚད་ བཅོས་མ་རིག་རྩལ་འདི་ རྒྱལ་ཁབ་གོང་འཕེལ་ནང་ག་དེ་སྦེ་ལག་ལེན་འཐབ་ནི་ཨིན་ན་གི་སྐོར་ལས་ ལཱ་འབད་སའི་ས་གོ་ཚུ་ནང་འགོ་འདྲེན་འཐབ་སྟེ་ཡོད། === '''གལ་གནད།''' === ·           གསར་གཏོད་དང་ ཚོང་ལས་འགོ་བཙུགས་ནི་ལུ་ སྐུལ་མ་འབད་ནི། ·           ན་གཞོན་ཚུ་ འཕྲུལ་རིག་ལས་སྡེ་ནང་བཅའ་མར་གཏོགས་བཅུག་ནི། ·           ཤེས་ཡོན་ཐོག་ལས་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ རྒྱབ་སྐྱོར་འབད་ནི། === '''༤. འབྲུག་ལུ་འཕྲུལ་རིག་གི་དཀའ་ངལ།''' === འབྲུག་རྒྱལ་ཁབ་ནང་ འཕྲུལ་རིག་འདི་ཡར་རྒྱས་འགྱོ་དོ་ཡོད་རུང་ འབྲུག་ལུ་འཕྲུལ་རིག་དང་འབྲེལ་བའི་ དཀའ་ངལ་ལེ་ཤ་ཅིག་ར་འཐོན་དོ་ཡོདཔ་ཨིན། '''ཀ། གློག་ལམ་ཁྱད་པར།''' ས་གནས་མཐའ་ཟུར་ཚུ་ནང་ གློག་རིག་ཡོངས་འབྲེལ་་དང་ གློག་རིག་གཞི་རྟེན་མཐུན་རྐྱེན་ལེགས་ཤོམ་མེདཔ་ལས་ གྲོང་གསེབ་ཀྱི་མི་སེར་ཚུ་ལུ་ ཤེས་ཡོན་དང་གཞུང་གི་ཞབས་ཏོག་འཐོབ་ནི་ལུ་ ཁྱད་པར་འཐོན་དོ་ཡོདཔ་ཨིན། ཕོག་ཐེངས། གྲོང་གསེབ་ཀྱི་མི་སེར་ཚུ་ལུ་ གོ་སྐབས་ཉུང་སུ་སྦེ་འཐོབ་ནི་དང་། ཤེས་ཡོན་འདྲ་མཉམ་འཐོབ་མ་ཚུགས་པར་ཡོདཔ་ཨིན། '''ཁ། གློག་ལམ་ཉེན་ཁ།''' ཞབས་ཏོག་ཚུ་གློག་ཐོག་ལུ་འགྱུར་བའི་བསྒང་ལས་ རྐུ་སྤྱོད་དང་ཕི་ཤིང་། དེ་བཟུམ་སྦེ་ ངོ་རྟགས་དང་གནས་སྡུད་བརྐུ་ནིའི་ཉེན་ཁ་ཚུ་ ཡར་འཕར་འགྱོ་དོ་ཡོདཔ་ཨིན། ཕོག་ཐེངས། རང་དབང་གི་གནས་ཚུལ་ཚུ་ལུ་ ཉེན་ཁ་འཐོན་ནི་དང་། གཞུང་དང་ཚོང་ལས་ཀྱི་ལཱ་ཚུ་ལུ་ བར་ཆད་རྐྱབ་ཨིན། '''ག། འཕྲུལ་རིག་མཁས་མཆོག་མ་ལངས་པའི་དཀའ་ངལ།''' འབྲུག་ལུ་ མཉེན་ཆས་བཟོ་མི་དང་། གློག་ལམ་ཉེན་སྲུང་མཁས་པ། བཅོས་མ་རིག་རྩལ་གྱི་མཁས་མཆོག་ཚུ་ རྒྱལ་ཁབ་ནང་བཞག་ནི་ལུ་ དཀའ་ངལ་ཡོདཔ་ཨིན། ཕོག་ཐེངས། ཕྱི་རྒྱལ་ཁབ་ཀྱི་མཁས་པ་ཚུ་ལུ་བརྟེན་དགོཔ་འཐོན་ནི་དང་། ནང་འཁོད་ཀྱི་གསར་གཏོད་ལཱ་ཚུ་ལུ་ ཉེན་ཁ་འཇམ་ཏོང་ཏོ་སྦེ་འབྱུང་སྲིད་ནི་ཨིན། '''ང། གཞི་རྟེན་མཐུན་རྐྱེན་གྱི་ཟད་འགྲོ་མཐོ་བ།''' གློག་རིག་ཡོངས་འབྲེལ་གྱི་དྲ་བ་དང་ གནས་སྡུད་ལྟེ་བ་ཚུ་བཟོ་ནི་དང་འཛིན་སྐྱོང་འབད་ནི་ལུ་ མ་རྩ་གཞི་བཙུགས་སྦོམ་དགོཔ་ཨིན། ཕོག་ཐེངས། གཞུང་གི་ལས་འཆར་ཚུ་ལུ་ དངུལ་འབྲེལ་གྱི་དཀའ་ངལ་འཐོན་ནི་དང་། ཞབས་ཏོག་རྒྱ་སྐྱེད་གཏང་ནི་ལུ་ དུས་ཡུན་འགོརཝ་ཨིན། === '''ཅ། གློག་རིག་ཤེས་ཡོན་གྱི་གནོད་པ་སྦོམ།''' === མི་སེར་རྒན་ཤོས་ཚུ་དང་ གྲོང་གསེབ་ཀྱི་མི་སེར་ཚུ་ལུ་ འཕྲུལ་རིག་ལག་ལེན་འཐབ་ནི་གི་ རིག་རྩལ་མ་ལངས་པའི་དཀའ་ངལ་ཡོད། ཕོག་ཐེངས། གློག་ཐོག་ཞབས་ཏོག་ལག་ལེན་འཐབ་མི་མར་འབབ་འགྱོ་ནི་དང་། ཡོངས་འབྲེལ་ཐོག་ལས་ མགུ་སྐོར་ནང་ཚུད་ནི་གི་ཉེན་ཁ་སྦོམ་ཡོདཔ་ཨིན། === '''ཆ། མི་སྡེ་བརྡ་བརྒྱུད་དང་གནས་ཚུལ་རྫུན་མ།''' === མི་དམངས་ཀྱིས་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་མི་ མང་སུ་སྦེ་འགྱོཝ་དང་གཅིག་ཁར་ བདེན་པ་མེད་པའི་གནས་ཚུལ་རྫུན་མ་དང་ ཡོངས་འབྲེལ་ཐོག་ལས་གནོད་འཚེ་བཀལ་ནི་ཚུ་  ཡར་སེང་འགྱོ་དོ་ཡོདཔ་ཨིན། ཕོག་ཐེངས། མི་དམངས་ལུ་མགོ་འཐོམ་བཅུག་ནི་དང་། མི་སྡེ་ནང་མ་འགྲིགསཔ་བཟོ་ནི་གི་ཉེན་ཁ་ཚུ་ཡང་ཡོདཔ་ཨིན། '''ཇ། དེང་སང་ཡར་རྒྱས་དང་ ལམ་སྲོལ་ཉམས་སྲུང་གཉིས་ཆ་སྙོམས་བཟོ་ནི།''' འབྲུག་རྒྱལ་ཁབ་ཀྱིས་ ལམ་སྲོལ་ཉམས་སྲུང་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ གཙོ་བོར་གཟུངམ་ཨིན། འཕྲུལ་རིག་མགྱོགས་དྲགས་སྦེ་ཡར་རྒྱས་འགྱོ་མི་གིས་ ལམ་ལུགས་ལེགས་ཤོམ་སྦེ་ མ་བཟོ་བ་ཅིན་ ང་བཅས་ཀྱི་སྔར་སྲོལ་བཟང་པོ་ཚུ་ལུ་ གནོད་ནི་གི་ཉེན་ཁ་ཡོདཔ་ཨིན། ཕོག་ཐེངས། སྔར་སྲོལ་ལམ་ལུགས་ཚུ་ ཉམས་འགྱོ་ནིའི་ཉེན་ཁ་དང་། མ་འགྲིགས་པའི་བརྡ་དོན་ཚུ་ལུ་ གདོང་ལེན་འབད་དགོཔ་ཡང་འཐོན་ནི་ཨིན། === '''༥. མཇུག་བསྡུ།''' === འཕྲུལ་རིག་འདི་ དཔལ་འབྱོར་གོང་འཕེལ་དང་ འཛིན་སྐྱོང་ཡར་དྲག། ཤེས་ཡོན་དང་གསོ་བའི་ཞབས་ཏོག་ཡར་རྒྱས་གཏང་ནི་གི་དོན་ལུ་ ཁག་ཆེ་བའི་ལག་ཆ་བཟུམ་ཅིག་ཨིན། འབྲུག་རྒྱལ་ཁབ་ཀྱིས་ རྒྱལ་ཡོངས་གློག་ཐོག་ངོ་རྟགས་དང་ གློག་ཐོག་མི་དམངས་གཞི་རྟེན། དེ་བཟུམ་སྦེ་ བཅོས་མ་རིག་རྩལ་ཚུ་གི་ཐོག་ལས་ ཡར་རྒྱས་སྦོམ་བཟོ་ཡོདཔ་ཨིན། དེ་འབད་རུང་ གློག་ལམ་ཁྱད་པར་དང་ཉེན་སྲུང་གི་ཉེན་ཁ། ཤེས་ཡོན་གྱི་ཁྱད་པར་ཚུ་སེལ་ཐབས་འབད་དེ་ འཕྲུལ་རིག་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དང་མཐུནམ་སྦེ་ལག་ལེན་འཐབ་པ་ཅིན་ འབྲུག་རྒྱལ་ཁབ་འདི་ རྒྱུན་བརྟན་དང་གསར་གཏོད་ཅན་གྱི་མ་འོངས་པའི་ནང་ གློག་རིག་སྟོབས་ཅན་ཅིག་བཟོ་ཚུགས་ནི་ཨིན་པས། [[Category:འཕྲུལ་རིག།]] tfs5h0ep6weon52sewqunu6xsgcrz6n